| Wylie | e-texts produced with BDRC’s OCR application |
ཕྱུག་ཆེན་པོ་ཀུ་མཱ་ར་ཤྲིས། དཔལ་ན་ལན་དའི་གཙུག་ལག་ཁང་དུ། སརྦྦ་ཏའི་སྐད་དུ་མཛད་པ་རྫོགས། རྒྱ་གར་སྐད་དུ། ཤྲཱི་སམྦ་རོ་པ་དེ་ཤ་མུ་ཁ་ཀརྞྞ་པ་ར་ཙིནྡྲ་མ་ཎི་ནཱ་མ། བོད་སྐད་དུ། ་དཔལ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། སྐུ་གསུམ་བདག་ཉིད་དགོས་འབྱུང་བླ་མ་དམ་པའི་ཞབས་པད་ཟེ་འབྲུ་དྲི་མོ་ང་འོད་ཟེར་ལ་ཕྱག་འཚལ།། གས ་སྔགས་མཐར་ཐུག་སྙིང་པོའི་བཅུད་ཕྱུང་ཡིད་བཞིན་ནོར་བུ་མཁའ་འགྲོའི་གསུང་བཞིན་རྟོགས་པས་འདིར་གསིལ་བཀོད།། བདེ་གཤེགས་ཐུགས་ལ་སྣང་བ་མེད་པཉྩ་པ་ནས་རྟོགས་པ་ཀེ་རི་ལི་རུ་གསང་བདག་མཉེས།། སྤྱོད་པས་ཟིལ ་མནན་ལུས་ཀྱི་བཀོད་པས་རྣལ་འབྱོར་རྗེས་བཟུང་མཛད་པ་ཐ་མས་འགྲོ་རྣམས་སྟོང་པར་བྱས།། བསླབ་པ་གསུམ་དང་བརྒྱད་པར་ལྡན་པ་ཉམསུ་མྱོང་བས་འཇུག་ཚུལ་ཤེས་པས་བླ་མ་དམ་པར་ཤེས།། པེན་ང་བ་དང་རིགས་ཆད་བྲན ་ལྟར་རུ་སྦལ་སྤུ་སྟེ་མོ་བཤམ་བུ་ལྟར་སློབ་མ་སྐྱོན་ལྔ་བྲལ།། མཆོག་གི་དོན་འདོད་གང་གིས་དེ་བསྟེན་ཐོག་མར་བང་བཞིས་རྒྱུད་སྨིན་ཐབས་དང་ཤེས་རབ་འབྲེལ་བ་ཉིད།། འདི་དོན་རིམ་པར་བརྒྱུད་པ་རྣ་བར་འཕྲོ་བྱེད་དེ་ཚེ་སངས་རྒྱས ་བསྟན་གནས་གུས་པས་ཉན་པར་བགྱིས།། ས་ཡི་ཆོ་ག་ལྷག་པར་གནས་པ་རིག་བྱེད་སློབ་དཔོན་རིགས་སྦྱོར་སེམས་ཀྱིས་བུམ་པའི་དབང་བསྐུར་བྱ།། བསླབ་པ་རྒྱུད་མཛེས་ཐོས་བསམ་ནོར་ལྡན་བླ་མར་འོས་པ་ཕུལ་ལ་བླ་མས ་གསལ་སྟོང་ལ་སོགས་བཀུར།། ཉེར་ལྔ་ལྷག་སྤངས་རིགས་ལྡན་སྤྲས་ཟག་བཅས་སྐུ་ལ་སོགས་གསུམ་པ་བྱིན་ནས་བརྟུལ་ཞུགས་བརྟན་པར་བྱ།། དགའ་བ་གསུམ་སོན་ལྷན་ཅིག་སྐྱེས་པ་རྙོག་པ་དང་བྲལ་དུ་བྱས་སོགས་འབྲས ་བུར་ཤེས་པར་གྱིས།། དབང་བཞི་དང་འབྲེལ་བརྡ་ཡིས་མཚོན་པ་ཤེས་རབ་བདག་ཉིད་སིནྡྷུ་ར་ལ་མཉེས་སོགས་སྟོན་མོས་བརྒྱན།། སློབ་དཔོན་བཞི་ལ་དབང་བཞི་དུས་བཞི་བྱེད་པ་བཅུ་གཉིས་ཆོས་ཉིད་དབང་ལ་མཚན་དུ་མེད་པར ་བྱོས།། དབང་གིས་སྨིན་ནས་རིམ་པ་གཉིས་ཤེས་རྣལ་འབྱོར་དབང་ཕྱུག་ཟུང་དུ་འཇུག་པའི་རྒྱལ་བའི་སྐུ་བསྒྲུབ་ཕྱིར།། དབང་པོའི་རིམ་པས་དབྱེ་དང་བསྡུ་བའི་རིམ་པ་ཤེས་ནས་འདུ་འཛི་མེད་པས་རྒྱུན་དུ་འབད་པས་སྤྱད།། ཚངས ་པའི་གནས་བཞི་གསོལ་དང་ཁམས་སོགས་བསླབ་པ་འཁོར་ལོ་ཚོགས་བརྟེན་རྒྱུ་འབྲས་ཉིད་དང་ཕྲ་མོར་བཛྲོད།། གོ་ཆ་ཡེ་ཤེས་རྒྱ་གདབ་སྐུ་གསུང་མཆོད་དང་བཟླས་པ་རྫོགས་རིམ་ཕྲིན་ལས་ཕྱོགས་དང་ཐུབ་པ་ཉིད།། བསྡུས་པའི ་སྦྱོར་བ་ཚད་མེད་བཞི་ལྡན་རྫུས་ཏེ་སྐྱེས་པ་སྐད་ཅིག་རྣལ་འབྱོར་བཟླས་པས་བཅས་པ་ཉིད།། བརྟན་གཡོའི་དངོས་པོ་ལྷན་ཅིག་སྐྱེས་པ་སྣང་སེམས་དབྱེར་མེད་རྣོན་པོའི་སྤྱོད་ཡུལ་ཟུང་འཇུག་རྡོ་རྗེའི་སྐུ།། ཀུན་ལ་ཁྱབ་པ་ངོ་བོ ་ཉིད་སྟོན་གསལ་རིག་མཚན་ཉིད་ཐུབ་པའི་དབང་པོ་བདེ་གཤེགས་ཀུན་གྱི་གཙོ།། གསུམ་གསལ་བདག་གིས་མངོན་སུམ་ཉིད་དུ་ལེགས་པར་རྟོགས་ནས་བསྒོམ་དང་བཟློས་པ་གསལ་པོར་རབ་ཏུ་ཕྱེ།། ཆོས་དབྱིངས་སྐྱེ་མེད ་རྒྱལ་བའི་ཡུམ་གཅིག་རྒྱན་དང་ཕྱོགས་དང་རྒྱལ་བ་ཉིད་དེ་ན་མཁའི་རི་མར་བལྟ།། བརྟན་དང་གཡོ་བརྟན་དང་བརྟན་པ་ལྔ་ཡི་རང་བཞིན་རང་ལྔ་བཅུག་ནུས་སྣ་ཡི་རྩེ་མར་རྡོ་རྗེ་བཟླས།། གཏར་མ་ཐུན ་ནས་དབང་པོ་འབྲིང་པོས་འོད་གསལ་བསྒོམས་ཏེ་དབང་སོགས་ལམ་དང་དམ་ཚིག་འབྲས་བུར་བསྲེ།། བདག་འཇུག་དབང་དང་བླ་མ་མཆོད་བྱེད་ཉམས་ཆགས་བསྐད་ཕྱིར་རྡོ་རྗེ་སེམས་དཔའ་བརྟན་པའི་ཆོ་ག་བཟླས།། རྒྱལ་བ ་བློན་པོ་དམངས་ཀྱི་བྱེད་པས་མཚམས་ཀྱི་ཀུན་སྤྱོད་ཟ་ཉལ་འགྲོ་དང་ཁྲུས་སོགས་རྣལ་འབྱོར་བྱ།། རྣམ་རྟོག་དང་བྲལ་ཟླ་བ་དྲུག་ཏུ་ངེས་པར་བསམས་ན་གྲུབ་པའི་མཚོན་མ་མཐོང་ནས་རོལ་པར་གནས།། ཐུབ་པའི་བསྟན ་པ་རྒྱས་མཛད་དངོས་གྲུབ་མཐར་འབྱིན་ཟབ་དང་རྒྱ་ཆེ་གཉིས་མེད་དམ་ཚིག་ཀུན་གྱི་གཞི།། པོག་ཡོད་བསྒོམ་ཞིང་བརྟེན་དང་གསང་བ་མི་བསག་མི་འབྲལ་བཟའ་བསྲུང་མཆོག་གྱུར་ཐུབ་པས་རབ་ཏུ་གསུངས།། བསླབ་པ ་གསུམ་དང་རྒྱུ་འབྲས་ཞེན་མེད་དབང་སོགས་འབྲས་བུ་རྒྱུད་གཞན་ལས་གསུངས་རང་སེམས་དྲན་པས་བ་སྲུང་།། སྐུ་གསུམ་ལ་བརྟེན་ཏིང་འཛིན་གསུམ་གྱིས་རྒྱ་ཆེར་རབ་གསལ་གཞི་ལམ་འབྲས་བུས་ལྟ་བ་མཚོན་པར་གྱིས།། ་རྣལ་འབྱོར་སྲེག་རྩོལ་སངས་རྒྱས་ལྔ་བདག་གཡོན་དང་གཡས་སུ་རིམ་པ་ཇི་བཞིན་རྒྱུ་མ་ངེས་པ་སྟེ།། མཉམ་པར་བཞག་པས་འཇུག་པའི་རླུང་ཉིད་བུམ་པོ་ཅན་དུ་བྱས་ནས་བརྟན་པའི་གོ་འཕང་སོ་སོར་ཐོབ།། རླུང་གི་སྦྱོར ་མེད་ཉིད་མི་ཤེས་པ་ལས་དང་ལས་མིན་འགྲུབ་རིག་པས་ནི་འབྲས་བུ་སྟེར།། བསྡམས་པ་ཆེ་དང་བཟླས་པའི་རིམ་པ་གོམས་པས་དགེ་དང་མི་དགེ་འཆི་བཟློག་རླུང་རིག་པས་ནི་ཤེས།། དབྱེ་དང་ཕྱེད་ལས་ཆོས་མཚུངས ་རྒྱུན་མཚན་བསྡམ་པའི་སྦྱོར་བའི་བསྐྱེད་རིམས་གོམས་པས་མཐུན་པོའི་རྐྱེན་དང་ལྡན།། གསང་སྤྱོད་ལ་གནས་སྡུག་བསྔལ་བཟོད་པ་ལུས་གནད་གསུམ་ལྡན་དམིགས་པ་བཞི་ལ་སྦྱོར་བའི་སྐྱོན་བསལོ་ཏེ།། སྟེང་འོག་པར་དང ་འབུགས་པའི་སྦྱོར་བ་ལི་ཁྲོའི་ཚུལ་དུ་སྒོ་གསུམ་སྦྱང་བར་བྱ་ཕྱིར་ངེས་པར་རོལ།། རྡོ་རྗེ་བཟླས་པ་ཡོག་འབྲུ་གསུམ་ལ་གོམས་ཤིང་སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་བསླབ་པར་བྱ།། འབྱུང་བ་ལྔ་ཡི་རླུང་ཟིན་པས་ནི་དུ་བ་སྨིག་རྒྱུ་མེ ་ཁྱེར་མར་མེ་སྤྲིན་མེད་ན་མཁའ་འབྱུང་།། བརྟན་པོའི་རྟགསུ་ཟླ་ཟེར་ཉི་ཟེར་གློག་གི་ཟེར་དྲང་འཇའ་ཚོན་ཉི་ཟླ་བསྲེས་པ་དངོས་སུ་མཐོང་།། སྤྱོད་ལམ་དང་ནི་སྦྱོར་བ་མཁས་པས་དུག་སོགས་གཞོམ་དང་འཆི་བ་རྟག་པར་སྣ་ཚོགས ་བསྒྱུར།། རྩ་དང་རླུང་དང་ཐིག་ལེ་འདྲིས་པས་བདེ་གསལ་མི་རྟོག་རྒྱུན་མི་འཆད་པའི་རྒྱལ་པོར་འགྱུར་ཀྱེ།། རིམ་པ་འདི་ཉིད་འཕེལ་བར་བྱ་ཕྱིར་སྣང་དམིགས་དངོས་པོ་སྒྱུ་མར་བསམས་ལྔ་དབེན་པའི་གནསུ་ནི།། རྡོ་རྗེ་སེམས ་དཔའ་མཚན་དཔེས་སྤྲས་པའི་གཟུགས་བརྙན་ལ་ནི་རབ་ཏུ་དམིགས་ལ་དངོས་པོ་ཆུ་ཟློ་ལྟར།། བཅུ་གཉིས་སྒྱུ་མའི་དཔེ་ཡིས་མཚོན་ཏོ་མིཉ་མི་རྗེས་ལ་ནི་ཆོས་བརྒྱད་ཡིས་འང་མཁའ་བཞིན་སྙོགས་པར་འགྱུར།། དེ་ལྟར ་ཤེས་པས་མི་བྱ་བ་མེད་སྔགས་ཟློས་བསྲུང་སོགས་མི་དགོས་དགེ་སློང་སོགས་ལ་ཕྱག་མི་བྱ།། འདི་དང་མཚན་དུས་བསྲེ་ཞིང་སྦྱང་དང་གོམས་པས་གྱེན་དུ་འཕངས་ཏེ་བདེ་གཤེགས ་བལྟས་ལ་ཆོས་སོགས་མཉན།། རྨི་ལམ་མེད་དུས་གནད་དང་ལྡན་པས་འདོད་ཆགས་ལ་སོགས་བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ།། རྒྱུན་ཆད་མེད་པའི་འོད་གསལ་ཆེན་པོས་ས་བཅུར་གྱུར་པ། ་ལམ་བགྲོད་ན་ནི་རྣམ་ཤེས་གོང་དུ་འཕོ།། སྣ་ཚོགས་དོན་ཆེན་མཐོང་ནས་ཤེས་པ་སྤོ་སྟེ་རིམ་པ་གཉིས་ལྡན་འཇུག་ཕྱིར་གཞན་གྱིས་མི་འགྱུར་རོ།། ཆགས་དང་ཆགས་བྲལ་འདི་མ་ཤེས་པར་གཞན་ནི་དོན་མེད ་དུས་གསུམ་སངས་རྒྱས་བགྲོད་པ་གཅིག་པོའི་ལམ།། རོ་བོར་བརྒྱུག་དང་ཟླ་བ་ཆུ་འཛིན་དུས་དང་འབྲེལ་པ་བསླབ་བཅས་སངས་རྒྱས་དགོངས་པ་མི་ཤེས་ཕྱིར།། སྒོ་གསུམ་གནད་ཀྱིས་སྦྱང་བ་བྱ་ཞིང་ངལ་ན་སྣ ་རྩེར་བལྟས་ལ་ངེས་ཤེས་སྐྱེས་ནས་ཆེན་པོར་བལྟ།། དང་པོའི་ལས་ཀྱིས་ཡིད་འོང་ལ་བརྟེན་གོམས་པས་སྔགས་ལས་ཞིང་དང་ལྷན་ཅིག་སྐྱེས་སོགས་རྩ་བསྙེན་བྱ།། ཅིག་ཅར་མགོན་པོ་བསྒོམས་ནས་མཐའི ་གནས་རྡོ་རྗེའི་བཟླས་པ་རྩ་ལོ་མཁས་པས་པདྨའི་སྐྱོན་བཞི་བསལ།། བདེ་བའི་ལམ་དྲང་ཡེ་ཤེས་མཚོན་པ་མར་མེ་འདུ་བ་རྒྱུ་འབྲས་ཤེས་ནོས་ཤེས་བྱའི་དཀྱིལ་འཁོར་བལྟ།། ཐུར་སེལ་བཅུང་ནས་གླང་ཆེན་སེང ་གེ་རྨ་བྱ་འདྲེན་དང་བྱ་རྒོད་སྟག་མོ་སྣང་དམིགས་བདེ་བར་འཆར།། སྦྱར་བ་དངས་མ་རླུང་དང་མཉམ་ཞིང་རིག་མས་བདེ་བ་ལུས་ལ་སྤྲོས་ནས་རྩ་འདུད་དགྲོལ་བར་བྱ།། བདེ་བ་ཉམས་སྐྱེས་ཚོགས་དྲུག་ཀུན་ལ ་རོ་མཉམ་ལུགས་ལས་འབྱུང་དང་བཟློག་པས་དགའ་བཞི་མཚན་པར་བྱ།། དགའ་བ་གསུམ་དང་དཔེ་དོན་བསྲེས་ནས་རྒྱུ་ཚོགས་གཟུང་འཛིན་ཆོས་ཉིད་གོམས་ནས་རྩོལ་མེད་འབྲས་བུ་འཆར།། ཡེ་ཤེས་གསལ ་བྱེད་དབང་གི་འབྲས་བུ་རྡོ་རྗེ་ལུས་ལ་འཁོར་ལོ་མདུད་པ་སྤྱི་བོར་གྲོལ་བའི་གནས།། སྒོ་དགུ་འགགས་ནས་སྒོ་བཞི་ཐིམ་པ་ཉིད་ཀྱིས་རྣམ་གྲོལ་ཡེ་ཤེས་ལུས་ཅན་སྒྲ་བརྙན་ལྟ་བུ་བྲལ།། མིག་སོགས་སྟོང་དང་བདུད་བཞི་གྲོལ ་བ་ཆོས་ཉིད་ལ་མཁས་གསུམ་པ་གཅིག་གྱུར་ཡེ་ཤེས་རྒྱུན་ཆད་མེད།། གཞི་ལམ་འབྲས་བུ་གཅིག་གྱུར་བདེ་ཆེན་དངོས་པོ་རོ་མཉམ་ཡི་གེ་བཞི་དོན་འབྲས་བུ་མངོན་དུ་འགྱུར།། མཐར་མ་སྒྲོལ་ན་ཉེ་བར་སྤྱོད་པ་ལུས ་ལྡན་གཞི་དང་ངེས་ཤེས་རྟགས་ཏེ་ངོ་སྤྱོད་ཤེས་པར་བྱ།། སྤྱི་ཤིའི་བར་དོ་ཤེས་པ་སྔ་ཕྱི་གཉིད་དུས་དྲན་མཚམས་འཆི་བའི་དུས་དྲན་ཕྲ་རགས་ཐིམ་ནས་ནི།། འོད་གསལ་ཆེན་པོ་དེ་མ་རྟོགས་ན་བླ་མ་སོགས་ཀྱི་སྐྱེལ་བ ་སུས་ཉིང་མཚམས་རླུང་གསུམ་བཅིངས་པའི་ཕྱིར།། ཡོན་ཏན་རྫོགས་པ་བར་དེ་ལོངས་སྐུ་ཡོན་ཏན་ལྡན་དེ་མ་བརྟན་ན་དུག་གསུམ་ལས་གྱུར་པའི།། རྟོག་པར་བཅས་ལ་དབང་དུས་ཉམས་དང་ལྷ་སོགས་སྒྲོ་མ་ཟུང ་དུ་འཇུག་པ་སློབ་དང་མི་སློབ་པ།། བདུན་ཕྲག་རེ་ལ་བརྒྱལ་བར་འགྱུར་བ་དེ་མ་ཁེགས་ན་སྐྱེ་བ་སྣ་ཚོགས་སྦྲུལ་སྐུས་ཉིང་མཚམས་སྦྱར།། བར་དོ་གསུམ་ལ་འདོད་ཆགས་ལ་སོགས་དུས་གསུམ ་ཤེས་པ་ཟག་མེད་འོད་གསལ་སྒྱུ་མར་བསྲེས་ལ་བསྒོམ།། འདི་དོན་རིམ་པས་འཁོར་བ་དང་ནི་མྱ་ངན་འདས་རྒྱལ་གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འགྱུར།། དབང་དང་དམ་ཚིགས་འབྲེལ་པར་ཤེས་པ་གདོད་ནས ་དག་པ་རྐྱེན་གྱིས་སྐུར་ཚུལ་ཉམ་སུ་བླང་དང་རྟོགས།། བུམ་སོགས་དམ་ཚིག་མཉམ་གཞག་རྗེས་སྤྱོད་མི་འབྲལ་བཟའ་བསྲུང་སྤྲོས་བཅས་སྤྲོས་མེད་ཡན་ལག་བཤགས་བྱ་ཉིད།། དབང་དུས་ལྟ་སོགས་མཚོན་པར་བྱ་ལ ་བདུད་རིགས་ངོས་པོ་ཟུང་ཟིལ་གྱིས་མནན་ནས་བསྒོམ་དང་རྟག་སུ་འབྲེལ།། ཐ་མ་འབྲིང་དང་རབ་དང་མཆོག་གྱུར་འཇུག་སྒོ་ཤེས་པས་སྒོམ་ལ་སྦྱར་ཏེ་གང་དང་གང་ལ་སོགས།། མཆོག་གི་དངོས་གྲུབ་ཚེ་འདིར་འདོད་པས་དུས ་དང་འབྲེལ་པར་སྤྱོད་པ་བྱས་ནས་གོལ་ས་བཅད་པར་བྱ།། བྱ་སྤྱོད་ལ་སོགས་ཚོགསུ་བསྒྱུར་ལ་འཕྲིན་ལས་བྱེད་པ་རབ་གནས་སྦྱིན་སྲེག་རྣམ་པོ་བཞིས་འདོད་དགུར་བསྒྱུར།། འཁོར་ལོ་བཞི་ལ་སྐུ་བཞིར་ཡན་ལག་བདུན ་ལྡན་རྡོ་རྗེ་སེམས་དཔའི་སྒོ་གསུམ་ངོ་སྤོང་མཚན་དཔེས་སྤྲོས།། རྒྱུད་རྣམས་སྙིང་ཕྱུང་མན་ངག་བཅུད་བསྡུས་ལམ་གྱི་རིམ་པ་བདེ་གཤེགས་ཀུན་ཐུགས་ཡིད་བཞིན་ནོར་བུ་ཉིད།། མི་མཐུན་ཕྱོགས་ལས་རྒྱལ་བར ་བྱ་ཕྱིར་འཇུག་པའི་ཚུལ་དང་ཞུགས་པའི་འབྲས་བུ་གསལ་བའི་ཐབས་ཉིད་དོ།། ལུས་ལ་གོ་གྱོན་དག་གིས་གཡུལ་སྤྲད་སེམས་ཀྱིས་མཚན་བསྣུན་སྐུ་གསུམ་ཁྲུས་བཅུད་རླུང་དང་འཁོར་ལོ་བསྐོར།། རྩ་བ་དྲུག་ལ་ཡན་ལས ་སོ་དགུ་ནད་ལ་སྨན་དཔྱད་བར་ཆད་བསྲུང་འཁོར་གནད་བྲལ་གེགས་བསལ་ཏོ།། ས་ལ་སོགས་པའི་རོ་བཞི་ངོས་བཟུང་འཁོར་ལོ་བཞི་ཡིས་རོ་བཞི་བསྙམས་ལ་ཞི་གནས་ཕྱོགས་ལ་ནི།། ཐབས་དང་ལྡན་པས་པི་ཝང་སྒྲ་སོགས ་རྩ་རླུང་ལ་ནི་ཤེས་རབ་སྐུ་གསུམ་མཐུན་སྦྱོར་རྫས་སོགས་ལྔ།། ཟིན་དང་མ་ཟིན་ལེགས་པར་ཤེས་ནས་ལུས་ཀྱི་གནད་ལ་ཉི་མ་ཟླ་སོགས་བརྫིས་ནས་རྡུལ་སྤྲུགས་བྱེད།། འཐུང་བཞིའི་རླུང་ལ་ལྟེ་བ་ལ་སོགས་སྟོང་ར་བཅས ་ནས་ན་ཚ་བོགས་འདོན་གགས་འཁྱིམས་ལ་སོགས་བསལ།། བཅུ་པའི་རླུང་ཤེས་ཏིང་འཛིན་རང་གྲོལ་སྨན་པ་ལྟ་བུས་བརྒྱད་པོ་བསལ་ནས་རྡུལ་ཆུ་ལྟར་སྤྱད་བྱ།། དངས་མ་བསྒྲུབས་ན་སྐྱོན་རྣམས་སེལ་ཕྱིར་བདག ་ལྷའི་བུད་ཤིང་བསྲེགས་ནས་འོད་གསལ་ཆོས་སྐུ་བཀྲལ།། འདི་དོན་རིམ་བརྒྱུད་བླ་མ་ལ་བརྟེན་གུས་པས་བླང་ཕྱིར་བྱིན་རླབས་ལམ་ཁྱེར་སྙན་ནས་སྙན་དུ་བརྒྱུད།། མཆོག་གི་བློ་ཅན་བརྩེ་པོ་ཆེན་པོས་ཐེག་གཞན་སྤངས ་ལ་སྨིན་དང་གྲོལ་བ་རིམ་པ་གཉིས་ལ་འབད་།། སྣོད་བཅུད་ལ་སོགས་གཞལ་ཡས་ཁང་དང་ཕུང་པོ་ཁམས་སོགས་ལྷ་རུ་དག་པས་རྒྱལ་བ་ཐམས་ཅད་བསྡུ།། རྡོ་རྗེ་ལུས་ལ་བདེ་ཆེན་གནས་པ་ཕོ་ཉ་ལ་སོགས་སྤྲོས་དང ་སྤྲོས་མེད་འཁོར་ལོ་ཟུང་དུ་འཇུག། རིམ་པ་འང་ལ་མོས་པ་བརྟན་པས་སྦྲུལ་མཐོང་ཞིང་སྒྲོན་ཡོན་དང་བཅས་ཆུང་ངུ་ཡོན་ཕྱིར་ཚོགས།། སྐད་ཅིག་བཞི་ཡོས་དགའ་བ་གསུམས་ན་འབྱུང་བ ་དྲོད་དེ་ལྷན་ཅིག་སྐྱེས་པ་དྷཱུ་ཏཱིའི་ལམ་ཞུགས་ནས།། འཇིག་རྟེན་ལས་འདས་བརྒྱ་ཕྲག་བདུན་པོ་ཡོན་ཏན་གྱིས་སྤྲས་གནས་དང་ཉེ་གནས་ཉི་བཞི་སོགས་ལ། དྲངས་མ་ཡས་བྱོན་པུ་ལི་སོགས་ཁྱབ་རྒྱུ་བ་མ་ས་བརྟན་བདེ་ཆེན ་བརྟོལ་ནས་མ་ཆགས་པདྨའི་ས།། རབ་བཀྲམ་ཆེན་པོ་ཕྲག་བདུན་ཡོན་ཏན་ཡེ་ཤེས་གསལ་བྱེད་ཆོས་སྐུའི་བདག་ཉིད་རྡོ་རྗེ་འཛིན་པར་འགྱུར།། འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ལ་སོགས་གཏིང་དཔག་དཀའ་བ ་གསལ་པོར་རབ་ཕྱེ་སྙན་རྒྱུད་མཁའ་འགྲོའི་གསང་།། དྲི་མེད་བསགས་པའི་དགེ་བ་དེས་ནི་ས་གསུམ་གནས་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག། ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོ་མའི་གསང་ཚིག་རྫོགས ་རྩིབས་ཀྱི་རྒྱུ་མདུད་དང་བཅས་པར་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པཱ་ལ་ཧ་རིར་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜལ་སྠོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་འཁོར ་