CLOSE WINDOW

GT2395: rig byed ma phyag drug ma'i sgrub thabs
Wyliee-texts produced with BDRC’s OCR application

ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐད་དུ། ཥ་ཊ་བྷུ་ཛ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལཾ་ཕྱག་འཚལོ།། དང་བ ་སྔགས་པས་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་ཁཱའི་ས་བོན་གྱི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ནས་མཆོད་པ་དང་། སྐྱབསུ་འགྲོ་བ་ལ་སོགས་པ་བྱའོ།། ་དེ་ནས་སྟོང་པ་ཉིད་དུ་མོས་པ་བྱ་ཞིང་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་རཾ་ཡིག་འོད་ཟེར་གྱི་ཕྲེང་བ་དང་བཅས་པ་རྣམ་པར་བསམས་ཤིང་དོ་ཡོངསུ་གྱུར་པ་ལས་བཅྡོཾས་མ ་རིག་བྱེད་མ་ལྟ་བར་བྱའོ།། པདྨ་དམར་པོ་འདབ་མ་བརྒྱད་པ་དང་ཉི་མའི་གདན་ལ་རྡོ་རྗེ་སྐྱིལ་དཀྲུང་གིས་ཉེ་བར་བཞུགས་པ། ཕྱག་དྲུག་པ། གཡས་དང་གཡོན་གྱི་ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ ་བའི་ཕྱག་རྒྱ་འཛིན་པོ། གཉིས་པའི་གཡས་པ་དང་། གཡོན་པ་དག་གིས་ལྕགས་ཀྱུ་ད་། ཨུཏྤ་ལ་དམ་པོ་བསྣམས་པ། ཕྱག་ལྷག་མ་གཉིས་ཀྱིས་མདའ་དང་། གཞུ་རྣ་བའི་རྩར་འགེངས་པ། ན་བཟའ་དམར་བ་མནབས་པ། དེ་བཞིན ་གཤེགས་པ་ལྔས་དབུ་བརྒྱན་པ། བསྒྲུབ་བྱའི་སྙིང་ཁར་ཨུད་པ་ལ་དམར་པོའི་ཟེ་འཕྲུལ་ཟླ་བའི་དཀྱིལ་འཁོར་ལ་རོ་ཡིག་ཁ་དོག་དམར་པོ་རྣམ་པར་བསྒོམས་ཏེ་རླུང་གི་དཀྱིལ་འཁོར་གནས་ཤིང་དེའི་སྙིང་གར་ཨ་ཐ་ཀྱི་ག་ཉིག་ས ་དམར་པོའི་མདེའུ་ཅན་གྱི་མདས་བསྒྲུབ་བྱ་ཡང་ནས་ཡང་དུ་འགུགས་ཤིང་སྔགས་བཟླས་པར་བྱའོ།། དེ་ལ་ཡང་སྔགས་ནི་འདིའོ།། ཨོཾ་ཀུ་རུ་ཀུལླེ་ཧྲིཿཆེ་གེ་མོ་བདག་གིས་དབང་དུ་གྱིས་ཤིག། ཧོ་སྭཱ་ཧཱ། དེ་ནས་དེ་ལ་བསྒྲུབ་བྱ ་མྱོས་པའི་དབང་དུ་གྱུར་པ་ནས་རྐང་བཱིའི་དྲུང་དུ་ལྟུང་བར་བལྟ་ཞིང་བསྐུལ་བར་དྷིའོ།། དེ་ལྟ་བུས་བནྡྷ་བྱོན་ཡང་དང་ཡང་དུ་བྱེད་།། རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཉྫ ་ཛཾ་ཀུ་རུ་ཀུལྤེ་སཱ་དྷ་ནཾ། བོད་སྐད་དུ། རིག་བྱེད་མའི་ཕྱག་བརྒྱད་མའི་སྒྲུབ་ཐབས། རིག་བྱེད་མ་ལ་ཕྱག་འཚའོ།། སྔོན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས་རཱཾ་ཡིག་ཡོངསུ་གྱུར་པ་ལས་ཉི་མ་ལ་ཧྲིཿཡིག་སྤྱི་བ་དང་བསྡུ་བའི ་སྐུར་བསྒྲིམ་ནས། དེ་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ཕྱག་བརྒྱད་པ། སྐུ་མདོག་དམར་མེ་པདྨ་དམར་པོའི་འདབ་མ་བརྒྱད་པ་དང་། ཉི་མ་ལ་རྡོ་རྗེ་སྣརེལ་དཀྲུང་གིས་བཞུགས་པ། གཞལ་ཡས་ཁང་གི་དབུསུ་གནས ་ཤིང་ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱུ་མཛད་པའོ།། གཡས་ཀྱི་ཕྱག་ལྷག་མ་རྣམས་ཀྱི་ལྕགས་ཀྱུ་དོང་རྣ་བའི་རྩར་མདའ་འགོངས་པ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་བསྣམས་པའོ།། གཡོན་གྱི ་ཕྱག་ལྕུག་མ་རྣམས་ཀྱི་ཞགས་པ་དང་། གཞུ་དང་། ཨུད་པ་ལ་བསྣམས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པོ་བསྒོམས་པར་བྱའོ།། ཤར་གྱི་འདབ་མར་རབ་ཏུ་དངས་པའི་སྒྲོལ་མའོ།། ལྷོའི་འདབ་མར་རྫོགས་པའི་སྒྲོལ་མའོ།། ནུབ་ཀྱི་འདས ་