| Wylie | e-texts produced with BDRC’s OCR application |
རྩིབས་ཀྱི་རྒྱུ་མདུད་དང་བཅས་པར་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པཱ་ལ་ཧ་རིར་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜལ་སྠོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་འཁོར ་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལོ།། མགོན་པོ་དཔའ་པོ་ཀུན་བདག་ཉིད།། མཁའ་འགྲོ་མ་ཀུན་བདག་ཉིད་དོ།། འཁོར་ལོ་དགའ་བ་བཞི་རུ་གྲགས།། སྐད་ཅིག ་བསྙེན་སོགས་ངོ་བོ་ཉིད།། མི་ཕྱེད་ན་མཁའ་དང་མཚུངས་པ།། ཞལ་བཞི་གཡས་བརྐྱང་བ་ཡིས་བཞུགས།། ས་དང་ཕ་རོལ་ཕྱིན་དག་པས།། ཕྱག་དང་ཕྱག་མཚན་འཆང་བའི་མཆོག། དེ་བཞིན་ཤེས་དང་ཤེས་དག་པས།། ་ཐོ་དང་མགོ་བོ་ཟླ་ཕྱེད་འཆང་།། མི་བསྐྱོད་པ་དང་དྲག་པོའི་འོད།། གར་གྱི་རོ་དགུའི་ཉམས་དང་ལྡན།། སྲེད་དང་ཞེ་སྡང་རྣམ་དག་པས།། འཇིགས་བྱེད་ཨུ་མའི་སྟེང་ན་བཞུགས།། དཔལ་ལྡན་འཁོར་ལོའི་འདྲེན་པ་ལ།། ་ལུས་ངག་ཡིད་ཀྱིས་ཕྱག་འཚལོ།། ཡེ་ཤེས་འཁོར་ལོའི་ལྟེ་བ་ན།། བདེ་བ་ཆེ་ལ་རྣམ་རོལ་པ།། ཡང་དག་ཏིང་འཛིན་རྣམ་དག་པས།། དཔལ་ལྡན་བདེ་མཆོག་ལ་ཕྱག་འཚལ།། མགོན་པོར་ཡང་དག་འཁྱུད་བཞུགས ་པ།། ཞལ་གཅིག་མོ་ལ་ཚར་དམར་བ།། གྲི་གུག་ཐོད་ལྡན་པདེ་རང་བཞིན།། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ།། དེ་མདུན་ཞི་བ་དགའ་བ་དང་།། ལུས་དྲན་ཉེ་བར་གཞག་ངོ་བོ།། སྐུ་མདོག་ནག་མོ་གྲི་ཐོད་མཚན།། རོར་གནས ་མཁའ་འགྲོ་མར་ཕྱག་འཚལ།། གཡོན་དུ་རྒྱས་དང་མཆོག་དགའ་དང་།། ཚོར་བ་དྲན་པ་ཉེར་གཞག་རིམ།། སྐུ་མདོག་ལྗང་མོ་གྲི་ཐོད་མཚན།། རོར་གནས་ལྔ་མ་ལ་ཕྱག་འཚལ།། ནུབ་ཏུ་དགའ་བྲལ་དགའ་བ་དང་།། ་དབང་དང་སེམས་དྲིན་ཉེར་གཞག་བཞུགས།། སྐུ་མདོག་དམར་མོ་གྲི་ཐོད་མཚན།། རོར་གནས་དུམ་སྐྱེས་མར་ཕྱག་འཚལ།། གཡས་སུ་འགུགས་དང་ལྷན་ཅིག་སྐྱེས།། ཆོས་དྲན་ཉེ་བར་གཞག་པས་བཞུགས།། སྐུ་མདོག ་སེར་མོ་གྲི་ཐོད་འཆང་།། རོར་གནས་གཟུགས་ཅན་ལ་ཕྱག་འཚལ།། ཉི་མའི་དཀྱིལ་འཁོར་ལ་བཞུགས་པ།། ཕྱག་རྒྱ་ལྔ་ཡི་རྣམ་པར་བརྒྱན།། བཅོམ་ལྡན་འདས་ཀྱི་ཞལ་དང་མཚུངས། ་མཁའ་འགྲོ་མ་སོགས་བདག་ཕྱག་འཚལ།། པུལླི་མདུན་དང་མགོ་བོ་དང་།། སོ་དང་སེན་མོ་རྣམ་དག་པས།། ཐུགས་ཀྱི་འཁོར་ལོར་ཐོང་དུམ་དང་།། རབ་གཏུམ་ནག་མོ་ལ་ཕྱག་འཚལ།། ཛཱ་ལནྡྷ་ར་བརྩོན་འགྲུས་སྤྱི། ་སྒྲ་དང་སྤུ་ནི་རྣམ་དག་པས།། ཀེང་རུས་ཀྱིས་འཁྱུད་སྐུ་མདོག་སྔོ།། གཏུམ་མིག་མ་ལ་ཕྱག་འཚལོ།། ཨུ་རྒྱན་དང་ནི་དཔྱོད་པ་དང་།། རྣ་བ་གཡས་དང་པགས་པ་དཱི།། ཀེང་རུས་ཆེན་པོ་དང་ལྷན་ཅིག། འོད་ལྡན་མ་ལ ་ཕྱག་འཚ་ལོ།། ཨནྡྲ་དཱ་དང་སེམས་ལྷག་པ།། ཤ་ཡཾ་ཁམས་ནི་རྣམ་དག་པས།། མཆི་བ་རྣམ་པར་གཙིགས་སྦྱོར་བའོ།། སྣ་ཆེན་མྱ་ལ་ཕྱག་འཚལོ།། གོ་དཱ་བ་རི་རྣ་གཡོན་དང་།། རྩ་རྒྱུས་དང་དབང་བདག་ཉིད་དེ། ་ལྷོ་དགྲ་དང་བཅས་མཁའ་འགྲོ་མ།། དཔའ་བོའི་བློ་མ་ལ་ཕྱག་འཚལ།། རཱ་མེ་ཤྭ་རི་རུས་པ་དང་།། སྨིན་དབུས་བརྩོན་འགྲུས་དབང་པོ་དག། འོད་དཔག་མེད་ལ་ཡང་དག་འཁྱུད།། ལྷ་མོ་མེའུ་ཐུང་ལ་ཕྱག་འཚལ།། དེ་བ ་ཀོ་ཊི་མཆིན་པ་དང་།། མིག་དང་དྲན་པ་རྣམ་དག་པ།། རྡོ་རྗེའི་འོད་ཀྱིས་ཡང་དག་འཁྱུ་ད།། ལང་ཀའི་དབང་ཕྱུག་མར་ཕྱག་འཚལ།། མཱ་ལ་བེ་དང་ཕྲག་པ་སྙིང་།། ཏིང་འཛིན་དབང་པོ་རྣམ་དག་པ།། ལྷ་མོ་རྡོ་རྗེའི་སྐུར་སྦྱོར་བ།། ་ཤིང་གྲིབ་མ་ལ་བདག་ཕྱག་འཚལ།། ཀཱ་མ་རཱ་དང་མཆན་ཁུང་དང་།། མིག་དང་ཤེས་རབ་དབང་བདག་ཉིད།། གསུང་འཁོར་དམར་པོ་མྱུ་གུ་ཅན།། ས་སྲུངས་མ་ལ་ཕྱག་འཚལོ།། ཨོཾ་ཊེ་ནུ་གཉིས་མཁྲིས་པ་དང་།། དད་པའི་སྟོབས ་ནི་རྣམ་དག་པ།། རྡོ་རྗེ་རིལ་པ་ཅན་གྱིས་འཁྱུད།། འཇིགས་བྱེད་ཆེན་མོ་ལ་ཕྱག་འཚལ།། ཏྲི་ཤ་ཀུ་ནེ་ལྟེ་བའི་གནས།། གློ་བ་བརྩོན་འགྲུས་རྣམ་དག་པ།། དཔའ་བོ་ཆེན་པོས་ཡང་དག་འཁྱུད།། རླུང་ཤུགས་མ་ལ་བདག་ཕྱག ་འཚལ།། ཀོ་ས་ལ་དང་སྣ་རྩེ་དང་།། དྲན་དང་རྒྱ་མ་རྣམ་དག་པ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་འཁྱུད་པ།། ཆང་ཐུང་མ་ལ་ཕྱག་འཚལོ།། ཀ་ལིངྒ་དང་ཁའི་ཕྱོགས་དང་།། གཉེ་མ་དང་ནི་ཏིང་འཛིན་སྟོབས།། རབ་ཏུ་བཟང་དང་སྙོམས ་འཇུག་པ།། སྔོ་བསངས་ལྷ་མོ་ལ་ཕྱག་འཚལ།། ལམྦཱ་ཀ་དང་མགྲིན་གནས་དང་།། གྲོང་པ་དང་ནི་ཤེས་རབོ་སྟོབས།། རྡོ་རྗེ་བཟང་གིས་འཁྱུད་བཞུགས་སམ།། ཤིན་ཏུ་བཟང་མོ་ལ་ཕྱག་འཚལ།། ཀཱཉྩི་དང་ནི་སྙིང་ཕྱོགས ་གནས།། བཤང་དང་ཏིང་འཛིན་ཡན་ལག་དག། འཇིགས་བྱེད་ཆེན་པོས་ཡང་དག་འཁྱུད།། རྟ་རྣ་མ་ལ་བདག་ཕྱག་འཚལ།། ཧཾ་མཱ་ལ་ཡ་འདོམས་པར་དང་།། བརྩོན་འགྲུས་མཚན་རྩེ་རྣམ་དག་པ།། མིག་མི་བཟང་ལྡན ་མཁའ་འགྲོ་མ།། བྱ་གདོང་མ་ལ་ཕྱག་འཚལོ།། སྐུ་ཡི་འཁོར་ལོར་པྲེ་ཏ་པུར།། དཀར་མོ་བད་ཀན་མཚན་མཽ་དང་།། དགའ་བ་རྣམ་དག་འཁོར་ཤུགས་མ།། སྟོབས་ཆེན་ལྡན་ལ་ཕྱག་འཚལོ།། གྲྀ་ཧ་དེ་བ་བཤང་ལམ ་དང་།། རྣག་དང་ཆོས་རྣམས་འབྱེད་བདག་ཉིད།། རིན་ཆེན་རྡོ་རྗེས་ཡང་དག་འཁྱུད།། དུམ་སྐྱེས་མ་ལ་ཕྱག་འཚལོ།། སཽ་རཱཥྚ་བརླ་གཉིས་གནས།། ཁྲག་དང་དྲན་པ་རྣམ་དག་པ།། རྟ་མགྲིན་དང་ལྡན་མཁའ་འགྲོ ་མ། ཆང་འཚོང་མ་ལ་ཕྱག་འཚལོ།། སུ་ཝརྞྞ་དཱི་བྱིན་པར་གནས།། རྡུལ་དང་བཏང་སྙོམས་ཡན་ལག་དང་།། ན་མཁའི་སྙིང་པོར་འཁྱུད་མཛད་མ།། འཁོར་ལོའི་གོ་ཆ་མར་ཕྱག་འཚལ།། ནཱ་གར་སོར་མོ་ཚོལ་དང་ནི།། ཤིན་ཏུ་སྦྱངས ་པ་རྣམ་དག་པ།། ཧེ་རུ་ཀ་དཔལ་སྙོམས་འཇུག་པཾ།། ཤིན་ཏུ་དཔའ་མོ་ལ་ཕྱག་འཚལ།། སིནྡྷུ་རྐང་པའི་བོལ་དང་ནི།། ཡང་དག་ལྟ་དང་མཆི་མ་སྦྱངས།། པདྨ་གར་དབང་ཕྱུག་དང་ལྡན།། སྟོབས་ཆེན་མ་ལ་ཕྱག་འཚལོ།། མ་རེ་མཐེ ་བོང་སྟེང་དང་ནི།། ཡང་དག་རྟོག་པ་མཆིལ་མ་དག། རྣམ་སྣང་མཛད་དང་སྙོམས་འཇུག་པ།། འཁོར་ལོ་སྒྱུར་མ་ལ་ཕྱག་འཚལ།། ཀུ་ལུ་ཏཱ་དང་པུས་མོར་གནས།། སྣབས་དང་ཡང་དག་ངག་དག་པ།། རྡོ་རྗེ་སེམས་དཔའ་སྙོམས ་འཇུག་པ།། བརྩོན་ཆེན་མ་ལ་བདག་ཕྱག་འཚལ།། ཉིད་ཀྱིལ་སྲོག་མེད་ལྔ་གནས་པ།། གཡོན་པ་ལ་སོགས་གོ་རིམོས་ཀྱིས།། གྲི་གུག་དང་ནི་ཐོད་པ་འཆང་།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། སྤྱན་གསུམ་ལྷན་ཅིག་སྐྱེས ་དགའ་བས།། ཐུགས་ནི་ཡང་ངག་མཉོས་མཛད་པ།། ཐུགས་གསུང་སྐུ་ཡི་མཁའ་འགྲོ་མ།། གནག་དང་དམར་དཀར་ལ་ཕྱག་འཚལོ།། ཤར་སྒོར་ཉི་མ་ལ་གནས་པ།། མཁའ་འགྲོ་མ་མཚུངས་འོད་མངའ་མ།། ཁྲོ་མོ་གྲོ་གུས ་བྷྱོ་པ་འཆང་།། ཁྱཱ་གྷ་དྨོང་མ་ལ་ཕྱག་འཚལོ།། གཡོན་སྦྱོར་ཉི་མ་ལ་བཞུགས་པ།། ལཱ་མ་དང་འདྲའི་འོད་མངའ་མ།། ཝ་མ་གྲཱྀ་གུག་ཐོད་པ་འཆང་།། འུག་གདོང་མ་ལ་ཕྱག་འཚལ།། ནཱབ་སྐུར་རྣ་མ་ལ་བཞུགས་པ།། དུམ་སྨྲས་མ ་ཡི་འོད་འདུམ།། ཁྲོ་མོ་གྲི་གྲུག་ཐོང་པ་འཆང་།། ལྕི་གདོང་མ་ལ་ཕྱག་འཚ་ལོ།། བྷི་སྐར་ཉི་མ་ལ་བཞུགས་པ།། གཟུགས་ཅན་འདྲ་བའི་གླིད་མངར་མ། ཁྲོ་མ་གྲི་གྲག་ཐོང་པ་འཆང་།། ཕྱག་གང ་ཕྱག་འཚལོ།། ཡང་དག་ལས་དང་ཡང་དག་འཚོ།། རྩོལ་དང་དྲན་པ་ཡང་དག་ལྡན།། སྒོ་སྐྱོང་མ་ནི་བཞི་པོ་ལ།། དེ་གོམས་ཐེབ་ཕྱིར་བདག་ཕྱག་འཚལ།། ཤར་ལྷོ་ཡི་ནི་མཚམས་བཞུགས་པ།། གནག་དང་སེར་བའི་འོད་མང་གཱ། དྲག ་མོ་གྲི་གུག་ཐོད་པ་འཆང་།། གཤིན་རྗེ་བརྟན་མར་ཕྱག་འཚལོ།། ལྷོ་དང་ནུབ་ཀྱི་མཚམས་བཞུགས་པ།། སེར་དང་དམར་བའི་འོད་མངའ་བོ།། དྲག་པོ་གྲི་གུག་ཐོད་པ་འཆང་།། གཤིན་རྗེ་ཕོ་ཉ་མོ་ལ་འདུད།། ནུབ་དང་བྱང་གི ་མཚམས་བཞུགས་པ།། དམར་དང་ལྡང་བའི་འོད་མངའ་བ།། དྲག་མོ་གྲི་གུག་ཐོད་པ་འཆང་།། གཤིན་རྗེ་མཆེ་བ་མར་ཕྱག་འཚལ།། བྱང་དང་ཤར་གྱི་མཚམས་བཞུགས་པ།། ལྗང་དང་གནག་པའི་འོད་མངའ་བ།། དྲུག་མོ་གྲི་གུག ་ཐོད་པ་འཆང་།། གཤིན་རྗེ་འཇོམས་མེ་ལ་ཕྱག་འཚལ།། མ་སྐྱེས་པ་དང་སྐྱེས་པ་དང་།། སྡིག་པ་མི་བསྐྱེད་འཇོམས་པའི་ཕྱིར།། དེ་བཞིན་དགེ་བ་བསྐྱེད་པ་དང་།། དེ་བཞིན་གནས་དང་སྤེལ་བ་བྱེད།། རྣམ་ཤེས་ཆོག་བརྒྱད ་དག་པའི་ཕྱིར།། འབད་དང་རྩོལ་བ་རབ་མཛད་པའི།། འཇིག་རྟེན་ཆོས་རྣམས་རྣས་མཉམ་ཕྱིར།། སྐྲ་སྟོང་རྣམས་ལ་བདག་ཕྱག་འཚལ།། ལུས་དང་ངགྲ་དང་ཡོད་དག་པའོ།། དུར་ཁྲོད་བརྒྱད་ཀྱི་རྣམ ་པར་བརྒྱན།། མ་ལུས་མཁའ་འགྲོའི་འཁོར་ལོ་ལ།། ལུས་ངག་ཡིད་ཀྱིས་ཕྱག་འཚལ་བསྟོད།། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་།། བདེ་བ་ཆེན་པོ་རྣམ་དག་པ།། སྒྲིབ་པའི་དྲི་སོགས་དག་པའི་སེམས།། གང་དེ་ཡང ་ངག་རྣམ་པར་གནས།། ཡེ་ཤེས་འཁོར་ལོ་ཐུགས་འཁོར་ལོ།། གསུང་དང་སྐུ་ཡི་འཁོར་ལོ་དང་།། དེ་བཞིན་དམ་ཚིགོ་འཁོར་ལོ་ལ།། གནས་ཀུན་བདག་ཉིད་ཕྱག་འཚལོ།། ང་རྒྱལ་ཞེ་སྡང་འདོད་ཆགས་ཆེ།། གཏི་མུག་ཕྲག ་དོག་རྣམ་དག་པ།། རིན་ཆེན་མི་བསྐྱོད་རྟ་མགྲིན་དང་།། རྟག་པ་རྟ་བདག་རིམ་པ་ཡིས།། རྣམ་ཤེས་ཡེ་ཤེས་རྣམ་དག་པ།། དམ་ཚིག་ཆེ་དང་འབྱུང་བར་གྲགས།། ཕུང་པོ་ཁམས་ཀྱི་ངོ་བོ་ཉིད།། འཁོར་ལོ་ལྔ་པོ་ལ་ཕྱག་འཚལ ་མཁའ་སྤྱོད་དང་ནི་ས་སྤྱོད་དང་།། དེ་བཞིན་ས་འོག་གནས་པ་དང་།། ཀུན་རྫོབ་དང་ནི་དོན་དམ་དག། འཁོར་ལོ་ལྔ་ལྔ་བདག་ཕྱག་འཚལ།། ཐིམ་དང་ལོངས་སྤྱོད་བདག་པོ་ཡིས།། གནས་ནི་ཉི་ཤུ་རྩ་བཞི་ལ།། སྐྱེ་དང་འཛག་དང ་གནས་པ་དང་།། ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ།། འདིས་ནི་ཁམས་གསུམ་ཐམས་ཅད་ལ།། སྔགས་དང་དབྱིངས་དང་ཆོས་དག་གིས།། རྟག་ཏུ་ཁྱབ་ནས་ཡང་དག་གནས།། བདེ་མཆོག་དཔལ་ཆོ་གས་ཕྱག་འཚལ་ནས ་དཔལ་ལྡན་བདེ་མཆོག་ཅེས་བྱ་བའི།། དེ་ལྟར་དཀྱིལ་འཁོར་བསྟོད་བྱས་པས།། བསོད་ནམས་གང་ཐོབ་དེ་ཡིས་ནི།། འགྲོ་རྣམས་དེ་ཡི་རང་བཞིན་ཤོག། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ ་པཎྜི་ཏ་བྷུ་རཱ་ཀ་ལ་ཤྱས་མཛད་པ་རྫོགས།། ཞུ་ཆེན་གྱི་ལ་སྨཻ་པ་བསོད་ནམས་བཟང་པོས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་ཙཀྐ་སམྦ་ར་མཎྜ་ལ་དེ་བ་གེ་ཎ་སྟོ་ཏྲན་མ། བོད་སྐད་དུ། དཔལ་འཁོར་ལོ ་