| Wylie | e-texts produced with BDRC’s OCR application |
དེ་བཞིན་དུ་སྐུར་ཡང་ཇི་སྙེད་པའི་སེམས་ཅན་རྣམས་དབང་དུ་བྱས་ནས་དེ་ལ་བྱང་ཆུབ་ཆེན་པོ་མངོན་སུམ་དུ་བྱས་ཏེ། དེ་བཞིན་དུ་སྦྱོར་བས་བཟོད་པར་བྱའོ།། དེ་བཞིན་དུ་སྒྲུབ་བྱ་དང་བསྒྲུབ་བྱེད་མོ་ཀུ་རུ་ཀུ ་ལྕེའི་སྐུར་བསྒོམས་ནས་གང་དུ་དེའི་ས་བོན་ལ་དེ་བཞིན་དུ་སྒྲུབ་པ་པོའི་མདའ་ལས་སྒྲུབ་བྱའི་ལག་ན་རིན་པོ་ཚེ་གནས་པའི་མདའི་མདེའུ་འོད་ཟེར་གྱིས་རྣམ་པར་སད་ནས། དེ་བཞིན་དུ་རྣ་བ་གཡས་པ་ན་ཞུགས་ཏེ། དེ་བཞིན་དུ་སོང་ཞིང་དེ་བཞིན ་དུ་སོང་ཞིང་དེ་བཞིན་དུ་གནས་ནས་དེ་བཞིན་དུ་ཞུགས་ཤིང་དེའི་གནས་ལ་སོན་ནས་དེ་བཞིན་དུ་གནས་པར་བྱའོ།། དཔལ་ཀུ་རུ་གུལླེའི་རྟོག་པ་ལས་ཧྲཱིཿཡིག་མྱོས་བྱེད་ཀྱི་དུགས་ལ་དགོད་པར་གསུངས་ཏེ། དེ་ནས་ངེས་པར་བསྒྲུབ་བྱས་བསྒྲུབ་པ ་པོའི་གཞན་དབང་དུ་གྱུར་ནས་ཡི་སྤྲོ་བར་བྱ་བ་ཐམས་ཅད་བྱེད་པར་འགྱུར།། ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད།། ཆོ་ག་འདི་བསྒྲུབ་བསོད་ནམས་གང་།། དེའི་སྐྱེ་བེ་མ་ལུས་པ།། དབང་གྱུར་བྱང་ཆུབ་ཐོབ་པར་ཤོག། དཔལ་ཀྱེའི་རྡོ་རྗེའི་རྒྱུ་དེ་ལས་རང་བྱིན་གྱིས ་བརླབ་པའི་རིམ་པ་ལ། རིག་བྱེད་མའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པས་རོལ་པས་མཛད་པ་རྫོགསོ།། ། རྒྱ་གར་སྐད་དུ། ཧཱུཾ་བཛྲ་ཀྲ་མཾ་ཀུ་རུ་ཀྵལླེ་སཱ་དྷ་ནཾ། བོད་སྐད་དུ། ཀྱེའི་རྡོ་རྗེའི་རིམ་པའི་རིག་བྱེད་པའི་སྒྲུབ་ཐབས་ཀུ་རུ་ཀུལླེ། ་ལ་ཕྱག་འཚལོ།། དང་པོར་རང་གི་སྙིང་གིར་ཁ་དོག་དམར་པོའི་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། དེ་ལ་ཧྲཱིཿཡི་གེ་དམར་པོ་བལྟ་བར་བྱའོ།། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། ཕྱི་ནས་སྟོང་པ་ཉིད་བསྒོམ་པར་བྱའོ།། འདི་རྣ་ཁྱེར ་པས་སྟོང་པ་ཉིད་ལྔ་གནས་ནས་ཎཱཾ་ཡིག་ལས་མདུན་དུ་ཉི་མ་རྣམ་པར་བསྒོམས་ལ། དེའི་སྟེང་ན་ཧཱུཾ་ཡིག་ཁ་དོག་ནག་པོ་བློ་དང་ལྡན་པས་བསྒོམ་པར་བྱའོ།། དེ་ཡོངསུ་གྱུར་པ་ལ་སྣ་ཚོགས་རྡོ་རྗེའོ།། དེ་ཡོངསུ་གྱུར་པ་ལས་རྡོ་རྗེའི་རང་བཞིན ་གྱི་དང་། རྡོ་རྗེའི་གུང་བཅིངས་ནས། ཨོཾ་རཀྵ་རཏྣ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། བྷི་ནས་རྣལ་འབྱོར་པས་པོདྨ་དམར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར།། དེའི་སྟེང་དུ་ཧཱུཾཿཡིག་དམར་པོ་ཡོངསུ་གྱུར་པ་ལས་པདྨའོ།། དེའི་སྟེང་དུ་སླར་ཡང་ཟླ་བའི་དཀྱིལ ་འཁོརར།། དེ་ཡོངསུ་གྱུར་པ་ལས་ཀུ་རུ་ཀུལླཱིར་བདག་ཉིད་བསམ་པར་བྱ་སྟེ། སྐྱིལ་ཀྲུང་ཕྱེད་པའི་གར་སྟོབས་ཀྱིས་བཞུགས་པ་གཞོན་ཞིང་རྐེད་པ་ལ་སྟག་གི་ལྤགས་པའི་ཤམ་ཐབས་མིནབས་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། སྐྲ་དམ ་སེར་གྱེན་དུ་བརྫེས་ཤིང་མགོན་པོ་འོད་དཔག་ཏུ་མེད་པས་དབུ་བརྒྱནཽ་པཾ། ཕྱག་ན་མདའ་གཞུ་དང་དེ་བཞིན་དུ་ཨུད་པ་ལ་བསྣམས་པའོ།། འདིར་གནས་ངེས་པ་མེད་ཅིང་ཟས་ཀྱང་ངེས་པ་མེད་ལ། འདིར་སྔགས་བཟླས་ཤིང་བྱ་བ་དང་ལྡན་པས་སོ།། ་ཇི་ལྟ་བ་བཞིན་དུ་འགའ་ཞིག་གིས་ཀྱང་མི་ཤེས་ཏེ་དེ་བཞིན་དུ་བསྒྲུབ་པར་བྱའོ།། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱིཿསྭཱ་ཧཱ། ཟླ་བ་ཕྱེད་དུ་འབུམ་ཕྲག་གཅིག་གིས་རྒྱལ་པོ་དང་། སྐྱེ་དགུའི་འཇིག་རྟེན་དབང་དུ་འགྱུརརོ།། བྱེ་བས་དུད་འགྲོ་དང་གནོད་སྦྱིན་ལ་སོ ་པ་དང་། འབུམ་ཕྲག་བདུན་གྱི་ལྷ་མ་ཡིན་རྣམས་ཀྱང་ངོ་།། ཀྱེའི་རྡོ་རྗེའི་རིམ་པའི་ཀུ་རུ་གུ་ལློའོ་བོ་སྒྲུབ་ཐེབས་རྫོགསོ།། རྒྱ་གར་སྐད་དུ། ཀུ་རུ་ཀུ་ལཱ~ཾ་ཡཱ། སཱ་དྷ་ནི་ཤྲིཾ་ཧེ་བཛྲ་ཏན་ཏིད་དྷི་ཏི། བོད་སྐད་དུ། རེག་བྱེད་མིའི་སྒྲུབ་ཐབས ་