| Wylie | e-texts produced with BDRC’s OCR application |
སྙན་ངག་མཁན་ཆེན་པོ་བརྩ་བ་ཆེ་ཅན་ཞེས་པས་འདིས་ཚིགསུ་བཅད་པར་བསྡེབས་པའོ།། ། རྒྱ་གར་སྐད་དུ། ཥཊ་བྷུ་ཛ་ཀུ་རུ་ཀུལླེ་བྷ་ཊ་ར་ཀ་ཡཱ། སཱ་དྷ་ནཾ། བོད་སྐད་དུ། རྗེ་བཙུན་ཀུ་རུ་ཀུལླེ་ཕྱག་དྲུག་པའི་སྒྲུབ་ཐབས། ལྷ་མོ་རིག ་བྱེད་མ་ལ་ཕྱག་འཚལོ།། དེ་ནས་བཅོམ་ལྡན་འདས་རིག་བྱེད་མའི།། སྒྲུབ་པའི་ཐབས་ནི་བཤད་པར་བྱ།། དང་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རིག་བྱེད་མའི་བྲིས་སྐུ་ལ་སོགས་པ་བཀྲམ་ནས་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ནས་ཡིད་ཀྱི་རང་བཞིན་གྱིས་མཆོད་པའི་རྣམ་པས་མཆོད་ཅིང་ཕྱག་འཚལ་ནས་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་བྱའོ།། འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ་སྡིག་པ་ཐམས་ཅད་སོ་སྦྱོར་བཤགས།། འགྲོ་བའི་ངག་ལ་རྗེ་ཡི་རང་། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བགྱི།། སེམས་ཅན་ཐམས་ཅད་མགྲོན་དུ་བདག་གིས་གཉེར ་བྱང་ཆུབ་མཆོག་ཏུ་མངོན་འདོད་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཨོཾ་སྲྀ་བྷ་བེ་ཤུདྡྷཿསརྦ་དྷརྨྨཿསྭ་བྷྲྀ་ཤུདྡྷོ་ཧཾ། ཞེས་ལན་གསུམ་བརྗོད་ནས་རང་བཞིན་གྱི་རྣམ་པར་དག་པར་མོས་པར་བྱ་ཞིང་སྟོང་པ ་ཉིད་དུ་བསྒོམ་པར་བྱའོ།། རང་གི་སྙིང་ཁར་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡི་ག་ལས་འོད་ཟེར་གྱི་ཕྲེང་བ་རྣམ་པར་བསམ་པར་བྱའོ།། དེ་ལས་བྱུང་བའི་འོད་ཟེར་གྱིས་ཚོགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་རྣམས་སྣང་བར་མཛད་ནས་སོམས་ཅན་ཐམས་ཅད་དབང་དུ་བྱས་ཏེ། དཱའི་ས་བོན་མཐའ་དག་ལས་ཀུ་རུ་ཀུལླེ་བདག་ཉིད་ཀྱི་ལུས་ལ་རབ་ཏུ་ཞུགས་ཤིང་བདག་ཉིད་ཀྱི་ལུང་ཀྱང་ཀུ་རུ་ཀུལླེའི་སྐུར་བལྟ་བར་བྱའོ།། པདྨ་ཁ ་དམར་པོ་དང་ཉི་མའི་སྤྲིན་ལ་རྡོ་རྗེའི་སྐྱི་དཀྲུང་གིས་བཞུགས་པ། རབ་ཏུ་གསོལ་བའི་དཀྱིལ་འཁོར་ལ་ཕྱག་དྲུག་པ་གཡས་དང་གཡོན་གྱི་ཕྱག་དང་པོ་དག་གིས་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱ་འཛིན་པའོ།། གཽཉིས་པའི་གྲཡ ་བ་དང་གཡོན་པ་དག་གིས་ལྕགས་ཀྱུ་དང་ཨུད་པལ་དམར་པོ་བསྣམས་པ། ཕྱག་ལྷག་མ་གཉིས་ཀྱིས་མདའ་དང་། གཞུ་ན་བའི་རྩར་འགེངས་པའོ།། སྒེག་པའི་ཉམས་དང་ལྡན་པ། ཕྱག་གསེར་གྱི་རྒྱན་གྱིས་བརྒྱན་པ། ལང་ཆོ་གཞོན་ནིང ་ན་བཟའ་དམར་པོས་བརྒྱན་པ། ཤྭ་འགག་དམར་པོ་ལནབས་ཤིང་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པ། ཐུགས་ཀར་ཨུཏྤ་ལ་དམར་པོའི་ཟེ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ལ་བནྡྷ་ཛི་བཱ་ཀའི་མ ་ཏོག་ལྟ་བུའི་རཾ་ཡིག་བཀོད་ལ། དེ་བཞིན་དུ་བསྒོམས་ལ་ང་རྒྱལ་བྱ་སྟེ་བདག་ནི་རྗེ་བཙུན་མ་རིག་བྱེད་མའོ་ཞེསོ།། དེ་ནས་ལྷ་རྣམས་ཀྱིས་མཆོད་པའི་རྣམ་པ་སྣ་ཚོགས་པ་ལག་ན་འཆང་བ་བརྐྱང་བ་ལ་མི་ཌ་པ་རྣམས་ཀྱི་མཆོད་ཅིང་བསྟོདེ་རླུང་གི་དཀོར་ལ ་གནས་པར་བལྟས་ལ། སྙིང་གར་ལྕགས་ཀྱུས་ཕུག་ལ་སྒྲུབ་བྱའི་སྙིང་གར་ཉེ་བར་འདུག་ལ་ལྕག་གིས་བྲལ་བར་བྱའོ།། ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་བསྒྲུབ་བྱ་འགུགས་ཤིང་ཡང་ནས་ཡང་དུ་རྣམ་པར་བཅིང་བའོ།། དེ་ལ་འདི་ནི་སྟོག་སོ།། ཨོཾ་ཀུ ་རུ་ཀུ་ལླེ་ཧྲཱིཿཆེ་གེ་མོ་སྭ་པ་མྱིན་མ་ཧོཿསྭཱ་ཧཱ། དེ་ནས་བསྒྲུབ་བྱ་མྱིས་ཤིང་རྐང་པ་གཉིས་ནས་འགྱེལ་བར་བལྟ་ཞིང་བསྐུལ་བར་བྱའོ།། དེ་ལྟར་ཐུན་མཚམས་གསུམ་གསུམ་དུ་རྟག་ཏུ་བསྒོམས་ནས་བརྒྱ་བྱིན་ཡང་དབང་དུ་བྱེད་པར་འགྱུར།། སྔོན་དུ་དུསྒྲ ་པ་བྱས་ནས་རི་མོ་མཁན་པོ་སྣ་ལ་སོགས་པ་ཁྲུས་བྱས་ཏེ་གསོ་སྦྱོངས་བླངས་ནས་རི་མོ་སར་པ་གཙང་ཞིང་དབེན་པའི་ཕྱོགསུ་བྲིས་པར་བྱའོ།། དེ་བཞིན་དུ་རྫོགས་པ་དང་སྦྱར་ལ་དགེ་བའི་ཉི་མ་ལ་རབ་ཏུ་གནས་པར་བྱ་ཞིང་དེའི་མདུན་དུ་ཅན་དཀར་པོས་མ ་ཌལཾ་མངོན་པར་བྱུགས་ལ་མར་གྱི་མར་མེ་རབ་ཏུ་སྦར་ཏི། ཉོར་སྤྱོད་ལྔས་བཅོམ་ལྡན་འདས་མ་ཡང་དག་པར་མཆོད་པར་བྱས་ནས་འདིའི་སྔགས་ཁྲི་བཟླསོ།། ཨོཾ་ཀུ་རུ་ཀུལླེ་ཕྲེཾ་སྭཱ་ཧཱ། དེ་ནས་དེ་ལས་ཐམས་ཅད་ནུས་པར་འགྱུར།། རྗེ་བཙུན་མ ་ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐད་དུ། ཥ་ཊ་བྷུ་ཛ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལཾ་ཕྱག་འཚལོ།། དང་བ ་