CLOSE WINDOW

GT2390: u rgyan nas byung ba'i rig byed ma'i sgrub thabs
Wyliee-texts produced with BDRC’s OCR application

དུ་བྱེད་པར་འགྱུར་ཞེསོ།། དཔལ་ལྡན་འཕགས་མ་རིག་བྱེད་མེའི་སྒྲུབ་ཐབས། རྫོགས།། ། རྒྱ་གར་སྐད་དུ། ཨེཊྚཱ་ཡ་ན་བི་ནི་རགས་ཏྭ་ཀུ་མཱ་ཎ་ཝེ་དྷཾ་ནཾ། བོད་སྐ་དུ། ཨུ་རྒྱན་ནས་བྱུང་བའི་རེག་བྱེད་མའི་སྒྲུབ་ཐབས། འཕགས་མཱ་རིག ་བྱེད་མ་ལ་ཕྱག་འཚལོ།། དང་པོར་རེ་ཞིག་སྒོམ་པའི་སྔོན་དུ་དྲི་བཟངས་ལྔས་སའི་ཕྱོགས་གཅིག་ཏུ་ཉེ་བར་བྱུག་སྟེ། བརྟུལ་ཞུགས་དང་ལྡན་པས་དགའ་བོའི་སེམས་ཀྱི་སྟན་བདེ་བ་ལ་ཉེ་བར་འདུག་སྟེ་མཉམ་པར་བཞིག་ནས། དེ་ནས་ཕྱིས་རང་གི་སྙིང ་ཁར་རམ་ཡིག་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབར་བའི་ཕྲེང་བ་རྣམ་པར་འཁྲུགས་པའོ།། དེའི་ལྟེ་བར་ཧྲིཾཿཡིག་དམར་པོ་རྣམ་པར་བསམ་པར་བྱའོ།། དེ་ནས་ཧྲཱིཿཡིག་ལས་བྱུང་བའི་འོད་ཟེར་གྱིས་དྲ་བས་ཕྱོགས་བཅུ་ན་གནས་པའི ་སེམས་ཅན་གྱི་ཁམས་སྣང་བར་བྱས་ནས་དཔལ་ལྡན་རིག་བྱེད་མའི་གཟུགསུ་དགོམ་པར་བྱའོ།། སྐུར་ལོག་སྟེ་དེ་ཉིད་ལ་ཞུགས་ནས་དེ་བཞིན་དུ་འོད་ཟེར་གྱི་དྲ་བ་བསྒོམ་པར་བྱའོ།། དེ་ནས་ཕྱིས་མདུན་གྱི་ནམ ་ལ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན་དབུ་སྐྲ་འབར་བ་གྱེན་དུ་བརྫེས་པ་ཐོད་པ་ལྔས་དབུ་བོ་རྒྱན་ཅིང་རོའི་སྟེང་ན་བཞུགས་པོ། མགོ་བོའི་ཕྲེང་བས་དོ་ཤལ་བྱས་ཞིང་སྐྱིལ་དཀྲུང་བྱེད་པའི་གར་སྟབས་ཀྱི་བཞུགས་པ། ཞལ་ཅུང་ཟད་མཆེ་བ་གཙིགས། ་ཤིང་ལྗགས་བསྐྱེད་པ་འཁོར་ལོ་དང་། རྣ་བརྒྱན་དང་། མགུལ་རྒྱན་དང་། དཔུང་བརྒྱ་ན་དང་། སྐ་རགས་དང་། རྐང་གདུབ་ཀྱོས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། གཡོ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོན་དུ་ལྟ་བ། མགོན ་བོ་འོད་དཔག་མེད་པའི་དབུ་རྒྱན་ཅན། ཕྱག་བཞི་པ་རྩ་བའི་ཕྱག་གཉིས་ཀྱིས་མེ་ཏོག་དམར་པོའི་གཞུ་འཛིན་ཅིང་ཨུད་པ་ལ་དམར་པོའི་མདེའུ་ཙན་གྱི་མདའ་རྣ་བའི་རྩར་འགེངས་པ། ཕྱག་ལྷག་མ་གཉིས་ཀྱིས་མེ་ཏོག་དམར་པོས་བྱས་པའི་ལྕགས ་གྷ་དང་ཨུད་པ་ལ་དམར་པོ་བསྣམས་པར་བསམ་པར་བྱ་པ། འདི་ཉིད་མཆོད་པའི་ཕྱིར་དང་གྷི་སྙིང་གོར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཾཿཡིག་ལས་བྱུང་བའི་ཉེ་བར་སྨད་པའི་མཆོད་པ་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲྀ་དང་། ཞལ་ཟས་ལ ་སོགས་པ་རྣམས་ཀྱིས་མཆེད་པར་བྱའོ།། མཆོད་ནས་མཆོགི་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས་འདུད་ཅིང་ལུས་ལ་སོགས་པས་ཕྱག་འཚལ་ཏེ། དེ་ནི་ས་བདག་གིས་སྡིག་པ་བགྱིས་པ་དང་། གང་ཞིག་བགྱི་དུ་སྩལ་པ་དང་། བགྱིད་པ་ལ་རྫ་སུ ་ཡི་རང་བ་བགྱིས་པ་དེ་རྣམས་བཅོམ་ལྡན་འདས་མའི་མདུན་དུ་མངོན་སུམ་དུ་བཤགས་པར་བགྱིའོ།། དེའི་རྗེསུ་འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་ཁམས་རྣམས་བསྒྲལ་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་གཟུང ་བར་བྱའོ།། དེ་ནས་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ།། དེའི་རྗེས་ལ་སྟོང་པ་ཉིད་བསྒོམས་ཏེ། དེ་ལ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ་ཧཱུཾ། ཞེས་པས་སེམས་བྱིན་གྱིས་བརླབས་ལ། དེའི ་རྗེསུ་ན་མཁའི་ཕྱོགསུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབར་ཞིང་འབྲི་བའི་རྣམ་པར་བསྒོམ་པར་བྱའོ།། དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་ཡོངསུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ།། རཱ་བ་གུར་བཅིང་པོ་དང་། རྡོ་རྗེའི་རང་བཞིན་གྱིས ་གཞི་རྣམས་བསྒོམ་པར་བྱའོ།། ཞེས་པ་ནི་བསྲུང་བའི་འཁོར་ལོའོ།། དེའི་དབུསུ་ཨེ་ཡིག་གི་རྣམ་པའི་ཆོས་འབྱུང་མཛེས་ཤྲིང་ཡེ་ཤེས་ཀྱི་རྣམ་པ་སྐུ་མདོག་དཀར་པོ་བསྒོམ་པར་བྱའི།། དེའི་དབུ་སུ་ཧྲཱིཿཡིག་དམར་པོ་ལས་བྱུང་བའི་ཆུ་སྐྱེས་དམར ་པོ་འདབ་མ་བརྒྱད་པའོ།། དེའི་སྟེང་དུ་ཟེ་འབྲུ་ལ་རཾ་ཡིག་ཡོངསུ་གྱུར་པ་ལས་ཉི་མའོ།། དེའི་སྟེང་དུ་རིའོ།། སླར་ཡང་དེའི་སྟེང་ཟླ་བ་ཡོངསུ་གང་བ་དཀར་པོས་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད།། དེའི་སྟེང་དུ་སླར་ཡང་ཉི་མའི་དཀྱིལ་འཁོར་ལ ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་མངག་དམར་བའོ།། དེའི་ངོའུ་སུ་ཧྲཱིཿཡིག་དམར་པོ་ཡོངསུ་གྱུར་པ་ལས་ཨུད་པ་ལ་དམར་པོའི་མདེའུ་ཅན་གྱི་མངའ་ལ་རང་གི་སེམས་ཉིད་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ།། ཕྱི་ནས་ཉི་མ་དང་ཟླ་བ ་རོ་གཅིག་ཏུ་གྱུར་པ་ལས་བདག་ཉིད་སྔོན་མ་བྱུ་བཞིན་དུ་ཀུ་རུ་ཀུལླེའི་སྐུར་བསྒོམ་པར་བྱའོ།། རང་གི་སྙིང་གར་རཾ་ཡིག་ལས་ཉི་མའི་དཀྱིལ་འཁོར་བསྒོམས་ལ་དེའི་ལྟ་བ་ལ་སླར་ཡང་ཧྲིཿབསྒོམ་པར ་བྱའོ།། དེ་ལས་བྱུང་བའི་འོད་ཟེར་གྱིས་མགོན་པོ་འོད་དཔག་ཏུ་མེད་པ་གདན་དྲངས་ལ་གསང་བ་དང་གཞན་གྱི་མཆོད་པ་རྣམས་ཡང་དག་པར་མཆོད་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ།། དེ་ལ་འདིས་གསོལ་བ་གདབ་པར ་བྷྱོ་སྟེ། མགོན་པོ་འོད་དཔག་མེད་པས་བདག་ལ་དབང་བསྐུར་དུ་གསོལ་ཞེས།། དེ་ན་སྣ་མགོན་པོ་འོད་དཔག་མེད་པས་ཉིད་ཀྱི་ཐུགས་ཀ་ནས་བདུད་རྩི་ལྔས་གང་བའི་བུམོ་པ་ལྔ་འཕྲོ་བར་རྣམ་པར་བསྒོམ་པར་བྱའོ།། དེ་ནས་བདུད་རྩི་རྣམ་པ་ལྷས ་ཡོངསུ་གང་བའི་བུམ་པ་ལྔ་པོ་དེ་རྣམས་ཀྱིས་ཁྲུས་མཛད་ཅིང་བཀྲུས་ནས་རང་གི་སྙིང་ཁྭའི་བུམ་པ་རྣམས་ལ་རབ་ཏུ་གཞུག་པའོ།། དེ་ལ་རབ་ཏུ་ཞུགས་ནས་རང་རྣལ་འབྱོར་པའི་སྤྱི་བོར་མགོན་པོ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ།། ཐུན ་མཚམས་གསུམ་དུ་རྣམ་པར་བསྒོམ་ཞིང་སྔགས་བཟླས་པར་བྱའོ།། དེ་ནས་སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ། ཙན་དན་དམར་པོས་ཁྱད་པར་དུ་བཟླས་པར་བྱའོ།། ཨོཾ་ཨཱཿཧཱུ~ཾ་ཞེས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་སྤྲུ ་པས་སྐྱེས་པ་འམ་བུད་མེད་དབང་དུ་བྱ་བར་འདོད་ན་དཀར་པོའི་ཕྱོགས་ཀྱི་ཆོས་གཅིག་ནས་བརྩམས་ཏེ་ཐུན་མཚམས་གསུམ་དུ་ཁྲི་ཕྲག་རོ་ཉིས་སོ་སོ་ལོ་བཅོམ་ལྡན་འདས་མའི་སྐུ་ལཾ་གས་དམར་པོའི་སྟོང་གཡོགས་བྱའོ།། དེའི་རྗེསུ་རང་གི ་སྙིང་གར་ཉི་མ་ལ་གནས་པའི་ཧྲཱིཿཡིག་དམར་པོ་ཡོངསུ་གྱུར་པ་ལས་ཆུ་སྐྱེས་དམར་པོ་འདབ་མ་བརྒྱད་པ་སྟེ་གནས་ཀྱི་བར་དུ་སོན་པའི་སྡོང་བུའི་རྣམ་པ་བསྒོམ་པར་བྱའོ།། དེའི་འདབ་མ་བརྒྱད་པ་བུང་བ་བརྒྱ་དོ།། བརླ་བར་དུ་དབྱངས ་ཡིག་ཡོངསུ་གྱུར་པ་ལས་ཤིན་ཏུ་དགའ་ཞིང་དགྱེས་པ་དང་། ཁྲོ་ཞིང་ཆགས་པའི་གོམ་རིམ་བཞིན་དུ་རང་གོ་སྣའི་རླུང་གིས་བསྣོལ་ཏེ་འཕུར་ནས་སྣ་བུག་གཡོན་པའི་བུ་ག་ནས་འཐོན་ཏེ་སྒྲུབ་བྱའི་སྣ་བུག་གཡོས་པའི་བུ་གར་རབ་ཏུ་ཞུགས ་ཏཱཾ་དགའ་བ་སྣ་དུམ་བུར་འཐུང་ཅིང་ཉམས་པར་བྱས་ཏེ། དབྱངས་ཡིག་དང་པོ་ལ་སོགས་པ་བརྒྱད་ཅུང་ཞིག་དམར་བ་དང་ལྡན་པའི་འདབ་མ་གཞིག་པར་བྱའོ།། དེ་ལྟར་ལྟ་བར་བྱེད་པའི་རྣལ་འབྱོར་པོས་ཕྱི་ནས་རྣ་བའི་བར་དུ་བཀང་བའི་ཨུད་པ་ལའི ་མདེའུ་ཅན་གྱི་མདའ་དང་གཞུའི་ཆང་པ་ལ་ལྟ་ཞིང་སྔགས་ཟར་འབྲུ་ལ་སོ་སོར་བརྟག་པར་བྱའོ།། དེ་ནས་བུང་བ་དེ་རྣམས་དམ་ཚིག་གིས་བསྐུལ་ནས་སྣ་བུ་གོ་གཡོན་པའི་བུཾ་ག་ནོས་བྱུང་སྟེ། དབྱངས་རེ་རེ་བླངས་ཤིང་ཁྱེར་ནས་རྣལ་འབྱོར་པའི་སྟ་བུག ་ནས་ཞུགས་ཏེ་རང་གི་སྙིང་ཁར་རང་དང་གཞན་གྱིས་ཤེས་པ་ངོ་བོ་གཅིག་ཏུ་བྱའོ།། ཕྱི་ནས་ཨུད་པ་ལས་སྐྲ་བཅིངས་ཏེ། སྐྱེ་གནས་ལྕགས་ཀྱུས་ཕུག་ཅིང་མདའི་དྲ་བས་བསྟན་ཅིང་དབང་དུ་བྱེད་པར་རྣམ་པར་བསམ་པར་བྱའོ།། འགལ་མོའི་འཁོར་ལོ ་ལ་སྒྲུབ་བྱས་གནས་པར་བསམ་པར་བྱའོ།། སྒྲུབ་པ་པོའོ་ནི་སྔགས་ཀྱི་གཟུགས་ཀྱི་ཉེ་བར་བསྟན་པ་ངེས་ཤིང་དགའ་བས་རྟག་ཏུ་སྔགས་བཟླས་པར་བྱའོ།། ཨ~ཾ་ཀུ་རུ་ཀུལླི་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་བྱེད་པར་གྱིས་ཤིག། སྭཱ་ཧཱ། ཉིན་མཚན་ཐ། ་ཡང་ཤཱ་བྷྲ་མ། དེ་ནས་དུ་མྱོས་པ་ཟླུགྶ་ཏེ་འོང་བ་འགྱུརརོ།། སྔགས་ཀྱི་བྷམྦྷ་ལཱ་ནཱས་སྒྱུ་རྒལ་པགོས་མེད་པ་འདོད་པར་ནན་པ་རྩུབ་པར་ནས་རང་གི་ཡིད་དམ་རྣལ་འབྱོར་གྱིས་སངས་རྒྱས་ཀྱི་དཀྱིལ་ལང་། ་མཆོང་པར་བྱའོ།། གླུན་མྦྷ་བཱ་མྀ་ནུས་པའི་དངོས་གྲུབ་རྒྱུ་ཆེན་པོ་ཐཾདེ་ཕྱུར་འགྱུརརོ།། ཨོཾརྨྨན་ནས་བྱུང་བའི་ག་བྱེད་མིའི་སྒྲུབ་ཐབས་རྫོགས།། རྒྱུ་གར་སྐད་དུ། ས+འུརྦྦ་མྦྷཀྵེ་སྭཱ་དྷཱ་ནཾ། བིད་སྐད་དུ།། རིགས་བྱེད་མའི་སྒྲུབ་ཐབས་སུ ་