CLOSE WINDOW

GT2396: rig byed ma phyag brgyad ma'i sgrub thabs
Wyliee-texts produced with BDRC’s OCR application

མྱོས་པའི་དབང་དུ་གྱུར་པ་ནས་རྐང་བཱིའི་དྲུང་དུ་ལྟུང་བར་བལྟ་ཞིང་བསྐུལ་བར་དྷིའོ།། དེ་ལྟ་བུས་བནྡྷ་བྱོན་ཡང་དང་ཡང་དུ་བྱེད་།། རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཉྫ ་ཛཾ་ཀུ་རུ་ཀུལྤེ་སཱ་དྷ་ནཾ། བོད་སྐད་དུ། རིག་བྱེད་མའི་ཕྱག་བརྒྱད་མའི་སྒྲུབ་ཐབས། རིག་བྱེད་མ་ལ་ཕྱག་འཚའོ།། སྔོན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས་རཱཾ་ཡིག་ཡོངསུ་གྱུར་པ་ལས་ཉི་མ་ལ་ཧྲིཿཡིག་སྤྱི་བ་དང་བསྡུ་བའི ་སྐུར་བསྒྲིམ་ནས། དེ་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ཕྱག་བརྒྱད་པ། སྐུ་མདོག་དམར་མེ་པདྨ་དམར་པོའི་འདབ་མ་བརྒྱད་པ་དང་། ཉི་མ་ལ་རྡོ་རྗེ་སྣརེལ་དཀྲུང་གིས་བཞུགས་པ། གཞལ་ཡས་ཁང་གི་དབུསུ་གནས ་ཤིང་ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱུ་མཛད་པའོ།། གཡས་ཀྱི་ཕྱག་ལྷག་མ་རྣམས་ཀྱི་ལྕགས་ཀྱུ་དོང་རྣ་བའི་རྩར་མདའ་འགོངས་པ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་བསྣམས་པའོ།། གཡོན་གྱི ་ཕྱག་ལྕུག་མ་རྣམས་ཀྱི་ཞགས་པ་དང་། གཞུ་དང་། ཨུད་པ་ལ་བསྣམས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པོ་བསྒོམས་པར་བྱའོ།། ཤར་གྱི་འདབ་མར་རབ་ཏུ་དངས་པའི་སྒྲོལ་མའོ།། ལྷོའི་འདབ་མར་རྫོགས་པའི་སྒྲོལ་མའོ།། ནུབ་ཀྱི་འདས ་མར་རྒྱལ་བའི་སྒྲོལ་མའོ།། བྱུང་གི་འདབ་མར་རྣ་བའི་སྒྲོལ་མའོ།། དབང་ལྡན་གྱི་འདབ་མ་ལཱ་ཙུན་དའོ།། མེའི་འདབ་མ་ལ་གཞན་གྱིས་མི་ཐུབ་མའོ།། བདེན་བྲལ་གྱི་འདབ་མ་ལ་མར་མེ་སྒྲོལ་མའོ།། ་རླུང་གི་འདབ་མ་ལ་གཽ་རིའི་སྒྲོལ་མ་རྣམ་པར་བསྒོམ་པ་བྱའོ།། དེ་རྣམས་ཐམས་ཅད་ཀྱང་སྐུ་མདོག་སེར་མོ་དེ་བཞིན་གཤེགས་པ་ལྷའི་དབུ་བརྒྱན་ཅན་རྡོ་རྗེའི་སྐྱིལ་དཀྲུང་གིས་བཞུགས་པའོ།། ཕྱག་གཡས་པ་དག་གིས་མཚ ་སྦྱིན་གྱིས་ཕྱག་རྒྱ་དང་། མདའ་སྙན་གྱི་རྩར་འགེངས་པའོ།། ཕྱག་གཡོན་པ་དག་གིས་ཨུད་པ་ལ་དང་། གཞུ་བསྣམས་པའོ།། ཤར་གྱི་སྒོར་རྡོ་རྗེ་རོ་ལངས་མ་འཛེགས་ཤིང་ལྟོ་བ་འཕྱང་བ། སྐུ་མདོག་དམར་མོ་མི་བསྐྱོད་པས་དབུ་བརྒྱན ་བོ། ཕྱག་གཡས་པ་དག་གིས་སྡིགས་མཛུབ་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡེན་པ་དག་གིས་དྲིལ་བུ་དང་། ཞགས་པ་བསྣམས་པའོ།། ལྷོའི་སྒོར་གཞན་གྱི་མི་ཐུབ་མ་སྐུ་མདོག་སེར་མོ་རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱུན ་པ། ཕྱོག་གཡས་པ་དག་གིས་དབྱུག་པ་དང་ལྕགས་ཀྱི་བསྣམས་པི། ཕྱག་གཡེན་པ་ངག་གིས་དྲིལ་བུ་དང་ཞགས་པ་བསྣམས་པའོ།། ནུབ་ཀྱི་སྒོར་རལ་པ་གཅིག་མ་སྐུ་མདོག་ནག་མོ་སྐྲ་གྱེན་དུ་བརྫེས་ཤིང་ལྟོ་བ་འཕྱང་བ། མཚོ ་བ་གཙོགས་ཤིང་མཆུ་བསྡམས་པ། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་རྡོ་རྗེ་དང་། ལྕགས་ཀྱུ་བསྟིམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང་། ཞགས་པ་བསྣམས་པའི།། བྱང་དུ་རྡོ་རྗེ་གཱནྡྷ་ར་སྐུ་མདོག ་གསེར་ལྗང་གུ་ལྔ་བུ་དོན་ཡོད་གྲུབ་པས་དབུ་བརྒྱན་པ་ཞལ་འཇིགས་ཤིང་ལྟེ་འཕྱང་བའོ།། ཕྱག་གཡས་པ་ངག་གིས་ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་པ་དང་། ཞགས་པ་བྱའོ།། ་བཞི་པོ་འདི་རྣམས་ཞབས་གཡོན་བརྐྱང་གིས་གནས་པའོ།། དེ་ལ་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་ལག་པ་གཉིས་རྒྱབ་སྦྱར་ནས་མིང་མེད་གཉིས་མདུན་པ་བྱས་ཏེ་མཐེ་ཆུང་གུང་མོ་འཐབ་ཀྱི་བསྡམས་ནས་མཛུབ ་མོ་ལྕགས་ཀྱུའི་རྣམ་པས་འགྱིང་དཔྲལ་བའི་ཕྱོགསུ་གཟུང་བར་བྱའོ།། བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ།། ཨོཾ་ཀུ་རུང་ཀུལླེ་ཧཱུཾ་ཧྲཱིཿསྭཱ་ཧཱ། ཁྲོ་བཟླས་པས་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་རོ།། ས་ཡས་བློན་པོའོ།། འབུམ་གྱིས་རྒྱལ་པོ ་ཨུཏྤ་ལ་མར་དང་སྦྲང་བསྲེས་ཤིང་ཨ་ཤྭ་ཐའི་ཡམ་ཤིང་གིས་སྦྱིན་བསྲེག་བྱས་པས་འདོད་པའི་གནས་ཐོབ་པར་ཤིག། དཔལ་གྱི་འབྲས་བུའི་ཤིང་གི་མ་རབ་ཏུ་སྦྱར་ཏོ་མར་དང་སྦྲང་ལ་སྐྱེས་ཤིང་དཔལ་གྱི་འབྲས་བུའི་སྦྱིན་བསྲེག་བྱས་པས ་རྒྱལ་པོ་དང་བློན་པོ་རྣམས་དབང་དུ་འགྱུར་རོ།། ཨུད་པ་ལའི་སྦྱིན་བསྲེག་སྟོང་བྱས་ཏེ་མར་མེ་སྟོང་ཕྲག་ཅིག་ལྷ་མོའི་མདུན་དུ་དབུལ་བར་བྱས་ནས་རྒྱལ་པོ་ཐམས་ཅད་དབང་དུ་འདུ་བར་འགྱུརོ།། ཀུ་རུ་ཀུལླེ་ཕྱག་བརྒྱད་པའི་སྒྲུབ་ཐབས་རྒྱལ་པོ ་ཨནྡྲ་བྷཱུ་ཏི་ཞབས་ཀྱིས་མཛད་པ་རྫོགས།། རྒྱ་གོར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནི། ཀུ་རུ་ཀྲྀ་ལྡེའི་སྒྲུབ་ཐབས། འཕགས་མ་རིག་བྱེད་མ་ལ་ཕྱག་འཚལོ།། དེ་ནས་སྔགས་པས་སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་པས་དཀར ་