CLOSE WINDOW

GT242: dpal 'khor lo sdom pa'i dkyil 'khor gyi lha tshogs la bstod pa zhes bya ba
Wyliee-texts produced with BDRC’s OCR application

པཎྜི་ཏ་བྷུ་རཱ་ཀ་ལ་ཤྱས་མཛད་པ་རྫོགས།། ཞུ་ཆེན་གྱི་ལ་སྨཻ་པ་བསོད་ནམས་བཟང་པོས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་ཙཀྐ་སམྦ་ར་མཎྜ་ལ་དེ་བ་གེ་ཎ་སྟོ་ཏྲན་མ། བོད་སྐད་དུ། དཔལ་འཁོར་ལོ ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། ལྷ་མོ་འཁོར་ལོ་དང་ལྡན་པའི།། མཁའ་འགྲོ་དཔའ་བོ་དཔའ་མོ་དང་།། དག་པའི་ཆོས་ཀྱི་དྲི་མེད་པ།། ཁྲག་འཐུང་མགོན ་ལ་ཕྱག་འཚལོ།། དེ་བཞིན་གཤེགས་པ་ཀུན་གྱི་དཔལ།། རྣམ་པར་སྣང་མཛད་རིགས་ལས་བྱུང་།། སུམ་ཅུ་རྩ་བདུན་ཡང་དག་སྤྲོ།། རྡོ་རྗེ་ཕག་མོ་ཕྱག་འཚལོ།། ལུས་དང་ཚེར་དང་སེམས་དང་ཆོས།། དྲན་པ་ཉེ་བར་གཞག་པའི ་དངོས།། མཁའ་འགྲོ་ལཱ་མ་དུམ་སྐྱེས་མ།། གཟུགས་ཅན་མ་ལ་ཕྱག་འཚལོ།། པདྨའི་དབུས་ཀྱི་བཅོམ་ལྡན་འདས།། ཕྱོགས་ཀྱི་ལྷ་མོ་ཆེན་མོ་བཞི།། མཚམས་ཀྱི་ངག་ནི་སྣོད་བཞི་པོ།། ཞལ་བཞི་དག་ལ་ཕྱག་འཚལོ།། སེན ་མོ་སོ་ལ་ཐོང་དུམ་གནས།། འདུན་པོའི་རྫུ་འཕྲུལ་རྐང་གང་བ་བྱེད།། རབ་གཏུམ་མོ་ནི་མགོ་ལ་གནས།། པྲེ་ཝཾ་ར་མར་ཕྱག་འཚལ་བསྟོད།། ཀེང་རུས་ཆེན་པོ་ཡང་དག་བཞུགས།། གཏུམ་མིག་མ་ནི་སྒྲ་དང་སྤྲོ།། བརྩོན་འགྲུས ་འཕྲུལ་སྤྱི་གཙུག་ལ།། ཛྭ་ལན་དྷ་རར་ཕྱག་འཚལ་བསྟོད།། དཔའ་མོ་པགས་པ་དྲི་མ་དང་། དཔྱོད་པའི་རྫུ་འཕྲུལ་ཀེང་རུས་ཅན།། འོད་ལྡན་མ་ནི་རྣ་གཡས་གནས།། ཨོཾ་ཌི་ཡ་ནོར་ཕྱག་འཚལ་བསྟོད། ་ཨནྡྲ་ད་ནི་རྒྱབ་ཚིགས་ལ།། སྣ་ཆེན་མ་ནི་རྣལ་འབྱོར་མ།། ཤ་ལ་མཆེ་གཙིགས་སེམས་རྫུ་འཕྲུལ།། བདེ་བའི་གནས་ལ་ཕྱག་འཆལ་བསྟོད།། ལྷ་མོ་རྩ་དང་རྒྱུས་པ་ལ།། དད་པའི་དབང་པོ་དཔའ་བོ་ལ།། རྣ་བ་དག་ནི་གཡོན་པ་ལ ་ཉེ་བའི་གནས་ལ་ཕྱག་འཚལ་བསྟོད།། བརྩོན་འགྲུས་དབང་པོ་ཉེ་བའི་གནས།། འོད་དཔག་མིང་ནི་རུས་པ་ལ།། མིའུ་ཐུ་ང་མ་ནི་སྨིན་མའི་དབུས།། མར་མེ་མ་ལ་ཕྱག་འཚལོ།། མཆིན་པ་ལ་ནི་དྲན་དབང་པོ།། ལང་ཀའི་དབང ་ཕྱུག་རྡོ་རྗེའི་འོད།། དེ་བི་ཀོ་ཊི་མིག་གཉིས་ལ།། ཉེ་བའི་གནས་ལ་ཕྱག་འཚལོ།། ཏིང་འཛིན་དབང་པོ་ཤིང་གྲིབ་མ།། ཕྲག་པ་ལ་ནི་ཉེ་བའི་གནས།། སྙིང་ག་ལ་ནི་རྡོ་རྗེའི་སྐུ།། མཱ་ལ་བར་ནི་ཕྱག་འཚལོ།། ཐུགས་ཀྱི་འཁོར་ལོའི ་གནས་འདི་དག། མཁའ་ལ་སྤྱོད་པའི་རྣམ་དག་པ།། ཕྱོགས་དང་མཚམསུ་ནག་པོར་ཞུགས།། དེ་ལ་རྟག་ཏུ་ཕྱག་འཚལྷོ།། ཤེས་རབ་དབང་པོས་སྲུངས་མ།། མཚན་ཁུང་ལྔ་ནི་གནས་པ་སྟེ།། མྱུ་གུ་ཅན་ནི་མིག་ལ་གནས།། ཀཱ ་མ་རུ་པར་ཕྱག་འཚལོ།། ངང་པོའི་སྟོབས་ནི་འཇིགས་བྱེད་ཆེ།། ནུ་མ་ལ་ནི་གནས་པ་སྟེ།། མཁྲིས་པ་རྡོ་རྗེ་རལ་པ་ཅན།། ཨོཾ་ཊེར་ཞིང་ལ་ཕྱག་འཚལོ།། བརྩོན་འགྲུས་སྟོབས་ནི་རླུང་ཤུགས་མ།། ལྟེ་བ་ལ་ནི་གནས་པ་སྟེ།། གློ་བ་ལ ་ནི་དཔའ་བོ་ཆེ།། ཏྲི་ཤ་ཀུ་ནེར་ཕྱག་འཚལོ།། དྲན་པའི་སྟོབས་ནི་ཆང་འཐུང་མ།། སྣ་རྩེ་ལ་ནི་རབ་ཏུ་གནས།། རྒྱུ་མ་རྡོ་རྗེ་ཧཱུཾ་མཛད་དེ།། ཀོ་སར་ཉེ་ཞིང་ཕྱག་འཚལོ།། ཏིང་འཛིན་སྟོབས་ནི་སྔོ་བསངས་མ།། ཚན་དོ་ཧ་ནི་ཁ་ལ ་བཞུགས།། གཉེ་མ་ལ་ནི་རབ་ཏུ་བཟང་།། ཀ་ལིང་ག་ལ་ཕྱག་འཚལོ།། ཤིན་ཏུ་བཟང་མོ་ཤེས་རབ་སྟོབས།། ཚནྡོ་ཧ་ནི་མགྲིན་པའི་དབུས།། གྲོང་པ་ལ་ནི་རྡོ་རྗེ་བཟང་།། ལམྦ་ཀ་ལ་ཕྱག་འཚལོ།། ཏིང་འཛིན་ཡན་ལག ་རྟ་རྣམ།། ཀཱཉྩིར་སྙིང་ལ་གནས་པ་སྟེ།། བཤང་བ་ལ་ནི་འཇིགས་བྱེད་ཆེ།། ཉེ་ཆེན་ངོ་ལ་ཕྱག་འཚལོ།། ཧི་མཱ་ལ་ཡར་མཚན་མའི་རྩེ།། བརྩོན་འགྲུས་ཡང་དག་བྱ་གདོང་མ།། གསང་བའི་སྦུབས་ལ་མིག་མི་བཟུང་།། ཉེ་ཚན ་དོ་ལ་ཕྱག་འཚལོ།། གསུང་གི་འཁོར་ལོར་ཡང་དག་གནས།། སཽ་སྤྱོད་ཏིང་འཛིན་ཡང་དོག་གནས།། ཁ་དོག་དམར་པོ་ཕྱོགས་མཚམས་ན།། ཡང་དག་བཞུགས་ལ་ཕྱག་འཚལོ།། པྲེ་ཏ་མཚན་མ་འཁོར་ལོ་ཤུགས།། ་དགའ་བ་ཡང་དག་བྱང་ཆུབ་ལམ།། བད་ཀན་ལ་ནི་སྟོབས་པོ་ཆེ།། འདུ་བ་ཅན་ལ་ཕྱག་འཚལོ།། གྲྀ་ཧ་བཤང་ལམ་དུམ་སྐྱེས་བཞུགས།། ཤིན་ཏུ་སྦྱངས་པ་བྱང་ཆུབ་ལམ།། རྣག་ལ་རིན་ཆེན་རྡོ་རྗེ་སྟེ།། འདུ་བ་ཅན་ལ ་ཕྱག་འཚལོ།། སཽ་རཧཱི་བརླ་གཉིས་ལ།། ཉེ་བར་གནས་པའི་འདུ་ཅན་དུ།། ཆོས་རབ་འབྱེད་པ་ཆང་འཚོང་མ།། རྟ་མགྲིན་ཁྲག་ལ་ཕྱག་འཚལོ།། གསེར་གླིང་དག་ནི་བྱིན་པ་ལ།། དྲན་པ་འཁོར་ལོའི་གོ་ཆ་མ།། རྡུལ་ནི་ནམ ་མཁའི་སྙིང་པོ་སྟེ།། ཉེ་བའི་འདུལ་ཕྱག་འཚལོ།། ཤིན་ཏུ་དཔའ་མོས་ལེགས་པར་འཁྱུད།། བཏང་སྙོམས་ཡང་དག་སོར་མོ་ལ།། ཚིལ་ནཾ་ཧེ་ར་ཀ་དཔལ་ཏེ།། དུར་ཁྲོད་གྲགས་ལ་ཕྱག་འཚལ། ་སིམྦྷ་རྐང་པའི་བོལ་ལ་ནི།། ཡང་དག་ལྟ་བཾ་སྟོབས་ཚན་མེ།། མཆིན་པ་པདྨ་གར་དབང་ཕྱུག། དུར་ཁྲོད་གྲགས་ལ་ཕྱག་འཚལོ།། མཆིལ་མ་དཔའ་བོ་རྣམ་སྣང་མཛད།། འཁོར་ལོ་སྒྱུར་བཾ་ཡང་དག་རྟོག། མཐེ་བོང་གཉིས་ལ ་ཉེ་དུར་ཁྲོད།། མ་ནོར་གནས་ལ་ཕྱག་འཚལ་ལོ།། ཀུ་ལུ་ཏཱ་ར་ནི་ཡང་དག་ངག། བརྩེན་ཆེན་མ་ནི་པུས་མོ་ལ།། སྣརུབས་ལ་རྡོ་རྗེ་སེམས་དཔའ་སྟེ།། ཉེ་དུར་ཁྲོད་ལྀ་ཕྱག་འཚལོ།། འདི་ནི་སྐུ་ཡི་འཁོར་ལོ་སྟེ།། ས་འོག་སྤྱོད་པར ་གནས་པ་ཡིན།། ཕྱོགས་དང་མཚམས་ན་དཀར་པོར་གནས།། དེ་ལ་རྟག་ཏུ་ཕྱག་འཚལོ།། ཡང་དག་ལས་དང་འཆི་བ་དང་།། ཡང་དག་རྩོལ་བ་དྲན་པ་དག། ཁྭ་དང་འུག་པ་ཁྱི་དང་ཕག། སྒོམ་བཞི་ལ་ཕྱག་འཚལོ།། ཡང་དག ་སྤོང་བཞི་རྣམ་དག་པོ།། གཤིན་རྗེ་བརྟན་མ་ཕོ་ཉ་མོ།། གཤིན་རྗེ་མཆོམ་གཤིན་རྗེ་འཇོམས།། མཚམས་མ་བཞི་ལ་ཕྱག་འཚལོ།། བསམ་གཏན་དཀྱིལ་འཁོར་བསྲུང་དོན་དུ།། འདི་བརྒྱད་ཀྱིས་ནི་བགེགས་སྦྱངས།། ་བདེ་མཆོག་འཁོར་ལོ་བསྟོད་པ་ཡིས།། དགེ་བས་བདུད་བཞིའི་དགྲ་བཅོམ་སྟེ།། ལྷ་ཚོགས་ལྷ་མོ་ཁྲིར་གྱུར་ནས།། བསམ་ཚོགས་སྟོབས་མཁན་ལྡན་གྱུར་ཅིག། དཔལ་འཁོར་ལོ་སྡོམ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ ་བསྟོད་པ་ཞེས་བྱ་བ་ཁ་ཆེའི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་མཛད་པ་རྫོག་སོ།། །། མ་ཧཱ་ཛྙཱ་ན་དང་། མྱུར་པ་ཆོས་ཀྱི་དབང་ཕྱུག་གི་བསྒྱུར།། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦྷ་ར་སྟོ་ཛྫ། བོང ་