| Wylie | e-texts produced with BDRC’s OCR application |
བློ་དང་ལྡན་པ་ལུས་ཀྱི་རི་བོང་དང་རང་གི་མཐར་བལྟས་ཏེ་ཟླ་བ་ལ་སོན་པ་དཀར་པོ་དང་། སེར་པོ་དང་སྔོན་པོའི་བདག་ཉིད་རྣམས།། ཟླ་བ་མཛེས་བུའི་ནུ་མ་ཟུང་གི་དབུསུ་གཅིག་ཏུ་གྱུར་པའི་པྲཾ་ཡིག་ལས་སྐྱེས་པའི་འོད་ཟེར་རྫོགས ་པས་རང་གི་ལུས་ཡོངསུ་གདེ་བར་བསམས་ནས་རང་གི་ལྷ་མོའི་ཚོགས་དེ་བཞིན་དུ་ཡང་སྤྲོ་བ་དང་བསྡུ་བའི་ཆོ་གས་ཡང་དག་པར་བསྐྱེད་ནས་གང་གི་ཚེ་ངལ་ན་དེའི་ཚེ་མུ་ཏིག་གི་ཕྲེང་བ་བཞིན་དུ་བརྟན་ཞིང་འོད་ཟེར་ཤིན་ཏུ་གྱ་ཆེན་པོ་རབ་ཏུ་འབར་བས ་རང་གི་སྙིང་གར་ཟླ་བའི་སྟེང་དུ་མཚུངས་པ་མེད་པར་བསམས་ནས་བཟླས་པར་བྱའོ།། འདི་བཞིན་དུ་རྟག་། ཏུ་གུས་པ་དང་བཅས་ཤིང་འཇམ་པ་དུས་མང་པོ་དང་བཅས་པ་མ་ཡིན་པར་བསམ་པ་རྣམ་པར་དག་པསོ།། དེ་ལ་སྔགས་ཀྱི་རྒྱལ་པོ་འདིའོ།། ཨོཾ ་མ་ཎི་དྷཱ་ར་བཛྲི་ཎི་མ་ཧཱ་པྲ་ཏི་ས་རཻ་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱཧཱ་སོ་སོར་འབྲང་མའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐདདུ། ཨཱརྱ་མ་ཧཱ་མ་ཡུ་ར~ཾ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས། འཕགས་མརྨ་བྱ་ཆེན་མོ་ལཱ་ཕྱུག ་འཚལོ།། སྟོན་དུ་གསུངས་པའི་ཚི་ག་འདིས་སྣ་ཚོགས་པདྨ་དང་ཟླ་བ་ས་མ་ཡིག་ལྗང་གུ་ལས་སྐྱེས་པའི་རྨ་བྱ་ཆེན་མོ་སྐུ་མེ་དོག་ལྗང་གུ་ཞལ་གསུམ་པ། ཕྱག་དྲུག་པ། ཞལ་སཽ་ལ་སྤྱན་པ། སུམ་གསུམ། ནག་པོ་དང་། དཀོར་པོ་དག་ནི་གཽ ་དང་གཡོན་གྱི་ཞའོ།། ཕྱག་ཡས་པ་གསུམ་གྱི་གོ་རིམས་ཇི་ལྟ་བ་བཞིན་དུ་རྨ་བྱའི་སྒོ་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་རྒྱའོ།། དེ་བཞིན་དུ་ཕྱག་གཡོན་པ་གསུམ་ན་རིན་པོ་ཆེའི་ཆུན་པོ་དང་། གཞུ་དང་པདྨ་གནས་པའི་བུམ་པའོ།། རྒྱན་རྩ ་ཀྱིས་བརྒྱན་པ་ལང་ཚོ་གཞོན་ཞིང་སྒེག་པའི་ཉམས་དང་ལྡན་པ། ཟླ་བའི་འོད་ཟེར་དང་ལྡན་ཞིང་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་དུ་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་དེའི་སྤྱི་བོ་དང་མགྲིན་པ་དང་། སྙིང་ག་དག ་བ་ལ་གནས་པའི་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་ཨོཾ་ཨཱཿམི་ཧཱུཾ་ཞེས་པའི་ཡི་གེ་བཞི་པོ་རྣམ་པར་བསྒོམས་ནས་སྤྲོ་བ་དང་བསྡུ་བ་བྱས་ཏེ། དེ་ནས་སྔགས་བཟླས་པར་བྱའོ།། ཨོཾ་མ་ཧཱ་མཱ་ཡུ་རཱི་བིདྱཱ་རཱ་ཛཱི་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱརྨ་བྱ་ཆེན་མོའི་སྒྲུབ་ཐབ། ་རྫོག་སོ།། ། རྒྱ་གར་སྐདདུ། ཨཱརྱ་མ་ཧཱ་སྭཱ་ཧཱ་སྲ་པྲེ་མ་ར་དྷ་ནཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྡོང་ཆེན་མོ་རབ་ཏུ་འཇོམ་སྔ་མའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་པོ་རབ་ཏུ་འཇོམས་མ་ལ་ཕྱག་འ་ཚའོ།། སྔོན་དུ་གསུངས་པའི་ཆོ་གས་སྣོ ་པདྨ་དང་ཟླ་བ་ལ་བྷྲཱུཾ་ཡིག་ལས་བྱུང་པོའི་སྙིང་ཆེན་མོ་རབ་ཏུ་འཇོམས་མར་བདག་ཉིད་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་མོ། ཞལ་གཅིག་པ། ཕྱག་དྲུག་པ། གཡས་ཀྱི་ཕྱག་གསུམ་ན་རལ་གྲི་དང་མདའ་དང་མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གྱི་ཕྱ་གསུམ ་ན་གཞུ་དང་ཞགས་པ་དང་དགུ་སྟའོ།། རྒྱན་སྣ་ཚོགས་པས་བརྒྱན་པ། ལང་ཚོ་གཞོན་ཞིང་སྒེག་པའི་སྒོ་ཉམས་དང་ལྡན་པ། རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན་ཅན་པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང་འོད་དང་ལྡན་པོའོ།། འཕགས་མ་སྟོང་ཆེན་མོ་རབ་ཏུ ་འཇོམས་མའི་སྒྲུབ་ཐབས་རྫོགས།། ། རྒྱ་གར་སྐ་དུ། ཨཱརྱ་མ་ཧཱ་མནྟ་ཨ་ནུ་དྷ་རི་ཎཱ~ཾ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་གསང་སྔགས་ཆེན་མོ་རྗེ་སུ་འཛིན་མའི་སྒྲུབ་ཐབས། འཕགས་མ་གསང་སྟེགས་ཆེན་མོ་རྗེསུ་འཛིན་མ་ལ་ཕྱག ་