CLOSE WINDOW

GT2397: ku ru kul+le'i sgrub thabs
Wyliee-texts produced with BDRC’s OCR application

ཨནྡྲ་བྷཱུ་ཏི་ཞབས་ཀྱིས་མཛད་པ་རྫོགས།། རྒྱ་གོར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནི། ཀུ་རུ་ཀྲྀ་ལྡེའི་སྒྲུབ་ཐབས། འཕགས་མ་རིག་བྱེད་མ་ལ་ཕྱག་འཚལོ།། དེ་ནས་སྔགས་པས་སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་པས་དཀར ་པོའི་ཚེས་གཅིག་ནས་བརྩམས་ནས་ཐུན་མཚམས་གསུམ་དུ་ཉི་མ་སོ་སོ་ལ་ཁྲི་ཕྲག་རེ་བཟླས་པར་བྱའོ།། བཅོམ་ལྡན་འདས་མའི་སྐུལ་ནས་བཟའ་དམར་པོ་རྣམས་དབུལ་བར་བྱའོ།། དེ་ལ་རིམ་པ་འདིས་རང ་གི་སྙིང་གར་ཉི་མྱ་ལ་གནས་པའི་ཧྲིཿདམར་པོ་ལས་སྐྱེས་པའི་ཆུ་སྐྱེས་དམར་པོ་འདབ་མོ་བརྒྱད་པ་སྡོང་བུ་ལས་སྐྱེས་གནས་ཀྱི་མཐར་ཐུག་པ་སོན་པར་རྣམ་པར་བསམས་ལ། དེའི་འདབ་མ་བརྒྱད་རྣམ་སུ་བུང་པ་བརྒྱ་དེ། ཨཱ་ཨཱི ་ཨཱུ་རཱི་ལཱི་ཨཾ་ཨཾ་ཨཱཿཞེས་པས་དབྱངས་བརྒྱད་ཡོངསུ་གྱུར་པ་ལོས་ཤིན་ཏུ་དགའ་བ་རྒྱས་ཤིང་ཁྲོ་བ་ཁེ་དོག་དམར་པོའི་རིམ་པ་བཞིན་དུ་གནས་པ་རང་གི་སྣ་བུག་གི་རླུང་གི་བསྐུལ་བར་བལྟས་ལ། རང་གི་སྣ་བུག་གཡོན་ནས་འཐོན་ཏེ ་བསྒྲུབ་བྱའི་རྣ་གཡས་ཀྵེ་བུ་གནས་རབ་ཏུ་ཞུགས་ཏེ། དེས་པདྨའི་སྡོང་བུ་གསར་པ་སྙིས་ནས། ཨ་ཨཾ་ཨུ་རྀ་ལི་ཨེ་ཨེ་ཨཽ་ཞེས་པའི་དབྱངས་ཡིག་ཐུང་ངུ་བརྒྱུད་བསམས་ལ། དེ་ཡོངསུ་གྱུར་པ་ལས་རྣ་བའི་རྩར་བཀང་བའི་ཨུད་པ་ལ ་དམར་བཱིའི་མདེའུ་ཅན་གྱི་མདའི་ཚོགས་ཀྱི་བསྒྲུབ་བྱའི་པདྨའི་ཟེ་འབྲུ་ཕུག་ནས། དེ་འགྱེལ་ཞིང་མདའི་སྒྲས་སྣ་བུག་གཡོན་པའི་བུ་ག་ནས་འཐོན་ཏེ་རྣལ་འབྱོར་པའི་སྣ་བུག་གཡས་ནས་རིང་གི་སྙིང་གར་ཞུགས་པར་རྣམ་པར་བསམ་པར ་བྱའོ།། ཕྱི་ནས་ཨུཏྤ་ལའི་ངར་བས་སྐེ་བཅིངས་ནས་ལྕགས་ཀྱུས་སྐྱེ་གནས་ཕུག་ཅིངས་བཅིང་ནས་འོད་ཟེར་རིབ་འབར་བས་གཞན་གང་ཞིག་དབང་དུ་བྱས་ཏེ། དེ་ལ་ཞོན་ནས་དེའི་དགའ་བའི་སྔགས་བཟླས་པར་བྱའོ།། ཨོཾ་ཀུ་རུ་ཀུལླེ་ཧྲིཿ ་ཆེ་གེ་མོ་བདག་གིས་དབང་དུ་གྱིས་ཤིག་སྭཱ་ཧཱ་ཞེསོ།། བུང་བའི་སྦྱོར་བས་ཉི་མ་བདུན་གྱི་འགྲུབ་པར་འགྱུརརོ།། ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། རྒྱ་གར་སྐདུ་ཀུ་རུ་ཀཱུལླེ་པ་དེ་ཤ་བླ་མ་ཁོང་སྐུ་དུ། རིག་བྱེད་མའི་སྒྲུབ་ཐབས་མན་ངག་གི་རིམ་པ ་