CLOSE WINDOW

GT2386: sgrol ma'irtog pa las 'byung ba'i tshig lhug pa'i rig byed ma'i sgrub thabs
Wyliee-texts produced with BDRC’s OCR application

གྲུབ་པ་མོ་འགྲུ་ཆེན་པོ་ཡང་།། གྲུབ་པར་འགྱུར་བར་མཚེམ་མེད། སྒྲོལ་མའི་རྟོག་པ་ལསྣ་འབྱུང་བ་ལི། ཀུ་རུཀཱ་ལླེའི་སྒྲུབ་ཐབས་རྫོགས་སོ།། ། རྒྱུ་གུར་སྐད་དུ། མུཿ ་ཀླེ་ན་ཏཱ་རོང་པྲ་བ་ཀུ་རུ་ཀུལླཱི་སཱ་ནཾ། བོ་དི་སྐད་དུ། སྒྲོལ་མའི་རྟོག་པ་ལས་འབྱུང་བའི་ཚིག་ལྡོག་པའི་རེག་བྱེད་མའི་སྒྲུབ་ཐབས། འཕགས་མི་རིག་བྱེད་མ་ལ་ཕྱག་འཚལོ།། གང་གིས་དྲན་པ་ཙམ་གྱིས་ནི། ལྷ་དང་ལྷ ་མིན་མི་བཅས་རྣམས།། ངེས་པར་པ་ག་ཞུགས་བྱེད་འགྱུར་བའི།། སྒྲོལ་མ་དེ་ལ་ཕྱག་འཚག་ལོ།། དང་པོར་རེ་ཞིག་སྔགས་པས་ཡིང་དང་འཐུན་པའི་གནསུ་བུད་མེད་ཀྱི་ཚོགས་ལ་སོགས་པ་དང་བྲལ་བར་སུན་བདེ་བ་ལ ་འདུག་སྟེ། རང་གི་སྙིང་ཁར་དབྱངས་ཡིག་དང་པོ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཟེར་དང་བཅས་པའི་ཧྲཱིཿཡིག་གིས་ས་བོན་ལས་བྱུང་བའི་འོད་ཟེར་དམར་པོའི་ཚོགས་ཀྱིས་འགྲོ་བ་རྣམས་གསལ ་མཛད་པ་སྟོ་དུ་འགྲོ་བསོ་ཀུ་རུ་ཀཱལླེའི་རི་ལ་གནས་པའི་བཅོམ་ལྡན་འདས་མ་རིག་བྱུ་མཱཾ་ཡང་དག་པར་བསྐུལ་ནས་སྤྲིན་དྲངས་ཤིང་མདུན་གྱི་ན་མཁའ་ལ་ཡང་དག་པར་བསམས་ཏེ། སྙིང་གེའི་ས་བོན་གྱི་འོད་ཟེས ་ལས་སྩལ་པའི་མེ་ཏོག་དང་། བདུག་སྐྱེས་ལ་སོགས་པ་སྣ་ཚོགས་པའི་མཆོད་པར་བྱའོ།། དེའི་རྗེས་ལ་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་ཛཱ་སུ་ཡི་རང་བ་དང་། ཡོངསུ་བསྔོ་བ་དང་། ་གསུམ་ལ་སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། དཀོན་མྱཆོག་གསུམ་ལ་སྐྱབས་མནཱི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང ་ཆུབ་ཡོད་ཀྱིས་བཟུང་།། ཞེས་ལན་གསུམ་བརྗོད་པར་བྱའོ།། དེ་ནས་ཚད་མེད་པའི་གནས་བཞི་བསྒོམ་ཞིང་། སྔགས་འདིས་བྱིན་གྱིས་བརླབ་པ་བརྗོད་པར་བྱ་སྟེ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། དེའི་རྗེས་ལ་འགྲོ་བ་སྡུག ་བསྔལ་བ་མཐའ་དག་ལ་སྙིང་རྗེ་བས་རང་གི་སྙིང་སེམས་ཀྱི་ས་བོན་གྱི་གཟུགས་ལ་བལྟ་སྟེ། དེ་ཡོངསུ་གྱུར་པ་ལས་ཨུད་པོ་ལ་དམར་པོའི་སྟེང་དུ་དབྱངས་དང་པོ་ཡོངསུ་གྱུར་པ་ལས་ཟླ་བ་ལ་གནས་པའི་ས་བོན་གྱིས་འོད་ཟེར ་རྣམས་ཀྱི་སྔོན་བཞིན་དུ་འགྲོ་བ་རྣམས་གསལྔ་བར་མཛད་ནས། དེ་བཞིན་གཤེགས་པ་བྱེ་བ་མཐའ་ཡས་པ་ཡང་དག་པར་བསྐུལ་ཞིང་སྤྱན་དྲངས་ནས་ནང་དུ་བསྒོམ་པར་བྱའོ།། དེ་ལ་ཨུད་པ་ལ་སོགས་པ་ཡོངསུ་གྱུར་པ ་ལས་སྐུ་མདོག་དམར་མོ་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ། དར་དམར་པོའི་སྟོད་གཡོགས་བྱས་པ་འོད་ཟེར་དམར་པོ་དང་ལྡན་པ། རིན་པོ་ཆེ་དམར་པོའི་རྣ་བརྒྱན་ཅན། ཕྱག་བཞི་པ། གཡས་པས་མི་འཇིགས ་པ་རབ་ཏུ་སྦྱིན་པ། གཉིས་པས་མདའ་ཡང་དག་པར་འགེངས་པ། གཡོན་ན་རིན་པོ་ཆེའི་གཞུ་བསྣམས་པ། གཉིས་པས་ཨུད་པ་ལ་དམར་པོ་བསྣམས་པ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་དབུ་བརྒྱན་ཅན། ་ཀུ་རུ་ཀུལླེའི་རིའི་ཕུག་ན་བཞུགས་པ། སྒྲ་གཅན་གྱི་མགོ་ལ་གནས་པའི་འདོད་ལྷ་ཆུང་མ་དང་བཅས་པའི་སྟེང་དུ་བཞུགས་པ། སྒེག་པའི་ཉམས་ཀྱི་རེལ་ཞིང་དང་པོའི་ལང་ཚོ་དང་ལྡན་པའི་རིག ་བྱེད་མ་བསྒོམ་པར་བྱའོ།། དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས། སྐད་ཅིག་གིས་ཡེ་ཤེས་སེམས་དཔའ་མདུན་དུ་སྤྱན་དྲངས་ཏེ། ཡང་དགེ་བར་མཆོད་ནས་དམ་ཚིག་གི་ཕྱག་རྒྱས་ཞལ་གྱི་ནང་དུ་ཞུགས་པར་སྒོམ་པར ་བྱའོ།། དེ་ལ་དམ་ཚི་གཽ་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཐལ་མོ་ཡང་དོག་པར་སྦྱར་ནས་གུང་མོ་དག་རྩེ་མོར་བྱས་པའི་དབུསུ་མིང་མོ་དེ་དག་བཅུག་སྟེ། གུང་མོའི་རྒྱབ་ཏུ་འཛུབ་མོ་གཉིས་གནས་ཤིང་མཐེ་བ་ཆེན་གཉིས་འོག་ཏུ་རབ་ཏུ ་ཞུགས་པ་དེ་ལྟ་བུའི་རྣམ་པ་ནི་ཨུད་པ་ལའི་ཕྱག་རྒྱའོ།། དེའི་རྗེ་སུ་བྱང་ཆུབོ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་མཆོད་ཆེན་སྩལ་བ་ལྟར།། བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། ན་མཁའི་རྡོ་རྗེ་དེང་བདག་གསོལ།། ཞེས་གསོལ་བ་བཏབ་ལ ་དབང་བསྐུར་བ་ནི་རྡོ་རྗེ་ཆ། ཁམས་གསུམ་ཀུན་གྱི་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསང་གསུམ་གྱི། གནས་ལས་བྱུང་བ་བདག་གི་སྦྱིན།། ཞེས་བརྗོད་པ་རྣམས་ཀྱི་སངས་རྒྱས་ཀྱི་བཀའ་སྤྱན་མ་ལ་སོགས་པ་རྣམས་ཀྱི་དབང ་བསྒྱུར་བ་སྟོར་བར་བསམ་པར་བྱ་ཞིང་དི་འོང་དཔག་མེད་དབུ་རྒྱུན་དུ་བཞུགས་པའོ།། དེ་ལྟར་བསྒོམས་ནས་བཟླས་པ་བྱ་སྟེ། ཧ་ཅང་སྐྱེན་མ་ཡིན།། མི་གསལ་མ་ཡིན་རྟོག་པ་སྤངས། ཨཾ་ཀུ་རུ་ཀུལླེ་ཧྲིཿཧཱུཾ་སྭཱ་ཧཱ། དེ་ལྟར་ཐུན་མཚམ ་གསུམ་གྱི་རིམ་པས་འཁུར་བ་དང་ཀ་ར་ལ་ལ་སོགས་པའི་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་རྟག་ཏུ་རྒྱུན་མ་ཆད་པར་བརྟན་པར་འཇུག་པས་ཟླ་བ་དྲུག་དུ་བསྒོམ་པར་བྱའོ།། གྲུབ་པའི་མཚན་མ་རྣམས་ནི་འབྱུང་བར་འགྱུར་རོ།། དེའི ་རྗེས་ལ་ཟླ་བ་དང་པོ་ལ་ནང་ལ་སོགས་པ་བར་དུ་གཅོད་པ་བྱརྒྱ་འབྱུང་བར་བ་འགྱུར་རོ།། ཟླ་བ་གཉིས་པ་ལ་སྟོན་མཱཾ་གྱ་ནོམ་པ་མ་བྷཱ་སྦྱངས་པདྨ་རྙེད་པར་འགྱུརོ།། གསུམ་པ་ལ་གོས་སྣ་ཚོགས་པ་རྙེད་པར་འགྱུ་རོ།། བཞི་པཱ་ལ་སྣ་ཚོགས་པའི་སོ ་རྒྱུན་མི་འཆད་པར་རྙེད་པར་འགྱུར་རོ།། ལྔ་པ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པའི་བུད་མེད་ཀྱི་གྲོགས་རྙེད་པར་འགྱུར།། ཟླ་བ་དྲུག་པ་ལི་ལྷ་རང་ཀླུ་དང་གནོད་སྐྱོན་དང་། དྲི་ཟ་དང་། མི་འམ་ཅི་ལ་སོ། ་པོའི་བུད་མེད་ཡིད་འོང་བ་དང་ཕྲེད་པར་འགྱུ་རོ།། བཅོམ་ལྡན་འདས་མ་བསྒོམས་ན་ཕལ་ཆེར་བུད་མེད་རྣམས་ཀྱིས་འཆེ་བར་འགྱུརརོ།། དེ་ལ་བདུད་ཀྱི་ལས་འདི་རྣམས་སྤངས་སྟེ་བཅོམ་ལྡན་འདས་མ་སྒོམ་པར་བྱེད་པ་ལ་རྨི་ལམ་ལམ་མམ་དང ་གྲུབ་ལ་སྟོན་པར་འགྱུར་ཏེ། རལ་གྲི་དང་། མིག་སྨན་དང་། རྐེང་པའི་བྱུག་པ་དང་མི་སྣང་བ་དང་བཅུ་ལེན་དང་། མཁའ་སྤྱོད་པ་དང་། ས་ལ་སྤྱོད་པ་དང་། ས་འོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ།། གལ་ཏེ་སོ་སོར ་བཀས་སྟོན་པར་མི་གྱུར་ན་ངའི་ཚེ་སྔར་གསུངས་པའི་ཕྱག་རྒྱས་བཅིངས་ནས་མཆོད་པ་དང་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ཟླ་བ་དྲུག་གོ་མཐར་ཟླ་བ་ཡོངསུ་གང་བའི་མཚན་མོ་རིལ་པོ་བཟླས་པར་བྱའོ།། དེ་ནས་ཕྱག་རྒྱ་འབར་ཏེ་འགྲུབ་པར་འགྱུན ་ཕྱག་རྒྱ་དེས་ཚངས་པ་དང་། དབང་པོ་དང་། ཉེ་བའི་དབང་པོ་དང་། དྲག་པོ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་ཡང་དག་པར་བཀབ་སྟེ། ཡང་དག་པར་འོདས་ནས་མངོན་པར་འདོད་པ་རྣམས་རྫོགས ་པར་སྒྲུབ་པ་བྱེད་པར་འགྱུ་རོ།། དེ་ནས་བཟུང་སྟེ་སྐྱེ་བ་དང་། རྒས་པ་དང་། འཆི་བ་དང་བྲལ་ཞི་བ་གྲུབ་པའི་འཇིག་རྟེན་གྱི་ཁམ་སུ་སོང་ནས་དེ་བཞིན་གཤེགས་པ་རྣམས་བལྟ་ཞིང་ས་དང་གཟུངས་ལ་སོགས་པ་རྣམས་ཐོབ་པར་འགྱུ་རོ།། ་སྒྲོལ་མའི་རྟོག་པས་ལས་བྱུང་བའི་ཆོག་ལྡོག་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་བསྒྲུབ་ཀྱིས་མཛད་པ་རྫོགས།། ། རང་ཉིད་ཀུ་རུ་ཀུལླེར་བསྒོམ།། སྒྲོལ་མ་ལས་བྱུང་མཚོ་སྐྱེས་མ།། བསྒྲུབ་བྱ ་