| Wylie | e-texts produced with BDRC’s OCR application |
བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལོ།། ཡོད་མེད་མཐའ་སོགས་རྣམ་པར་སྤངས།། བློ་ཡི་སྤྱོད་ཡུལ་མ་ཡིན་ཀྱང་།། འགྲོ་ལ་བརྩེ་བས་སྣ་ཚོགས་གཟུགས།། མཁའ ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ།། གང་ཞིག་བློ་ཡི་མུན་སེལ་ཅིང་།། བདེ་བ་མ་ལུས་འབྱུང་བའི་གནས།། རྡོ་རྗེ་སེམས་དཔའི་ངོ་བོ་ཉིད།། བླ་མ་རྣམས་ལ་ཕྱག་འཚལོ།། དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི།། ལྷ་རྣམས་མཉེས ་པར་བྱེད་པའི་ཐབས།། རྒྱུད་འདི་ནས་ནི་ཕལ་ཆེ་བའི།། བླ་མའི་མན་ངག་སྦྱིན་སྲེག་བཤད།། སྦྱིན་སྲེག་རྣམ་པ་གཉིས་ཡིན་ཏེ།། ཕྱི་དང་ནང་དུ་འདིར་བཞེད་དོ།། ཕྱི་ཡི་རྣམ་པ་དགུ་ཡིན་ཏེ།། ནང་གི་གཏུམ་མོའི་རྣལ་འབྱོར་རོ།། ། ་དེ་ལ་སྔོན་དུ་བསྙེན་པ་བྱས་པའི་སྒྲུབ་པ་པོས།། དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་སའི་ཆོ་ག་ཡོངསུ་རྫོགས་པར་བྱས་ཏེ་ཐབ་ཁུང་མངོན་པར་འདུ་བྱ་བའོ།། དེ་ལྟར་ཐོག་མར་སྦྱིན་སྲེག་གི་ཁང་པ་གྲུ་བཞི་པ་རི་མོ་གསུམ་དང་ལྡན ་པ་རང་གི་ཁ་བལྟ་བའི་རྒྱབ་ན་སྒོ་གཅིག་ཡོད་པ་བྱས་ཏེ།། དེའི་དབུས་སུ་ཞི་བའི་ཐབ་གཞི་དཀར་པོ་ལ་ཟླུམ་པོ་ཁྲུ་གང་པོ་དེའི་ཕྱེད་ཐུར་དུ་བརྐོས་པ།། དེའི་དབུས་སུ་སོར་བཅུ་དྲུག་པོའི་པདྨའི་སྟེང་དུ་འཁོར་ལོ་སོར་བརྒྱད་པ་དཔངསུ་སོར ་གཅིག་ཡོད་པ་ལ་རྡོ་རྗེས་མཚན་པའོ།། ཐབ་ཀྱི་སྟེང་དུ་སོར་བཞི་དོར་བར་དཔངས་དང་རྒྱར་སོར་པའི་ཁ་ཁྱེར་ཅུང་ཟད་གྱེད་པར་བྱའོ།། ཁ་ཁྱེར་གྱི་སྟེང་དུ་དབུས་ཀྱི་མཚན་མས་བསྐོར་བྱ་ཞིང་། ཕྱི་རོལ་ནི་ཐམས་ཅད་ལ་གྲུ་བཞིར ་བྱས་ཏེ། གྲཝ་བཞིར་ཡང་དེ་ཉིད་ཀྱིས་མཚན་པའོ།། ཁ་ཁྱེར་གྱི་འོག་གི་གྱེད་པ་ལ་བང་མ་འདབ་མ་བཅུ་དྲུག་བྲི་བར་བྱའོ།། ཐབ་ལ་ནི་ས་དཀར་བ་དང་ཕྱི་རོལ་ཀུན་ནས་ཁྲུ་ཕྱེད་ཙམ་ལྕི་བས་བྱུག་པར་བྱས་ལ ་དེ་གཉིས་ནཱི་ས་དཀར་པོ་དང་ལྗོན་པ་དང་དྲི་དཀར་པོས་ཉེ་བར་བྱུག་པ་དང་ཐབ་མ་སྐམས་ཀྱི་བར་དུ་ཐུན་གསུམ་དུ་མེ་ཏོག་དཀར་པོའི་སིལ་མ་གཏོར་བར་བྱའོ།། རྒྱས་པ་ལ་ནི་ས་གཞི་སེར་པོའི་སྟེང་དུ་ཐ་དཀར་ཁྲུ་དོ་པི་ཐུར་དུ་ཁྲུ་གང ་པ་ལ་གྲུ་བཞི་པའོ།། དེའི་དབུས་སུ་རིན་པོ་ཆེ་སོར་བརྒྱད་པ་ལ་རྡོ་རྗེས་མཚན་པའོ།། ཁ་ཁྱེར་ཐམས་ཅད་ནི་བཞི་ཆའི་རིམ་པས་དང་། དེ་ལ་དབུས་ཀྱི་མཚན་མས་བསྐོར་བ་དང་པདྨ་འདབ་མ་བཅུ་དྲུག་བྲི་བ་ནི་ཐུན་མོང་དུ་གོ་བར་བྱའོ།། ་དེའི་ཕྱི་རོལ་ཁྲུ་ཕྱེད་འཁོར་བའི་ལྕི་བས་ཉེ་བར་བྱུགས་ལ་དེ་གཉིས་ས་སེར་པོ་དང་ལྡན་པ་དང་། དཱི་སེར་པོས་བྱུགས་ཏེ་མེ་ཏོག་སེར་པོ་དགྲམ་པར་བྱའོ།། དབང་གི་ཐབ་ནི་ས་གཞི་དམར་བའམ། ཞན་པར་གྲུ་གསུམ་པ་ཁྲུ་ཕྱེད་པའོ།། ་དབུས་པདྨ་ལ་གནས་པའི་པདྨ་ལ་རྡོ་རྗེས་མཚན་པའོ།། ས་དམར་པོ་དང་བདུད་རྩི་དང་བཅས་པའི་དྲིས་ཉེ་བར་བྱུགས་པ་མེད་ཏོག་དམར་པོ་གཏོར་བར་བྱའོ།། ཕྱི་རོལ་ལྕི་བས་བྱུགས་པ་ཡང་ཀུན་ལ་ཤེས་པར་བྱའོ།། མངོན་སྤྱོད་ནི་གས ་པ་དང་། པ་ཚྭ་ཅན་དང་། རྩུབ་པ་དང་། ནམ་མཁའ་ལྟར་གནས་པའི་ས་གཞི་ལ་ཟུར་དྲུག་པ་སོར་བརྒྱད་པའོ།། དབུས་སུ་པདྨ་ལ་རྡོ་རྗེས་མཚན་པའོ།། ཡང་ན་ཞི་བ་ལ་ཁྲུ་གཉིས་པའོ།། རྒྱས་པ་ལ་ཁྲུ་གསུམ་པོའོ།། དབང་ལ་ཁྲུ་བཞི་པའོ།། ་མངོན་སྤྱོད་ལ་ཁྲུ་ལྔ་པའོ།། དེའི་ཁ་ཁྱེར་ལ་སོགས་དང་དབུས་ཀྱི་པདྨའི་མཚན་མ་ལ་སོགས་གོང་གི་རིམ་པས་དཔྱད་པར་བྱའོ།། དྲག་པོའི་ཐབ་དེ་ལ་བདུད་རྩི་དང་ལྡན་པའི་ས་ནག་པོ་དང་རོ་བསྲེགས་པའི་ཐལ་བ་དང་བོང་བུ་དང་། ་མོ་ལ་སོགས་པའི་སྤངས་ཇི་ལྟར་རྙེད་པ་བྱུགས་ལ། དྲི་མི་ཞིམ་པའམ། དྲི་མེད་པའི་སྔོ་འམ། དམར་བའི་མེ་ཏོག་གམ་འབྲུའི་ཤུན་པ་ལ་སོགས་པས་གཏོར་བ་འབར་བས་བསྐོར་བ་དྲག་པོ་མིའི་སྣུམ་ལ་སོགས་པའི་མར་མེ་དང་ལྡན་པ ་བྱའོ།། ལྷག་མ་ལས་ཐམས་ཅད་པ་མ་གཏོགས་པའི་ས་གཞི་ལ་སོགས་པ་མངོན་སྦྱོང་དང་འདྲའོ།། བསྐྲད་པའི་ཐབ་ནི་ཟུར་བདུན་ལ་ཁྲུ་དྲུག་པ་སྟེ་དབུས་སུ་མདའ་ལ་རྡོ་རྗེས་མཚན་པའོ།། སྡང་བར་བྱ་ལ་ཁྲུ་བརྒྱད་པ་སྟེ་ཁྲུ་བདུན་པ ་ལ་དབུས་སུ་གྲི་གུག་ལ་རྡོ་རྗེས་མཚན་པའོ།། རེངས་པ་ལ་ནི་ཟུར་དགུ་པ་སྟེ་ཁྲུ་བརྒྱད་པོ་ལ་དབུས་སུ་གཞུ་ལ་རྡོ་རྗེས་མཚན་པའོ།། བསད་པ་ལ་ནི་ཟུར་ལྔ་པ་སྟེ་ཁྲུ་དགུ་པ་ལི་དབུས་སུ་རལ་གྲི་ལ་རྡོ་རྗེས་མཚན་པའོ།། ལས་ཐམས་ཅད ་པའི་ཐབ་ནི་ལས་དང་རྗེསུ་མཐུན་པའི་ས་གཞི་ལ་ཟླར་བཅུ་པ་ཁྲུ་བཅུ་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྡོ་རྗེས་མཚན་པའོ།། དེ་ལ་དཀྱིལ་འཁོར་གྱི་ཁང་པོའི་ཤར་ཕྱོགསུ་ཞི་བར་བྱེད་པའི་ཐབ་བོ།། ལྷོ་ཕྱོགསུ་རྒྱས་པའིའོ།། ནུབ་ཕྱོག ་སུ་དབང་དང་དབང་དགུག་གོ་ཐབ་བོ།། བྱང་དུ་དྲག་པོའི་ལས་རྣམས་ཀྱི་ཐབ་བོ།། དཔལ་ཁ་སྦྱོར་གྱི་རྒྱུད་ཀྱི་ནི་ཤར་དུ་ཞི་བའོ།། ལྷོར་མངོན་སྤྱོད་དོ།། ནུབ་ཏུ་དབང་དང་དགུག་པའི་ཐབ་བོ།། བྱང་དུ་རྒྱས་པའོ།། མ་འབྱོར་ན་རྡུལ་ཚོན་གྱིས ་བྲིས་པ་ཡང་རུང་སྟེ་འདི་ནི་ཐབ་ཀྱི་རབ་ཏུ་བྱེད་པའོ།། ། པ་ལཱུ་ཤ་ཨུ་དུམ་པ་ར་ཨ་ཤྲཏྶ།། གམ་པ་རི་ཨ་མུ་ཀཱ་དཱམྦ་ཀ་རྣམས།། ས་མི་པླཀྵ་བ་ཌ་ལ་སོགས་ཀྱང་།། འདབ་མ་གཉིས་ལ་འོ་མ་འཛག་ཤིང ་རྣམས།། རློན་པ་མཉམ་པར་བཅད་པ་སོར་བཅུ་གཉིས་པ་རྩེ་མོའི་ཆར་སྐྱེས་པ།། མཐེའུ་ཆུང་གི་སྦོམས་ཅན་རྣམས་སྦྲང་རྩི་དང་འོ་མ་དང་། མར་གྱིས་མགོ་དང་མཇུག་མ་བཏགས་པ་བདུད་རྩི་དང་དྲིའི་ཆུ་གཏོར་བའི་ཡམ་ཤིང་རྣམས ་མིང་མེད་དང་། མཐེ་བོང་གཟུང་སྟེ་རྩེ་མོ་ལོ་མ་ཟུང་དང་བཙས་པ་རྩེ་མོ་ལྷོ་ལ་བསྟན་ནས་བསྲེགས་པར་བྱའོ།། དེ་རྣམས་དང་ཀུ་ཤ་དང་། ཨ་མུའི་ལོ་མ་དང་། དཱུར་བ་ཡང་གཉིས་གཉིས་བསྡོམས་པའོ།། རིངས་པོ་དང་ཕྲ་བ་དང་འཁྱོག ་པ་དང་རིང་བ་དང་ཐུང་བ་དང་ལོ་མ་མེད་པ་དང་། སྲིན་བུ་ལ་སོགས་པས་ཟོས་པ་དང་། དམན་པ་དང་བགས་པ་མེད་པ་དང་། བྲུན་གྱིས་གོས་པ་དང་། རྩེ་མོའི་ཆ་གཉིས་པ་དང་། སྦོམ་པ་རྣམས་སྤང་བར་བྱའོ།། བརྙིངས་པས་ནི་མཆིའོ།། ་འཁྱོག་པས་སྐུལ་དྲན་པར་བྱའོ།། ཐུང་བས་རིག་པ་རྒྱུན་ཏུ་མི་འཇུག་གོ།། ལོ་མ་མེད་པས་ནད་བྱེད་དོ།། སྡོམ་པས་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམསོ།། བསྐམས་པ་ལ་སོགས་པས་ཀྱང་མི་འདོད་པ་འབྱུང་བར་ཤེས་པར ་བྱའོ།། སྦྱིན་སྲེག་གི་ཟས་བརྗོད་པར་བྱ་སྟེ། ཏིལ་མར་ལ་བཏགས་ཀུ་ཤ་སཱ་ལུའི་ཟན།། འོ་མ་ནས་ཏིལ་དང་ཞོ།། པྲི་ཡང་ཀུ་དང་ཙན་དན་དུརྠ་དང་།། རོ་བཅུད་དང་ནི་དྲི་བཟང་པོ་རྣམས་དང་།། མེ་ཏོག་འབྲས་ཡོས་ཨ་མྲའི་ལོ་མ་ནི།། ་རྩེ་མོ་གཉིས་ནི་སྦྲང་དང་མར་བཏགས་ལ།། བསྲེགས་པར་བྱའོ་ཇི་ལྟར་རྙེད་པ་སྟེ།། ཞི་བར་བྱེད་པའི་མཐར་ནི་བདུད་རྩིའོ།། ལ་ལ་ནི་ཕྱིའི་བདུད་རྩི་ལྔ་ཞེས་ཟེར་རོ།། ཡམ་ཤིང་ནི་དེ་རྣམས་ཏེ་འདི་ལྟར་དབུས་ཀྱི་ཆར་སྐྱེས་པ་ཚད་ཆག ་གང་པ། ཁྲུ་གང་ཙམ་དང་ལྡན་པ་རྣམས་བདུད་རྩི་དང་དྲི་ཞིམ་པོ་དང་བཅས་པའི་ཆུས་གཏོར་མ་ཞོ་དང་འོ་མ་དང་བཏུགས་པ་དང་། མངར་གསུམ་དེང་བཏགས་པའི་བཟའ་བ་མཆོག་དང་། ཞོ་དང་སྦྲང་རྩི་དང་མར་དང་ལྗོན་པའི་ཏིལ་ནག ་བོ་དང་ཞོའི་བཟའ་བ་མར་དང་ལྗོན་པ་དང་། གོ་སློང་དང་། བིལ་བའི་འབྲས་བུ་དང་། འབྲས་སཱ་ལུ་དང་། པདྨ་དང་། ནཱཾ་གཻ་གྲེ་སར་དང་། ཀརྟྟི་ཀ་རའི་འབྲུ་ནི་རྒྱས་པའིའོ།། ཞི་བ་ལ་བཤད་པའི་ཡོན་ཏན་དང་སྐྱོན་མེད་པ་རྣམས་སོར་ལྔ་དང ་ལྡན་པ་རྣམས་དང་། པྲི་ཡང་ཀུ་དང་ཙམ་པ་པུ་ན་ནཱ་ག། ནཱ་ག་གེ་སར་ཀེར་སར་དང་ནི།། ལ་ཀུ་ཙ་དང་མྱ་ངནི་མེད་ཡམ་ཤིང་།། དེ་བཞིན་དུ་ནི་ནགས་ན་ཆེ་བོའི་དངོས།། འབྲས་བུ་དང་ནི་མེ་ཏོག་སྐྱུར་པོ་དང་།། མངར་བ་དང་ནི་གཞན་རྣམས ་རང་རང་གི། རྟོག་པར་གསུངས་པ་དང་ནི་གཞན་པ་ནི།། ཤེས་པར་བྱ་བ་དབང་གི་ལས་ཀྱིའོ།། དེ་རྣམས་དང་ནི་འདི་ལྟར་ལྕགས་ཀྱུ་ཡི།། རྣམ་པའི་ཚེར་མ་ཡང་ནི་སྔོན་བཞིན་ནོ།། དབང་དགུག་གིའོ།། ནིམ་པ་དང་། སེང་ལྡེང་དང་། ཀོ། ་བི་དཱ་ར་དང་། བྷི་ལ་ལོ་ཊ་ཀ་དང་མྱོས་བྱེད་རྣམས་སམ་དེ་ལས་གཞན་པའི་རོ་ཚ་བ་དང་ཚེར་མ་ཅན་དང་། ཁ་བའི་ཤིང་རྣམས་སམ། རོ་བསྲེགས་པའི་སྡོང་དུམ་དང་། གས་པ་སོར་བཞི་པའམ། སོར་བཅུ་པ་རྩ་བའི་ཆར་སྐྱེས་པ། ་མོ་རྣོན་པོ་གཉིས་དུག་དང་། ཁྲག་ལ་བཏགས་པའི་ཡམ་ཤིང་ངོ་།། ཡུངས་མར་དང་མར་ནག་ཚན་དེ་དང་། ཁྲག་དང་ལན་ཚྭ་དང་སྐེ་ཚེ་དང་ནིམ་པའི་ལོ་མ་དང་། རོ་བསྲེགས་པའི་ཐལ་བ་དང་། རྐང་རྗེས་ཀྱི ་རྡུལ་དང་བོང་བུ་དང་རྔ་མོ་ལ་སོགས་པའི་སྦངས་དང་། སྐྲ་དང་། ཁྱིམ་བྱའི་ཚིལ་དང་། བྱ་རོག་ལ་སོགས་པའི་སྒོ་དང་། དྲི་ཆེན་དང་དྲི་ཆུ་དང་རུ་ཚེར་མ་དང་རུས་པའི་ཕྱེ་མ་དང་། ཤ་ཆེན་པོ་ལ་སོགས་པ་ཇི་ལྟར་རྙེད་པ་གཅིག ་གམ། རྫས་ལ་དུག་དང་ལན་ཚྭ་དང་ཁྲག་དང་བཏགས་པའི་རྫས་འདི་རྣམས་དང་། ཐལ་བ་དང་། སོ་ལྟ་བ་དང་། རྫུན་པ་ལ་སོགས་པའང་རུང་བ་ལས་དགྲའི་གཟུགས་བརྙན་དུག་ལ་བཏགས་རྐང་པ་གཡོན་པའི་མཐེའུ་ཆུང ་ནས་བརྩམས་ལ་མཚོན་ཆ་རྣོན་པོས་བཅད་ཅིང་བསྲེག་པ་ནི་མངོན་སྤྱོད་བསད་པའོ།། བསྐྲད་པ་ལ་སོགས་པ་ནི་གཟུགས་བརྙན་མི་དགོས་སོ།། པཱ་ལཱ་ཤ་དང་། པླཀྵ་དང་། ཨུ་དུམྦ་ར་དང་སེང་ལྡེང་དང་། ཨརྐ་དང་། ནྱ་གྲོ་དྷཱ ་དང་། བཾ་ཀཾ་ཀ་དང་། ཨ་མྲ་དང་། ས་མི་དང་། གྷཾ་པ་རི་དང་། ཨ་པ་མཱརྒ་དང་ཨ་ཤྭཏྠ་དང་། གསར་བུ་མངོན་པར་བྱུང་བ་མཛུབ་མོ་ཙམ་དྲང་བ་བདུད་རྩི་དང་། དྲི་ཞིམ་པོ་དང་བཅས་པའི་ཆུས་གཏོར་བ་ལས་རྗེསུ་མཐུན་པས་རྩེ་མ ་གཉིས་མཐུན་པ་ལ་སོགས་པས་བཏགས་པའི་ཡམ་ཤིང་དང་ཞི་བ་ལ་སོགས་པར་བཤད་པའི་ནས་དང་འོ་མ་ལ་སོགས་པ་ཡང་བསྲེག་པར་བྱ་བ་ནི་ལས་ཐམས་ཅད་པའིའོ།། གང་ཅུང་ཟད་ཞི་བ་དང་རྒྱས་པོའི་རྫས་གང་དང་བདག ་ཉིད་ཀྱི་སྟོན་མོ་དང་དེ་ཐམས་ཅད་ལ་མར་གྱིས་བཏགས་པ་དང་། གུ་གུལ་དང་སརྫ་ར་ས་ཡང་རུང་སོ་སོའི་སྔགས་ཀྱིས་ཕྱེ་བའི་བསྲེག་པར་བྱའོ།། དྲི་དང་མེ་ཏོག་ལ་སོགས་པའི་ཉེ་བར་སྤྱོད་པ་ཡང་ལས་དང་རྗེསུ་མ་ཐུན་པའི་ས ་ཇི་ལྟར་རང་གི་སྔགས་ཀྱིས་བཟླས་པར་བྱའོ།། རྫས་ཀྱི་རབ་ཏུ་བྱེད་པའོ།། 2། མཆོད་སྦྱིན་ཅན་གྱི་བུད་ཤིང་ལ་སྲིན་བུ་མེད་པ་ཐོབ་པས་ཚད་ཅུང་ཟད་དམའ་བ་དང་ལྕི་བ་སྐམ་པོ་ཡང་རུང་བ་ནི་ཞི་བིའི་འོ།། ནགས་ཀྱི་ལྕི ་བ་སྤངས་པའི་ཇི་ལྟར་བཤད་པའི་བུད་ཤིང་འབྲས་བུ་དང་བཅས་པ་ནི་རྒྱས་པའིའོ།། ནིམ་པ་དང་སྐྱུར་བའི་ཤིང་དང་བུད་ཤིང་གཞན་མེ་ཏོག་དང་བཅས་པ་ནི་དབང་དུ་བྱ་བའིའོ།། ཚེར་མ་དང་བཅས་པ་ནི་དགུག་པའི་འོ།། ཚ་བ་དང ་ཚེར་མ་ཅན་དང་ཁ་དང་དྲི་མི་ཞིམ་པ་དང་དྲི་མེད་པའི་ཤིང་རྣམས་དུར་ཁྲོད་དུ་སྐྱེས་པ་རྣམས་སམ། བོང་བུ་དང་རྔ་མོའི་སྤངས་དང་བུད་ཤིང་སྐམ་པོ་ནི་མངོན་སྤྱོད་པ་ལ་སོགས་པའིའོ།། ལས་དང་རྗེ་སུ་མཐུན་པ་ནི་ལས ་ཐམས་ཅད་པའི་བུང་ཤིང་ངོ་།། བུང་ཤིང་གི་རབ་ཏུ་བྱེད་པའོ།། གསི་རམ་ཟངས་ཀྱི་རང་བཞིན་ནམ་མཆོག་སྦྱིན་བྱ་བའི་ཤིང་གི་རང་བཞིན་ལྟོས་དགང་གཟར་བྱ་སྟེ། དེའི་ཡུ་བ་ནི་སྐྱེས་བུ་ཆེང་མའི་སོར ་ཤུ་རྩ་བཞི་ལ། ཐོག་མར་རྡོ་རྗེ་དང་བཅས་པ་ཆང་པས་བཟུང་བར་འོས་པའོ།། ཡུ་བའི་སྟེང་དུ་རྒྱར་སོར་བཞི་པ་གྲུ་བཞི་པའི་དབུས་སུ་པདྨ་ལ་སོར་གཉིས་པའི་རྡོ་རྗེ་ལྔ་པས་མཚོན་པ། དེར་སོར་གཉིས་ཀྱིས་དམར་བར ་བརྐོས་པ་གྲུ་བཞི་པའི་སྟེང་དུ་རྒྱར་སོར་གཅིག་ལ་རྡོ་རྗེའི་ཕྲེང་བའོ།། གྲུ་བཞི་པའི་སྟེང་དུ་པད་མའི་འདབ་མའི་རྣམ་པས་སྔོར་བཞི་པ་མཐེའུ་ཆུང་གི་ཚད་བརྐོས་པ་ལ་རྡོ་རྗེ་སོར་བཞི་པས་མཚན་པའོ།། ་བླུགས་གཟར་ཀྱང་དེ་ཉིད་ཀྱི་རྒྱུ་ལས་ཡུ་བའི་རྣམ་པ་དང་། ཚད་ནི་སྔར་བཞིན་ནོ།། ཡུ་བའི་སྟེང་དུ་རྒྱར་སོར་གཉིས་པ་པདྨའི་རྣམ་པ། ཁ་ལ་སྲོར་གཅིག་བརྐོས་པ་དབུས་སུ་རྡོ་རྗེ་རྩེ་མོ་ལྔ་པས་མཚན་པའོ།། གཉིས་ཀ་ལ་ཡུ་བའི ་འོག་ཏུ་རྡོ་རྗེ་དང་རིན་པོ་ཆེ་ཇི་ལྟར་མཛེས་པར་བྱའོ།། དགང་གཟར་བླུགས་གཟར་གྱི་རབ་ཏུ་བྱེད་པའོ།། །། དེ་ནས་ཁྲུས་བྱས་པ་དྲི་ཞིམ་པོས་ལུས་ལ་བྱུགས་པ་བརྩེ་བ་དང་བྱམས་པ་དང་ལྡན་པ་གློ་དཀར་པོ་འཛིན་པ་ལས་རྗེས་སུ ་མཐུན་པར་བྱས་ཏེ་འདོད་པའི་ལྷའི་རྣལ་འབྱོར་དང་བསྲུང་བའི་ཆོ་ག་དང་བཟླས་པ་དང་སྨྲ་བ་བཅད་པས་ཤིན་ཏུ་འཇམ་པའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་བསྡད་དེ་སྲོང་ལ་ཁ་ཤར་དུ་ཕྱོགས་པའི་བློ་དང་ལྡན་པས་བསྒྲུབ་བྱ་ལ་དམིགས ་ཏེ་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཞི་བའི་ཡིད་ཀྱིས་ཞི་བ་བྱའོ།། འདི་ལྟར་སེར་པོ་དང་གཞན་རྗེས་སུ་བྱུགས་པ་རྒྱན་དང་རྣམ་པར་བཀྲ་བའི་གོས་བགོས་པ།། བཟང་པོའི་འདུག་སྟངས་ཀྱི་གནས་ཏེ། སྤྲོ་བའོ་ཡིད་ཀྱིས ་ཉ་ནས་བརྩམས་ཏེ་ཁ་བྱང་དུ་ཕྱོགས་པས་ཐོ་རངས་ནི་རྒྱས་པའིའོ།། ཆགས་པའི་སེམས་ཀྱིས་ཤིན་ཏུ་དམར་བ་ལ་སོགས་པའི་རྒྱན་དང་། ཁ་ནུབ་ཏུ་ཕྱོགས་པས། མཐོ་ཞིང་བདེ་བའི་སྟན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་གནས ་ཏེ་མཚན་ཕྱེད་དམ་སྲོག་ལ་དབང་དུ་བྱ་བའོ།། འདི་ལྟར་དབང་དགུག་ལ་ནི་འོན་ཀྱང་ཁ་སྟེང་དུ་ཕྱོགས་པས་ལྷ་མཉེས་པར་བྱ་བ་དང་། ཡང་ན་ནུབ་ཏུ་ཕྱོགས་པའོ།། ཁྲོས་པས་གོས་དང་རྒྱན་སྔོན་པོ་བགོས་པའམ་ཁྲག་གིས་རླན ་པའི་གོས་བགོས་པ་སླུ་བའི་སྟན་ལ་ཁ་གཤིན་རྗེར་བལྟས་པས་གནས་ཏེ་བསྒྲུབ་བྱའི་གཟུགས་བརྙན་གྱིས་བྲང་ལ་གནོན་པའམ་ཙོག་པུ་དང་སྟན་མོད་པར་རྐང་པས་རྐང་པ་མནན་ཅིང་། སོ་ཡས་སོ་བཅེར་པས་མིག་བགྲུངས ་པས་ཁྲེ་གཉེར་གྱི་གདོང་གིས་སྙིང་རྗེས་དཀོན་མཆོག་གསུམ་ལ་གནོད་པ་མེད་པར་བྱ་བའི་དོན་དུ་ནག་པོ་བཅུ་བཞིའམ་བརྒྱད་ལ་ཉི་མ་ཕྱེད་དམ་ཕྱེད་ན་ཁྲོ་བོའི་སྐྱིལ་མོ་ཀྲུང་དང་ལྡན་པས་རྣལ་འབྱོར་ཀྱང་ཁྲོ་བོའི་བསྒྲུབ་བྱ་གང ་ཡིན་པ་དེའི་བསྲུང་བ་སྙིང་གའི་པདྨའི་ནང་དུ་སོན་པ་དེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བཅད་ཅིང་བཀུག་སྟེ་བདག་ཉིད་ཀྱི་ནང་དུ་བསྒོམ་པ་འམ་རང་གི་ཤེས་རབ་ཀྱི་ཆུ་སྐྱེས་སུ་རིང་གི་རྡོ་རྗེའི་ཕུར་བུ་ཡིས་ཡོངསུ་ཕུར་བྲོས་བཏབ ་ལ་བསྒྲུབ་བྱ་དང་ལྷ་ཐམས་ཅད་དེ་ཡིས་གསལ་བར་སྒོམས་ལ། དེ་ལ་སྡིག་པ་མི་འཇུག་པར་བྱ་བར་འདོད་པའི་བརྩེ་བས་ཡོངསུ་དྲུག་པའི་སངས་རྒྱས་ཀྱི་ཞིང་ངམ་ཕོན་པ་དང་། བདེ་བའི་བསམ་པས་རིགས་བཟང་པོར་སྐྱེ ་བར་བྱ་བ་ནི་མངོན་སྤྱོད་དང་བསད་པའོ།། སྡང་བའི་ཡང་ངོ་།། དབང་ལྡན་དུ་ཁ་ཕྱོག་པས་དེ་བཞིན་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་ནི་རེངས་པའིའོ།། བཽ་ཥཊ་ཧོ་ཡཾ་སྔགས་ཀྱིས། ཐབ་ཀྱང་གྲུ་བཞིའང་རུང་བ་སྟེ། སེར་དང་དཀར་བ་རྣམ་རྒྱན ་ལྡན།། རྒྱས་པའི་ཆོ་ག་བཞིན་ཡོངས་གནས།། དེ་བཞིན་མེ་ཕྱོགས་ཁ་བལྟས་པས།། བསྐྲད་པ་རྔ་མ་སོགས་བླུན་བླུགས།། དུག་གིས་བྲིས་པའི་ནག་པ་ནི།། དཀར་པོས་བརྒྱན་པ་བསྲེག་པ་ཡིན།། བྱ་རློག་ལ ་སོགས་གཤོག་བསྡུས་ལ།། རབ་ཏུ་བསྒྲུབ་བྱའི་མིང་སྤེལ་བའོ།། འདིར་བྱ་རོག་ལ་སོགས་པའི་གཤོག་པ་ལ་ཆེ་གེ་མོའི་ཨུཙྪ་ཌིའི་སྔགས་ཀྱི་མཐའ་ཅན་བྲིས་པ་དང་ལྡན་པའོ།། ཁ་བདེན་བྲལ་དུ་ཕྱོགས་པས་དེ་བཞིན་དུ་སྔང ་བར་བྱ་བ་ལ་མ་ནག་ཚན་དེ་དང་དུག་ལ་སོགས་པས་བྲིས་ལ་རྐང་པ་དག་ཕྱིན་ཅི་ལོག་པས་སེར་བ་དང་གནག་པས་རྣམ་པར་རྒྱན་པའོ།། ལས་ཐམས་ཅད་པ་ལ་གང་ཕྱོགས་མཚམ་སུ་ཁ་བལྟས་པ་དང་དེ་དྲང་པོ་ནི་མཆོག་སྟེ་ཕྱོགས ་དང་མཚམ་སུ་གནས་པའམ། དོན་དམ་པར་གདོང་མ་ནས་ཞི་བའི་རྒྱུད་ཉིད་པས་ཇི་ལྟར་དེ་བཞིན་དུ་གནས་པས་ཡིད་མ་ཞུམ་པའི་ང་རྒྱལ་གྱིས་བློ་མཉམ་པའི་དེ་བཞིན་དུ་ཐམས་ཅད་དང་བཅས་པའོ།། བསྒྲུབ་པ་པོའི་རབ་ཏུ་བྱེད་པའོ།། ། ་གསེར་དང་དངུལ་དང་རྡོ་དང་ཟངས།། ཤིང་དང་ས་དང་མུ་ཏིག་དང་།། དུང་དང་ལོ་མའི་སྦྱོང་བུ་ནི།། མཆོད་ཡོན་བསང་གཏོར་ལྔ་སོགས་སྣོད་ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང་ཏིལ་དང་ཀུ་ཤ་དང་འབྲས་ཡས་དང་ལྡན་པ་བདུད་རྩི་དང ་བཅས་པ་དྲི་སེར་པོའི་ཆུ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པའི་ས་གཏོར་པོ་བདུག་སྤོས་ཀྱིས་བདུགས་པར་རང་གི་ལྷའི་སྔགས་སམ་ལས་ཐམས་ཅད་པ་ལ་སྭཱ་ཧཱའི་མཐའ་ཅན་བརྒྱ་བཟླས་པ་ནི་ཞི་བའིའི།། འདི་ལྟར་ཏིལ ་དང་ཞོ་སེར་པོའི་མེ་ཏོག་དང་དྲི་ལ་སོགས་པ་དང་བཅས་པའི་ཆུ་ལ་ཕྱག་འཚལ་གྱི་མཐའ་ཅན་རྒྱས་པའིའོ།། དམར་པོའི་དྲི་ལ་སོགས་པའི་ཚུལ་ཧོཿཡི་ཡི་གེའི་མཐའ་ཅན་གྱི་དབང་གིའོ།། དེ་བཞིན་དུ་གདུག་པའི་ནི་ཛྫཿ་ཡ ་མཐའ་ཅན་ནོ།། ཙོག་པར་སོང་བའི་ཁམ་ཕོར་གྱི་དུམ་བུ་ལ་སོགས་པའི་སྣོད་ཁྲག་དང་ཀོ་ཏྲ་བ་དང་ལྕི་བ་དང་། བའི་གཅིན་དང་། གནག་པོ་དྲི་མི་ཞིམ་པ་དང་དྲི་མེད་པའི་མེ་ཏོག་ལ་སོགས་པ་དང་བཅག་པའི་ཆུ་ལ་ཕཊ་ཀྱི་ཡི་གེ་མཐའ ་ཅན་ནི་བསད་པ་ལ་སོགས་པའིའོ།། དྲི་དང་མེ་ཏོག་དང་ཏིལ་དང་ཀུ་ཤ་དང་འབྲས་ཡོས་དང་ཆུ་སྟེ་ཇི་ལྟར་རྙེད་པའི་ལས་དང་རྗེསུ་མཐུན་པ་བཞག་པར་བྱའོ།། ཐམས་ཅད་དུ་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་པའོ།། འདི་ནི ་མཆོད་ཡོན་གྱི་རབ་ཏུ་བྱེད་པའོ།། །། ཞི་བ་དང་རྒྱས་པ་དང་དབང་གི་ལས་ལ་བདུད་རྩི་འཁྱིལ་པའི་སྔགས་སམ། ཧཱུཾ་གཽ་ཡི་གེ་བཟླས་པའི་ལས་ཐམས་ཅད་པའི་ཆུའི་སྣོད་དང་མཆོད་ཡོན་ལ་སོགས་པའི་སྣོད་གསུམ་གཡོན ་གྱི་ངོས་སུའོ།། དེའི་མདུན་དུ་བཞེས་པར་བྱེད་པའི་སྣོད་གསུམ་ཀྱང་ཁྲིའུ་ལ་སོགས་པ་ལ་བཞག་ལ་སྔགས་གོང་མ་གཉིས་གོང་རུང་ཟློས་བཞིན་པའི་ཆུ་ལག་པ་གཡས་པར་གནས་པར་ཀུ་ཤའི་རྩེ་མོ་བཟུང་བའི་བུད་ཤིང་ལ་སོགས ་པ་ཐམས་ཅད་ལ་གཏོར་ཏེ་རྫས་ནི་གཡས་ངོས་སུ་དགོད་པར་བྱའོ།། བདག་ཉིད་དང་དགང་གཟར་དང་བླུགས་གཟར་ལ་ཡང་གཏོར་བར་བྱའོ།། རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པའི་བུམ་པ་ལྷག་པར་གནས་པ་ནི་དཀྱིལ་འཁོར ་གྱི་ཆོ་གར་བཤད་པ་བཞིན་དུའོ།། ཆོ་ག་བསྡུས་པ་ལ་ནི་བུམ་པ་མེད་པ་འམ་གཅིག་ཙམ་མོ།། བསད་པ་དང་བསྐྲད་པའི་ལས་དང་སྡང་བ་ལ་སོགས་པ་ལ་ལག་པ་གཡོན་པས་བསང་གཏོར་བྱ་བ་དང་། ་གཡས་ངོས་སུ་ལས་ཐམས་ཅད་པའི་སྣོད་དང་མཆོད་ཡོན་གྱི་སྣོད་དང་། གཡོན་ངོས་སུ་རྫས་དགོད་དོ།། འདི་ནི་དགོད་པའི་རབ་ཏུ་བྱེད་པའོ།། ། ཞི་བ་ལ་ནི་འོ་མ་ཅན་གྱི་ཤིང་ལས་དང་། འབྲོག་དགོན་པར་སྐྱེས་པའི ་མེ་དང་། སྦྱིན་སྲེག་གི་འགྲམ་དུ་འཐེབ་ཏུ་བཞག་པ་དང་སྦྱིན་སྲེག་གི་མེ་ཡང་ངོ་།། རྒྱས་པ་ལ་ནི་རྒྱལ་པོ་དང་རྒྱལ་རིགས་ཀྱི་ཁྱིམ་དུ་སྐྱེས་པ་དང་། ནགས་ལས་སྐྱེས་དང་། ནོར་བུ་ལས་བླངས་པའམ། དགེ་འདུན་གྱི་འམ། རྒྱུན ་ཞག་གི་མེའོ།། སྨད་འཚོང་མ་དང་། དམངས་རིགས་ལོས་བླངས་པ་ནི་དབང་གིའོ།། གར་མཁན་དང་འགྲོན་པོའི་དང་།། གླུ་གརཱ་མཁན་གྱིས་བྱས་པ་ནི་དབང་དགུག་གིའོ།། མེའི་རུས་པའི་ངང་། རོ་བསྲེགས་པའི་དང་། རྡོ་རྗེ་དང་། བ ་ལང་བསོད་པའི་ཁྱིམ་དུ་སྐྱེས་པ་ལ་སོགས་པ་ནི་མངོན་སྤྱོད་པ་ལ་སོགས་པའི་མེར་བཟུང་བར་བྱའོ།། རང་རཏྣ་གི་ཇི་ལྟ་བ་ནི་ལས་ཐམས་ཅད་པ་སྟེ་འདི་ནི་མེའི་རབ་ཏུ་བྱེད་པའོ།། །། དེ་ནས་རྡོ་རྗེ་གསོར་བ་དང་དྲིལ་བུའི ་སྒྲ་བྱས་ཏེ། གཏོར་མ་བྱིན་ལ་བསྲུང་བ་དང་ལྡན་པས་ཡི་གོ་གསུམ་གྱིས་མེ་སྣོང་དུ་བཞག་ལ།། དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མར་གྱིས་རབ་ཏུ་འབར་བའི་མེ་སྦར་བར་བྱའོ།། དེ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས ་བཟུང་བས་གཡསུ་བསྐོར་བ་དང་བསད་པ་ལ་སོགས་པའི་ལས་ལ་གཡོན་དུ་ལན་གསུམ་བསྐོར་ཞིང་བསང་གཏོར་བྱས་ལ་ཐབ་ཏུ་གཙང་ཞིང་སྐམ་པའི་རྩའི་ཚོམ་བུ་དང་བཅས་པ་ལ་ངུ་བ་མེད་པར་རོ།། བསད་པ་དང་བཅས་པ་ལ ་དུ་བ་དང་བཅས་པའོ།། ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་བྱ་བ་འདི་འམ་ཧཱུཾ་གི་ཡི་གེས་རླུང་ཡབ་ཀྱིས་མེ་སྦྱར་ཏེ་གཙོ་བོར་སྙིང་པོ་བཟླས་པའི་ལྕགས་གཟར་ལ་གནས་པའི་མར་གྱིས་འབར་བར་བྱས་ཏེ། བསད་པ་ལ་སོགས་པ་ལ་ནི་ཐོག་མར་མར ་ནག་ཚན་དེས་བྱའོ།། དེ་ནས་ཀུ་ཤ་རྣམས་ལ་ཨོཾ་བཛྲ་སཏྭ་ཨཱཿཞེས་བྱ་བ་འདི་བཟླས་པའི་ཀུ་ཤ་གཉིས་གཉིས། རྩེ་མོ་ཕྱོགས་གཅིག་པ་དྲི་མེད་པ་ལྗང་ཁུ་གཤིབས་པ་འདབ་མ་དུམ་བུ་མ་ཡིན་པ་ཤིན་ཏུ་རིང་པ་མ་ཡིན་པ། ཐོག ་མར་སྒྲུབ་པ་པོའི་གཡོན་གྱི་ཁ་ཁྱེར་གྱི་ཕྱི་རོལ་ནས་ཁ་ཤར་དུ་ཕྱོགས་པ་དང་། དེ་ལྟར་གཤིན་རྗེར་ཁ་ཕྱོགས་པ་དང་། ཁ་ནུབ་ཏུ་ཕྱོགས་པ་དང་། བྱང་དུ་རྩེ་མོ་བསྟན་པའོ།། དེ་ནས་ཐབ་ལ་རྩེ་མོ་མདུན་དུ་བསྟན་པས་གཡོག་པར ་བྱའོ།། ཀུ་ཤ་རྣམས་ནི་བ་ལང་རྣ་བ་ཙམ་སྟེ་ཤིན་ཏུ་རིང་པ་མ་ཡིནོ།། རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ཐབ་ལ་རིམ་པ་བཞིན། བྱང་དང་ནུབ་དང་ལྷོར་རྩེ་མོ་བསྟན་པའི་ཀུ་ཤ་གཉིས་གཡོན་གྱི་ཁ་ཁྱེར་གྱི་ཕྱིར་ཐོག་མར་དེ་བཞིན ་དུ་རྩེ་མོའོ།། དེ་ནས་ལྷའི་བདག་ཉིད་ཅན་གྱིས་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་གྱི་ཧཱུཾ་ལས་ཐོབ་རྫོགས་པར་བྱས་ལ་མེ་རབ་ཏུ་འབར་བར་རིག་པ་འདི་ཉིད་དེའི་དབུས་བདག་མེད་པར་དམིགས་ལ་རཾ་ལས་བྱུང་བའི་མེ་གྲུ་གསུ ་གྱི་དཀྱིལ་འཁོར་ལ་པདྨ་དང་ཉི་མ་ལ་གནས་པའི་རཾ་གྱི་ཡི་གེ་ལས་བྱུང་བ་འམ་སྐད་ཅིག་གིས་རྫོགས་པ་སྟེ། ལས་དང་རྗེས་སུ་མཐུན་པ་ཅན་གྱི་དྲང་སྲོང་ཕྱག་བཞི་པ་གཡས་པར་དབྱུག་པ་དང་མེའི་ཐབ ་འཛིན་པ་གཡོན་པས་སྤྱི་བླུགས་དང་བགྲང་ཕྲེང་འཛིན་པ་སྨ་ར་དང་རལ་པའི་ཚོགས་ཅན་གསུས་པ་འཕྱང་བ། ལུས་ལ་གོན་པ་ལས་དང་རྗེས་སུ་མཐུན་པའི་རྒྱན་དང་གོས་དང་འོད་ཀྱི་ཕྲེང་བ་དང་རྣམ་པར་ཤེས་པ་དང་། རིགས་ཀྱིས ་རྒྱས་གདབ་པ་དང་ལྡན་པའི་སྙིང་གར་རཾ་གྱིས་བྱིན་གྱིས་བརླབས་དང་བཅས་པའི་མེ་རྣམ་པར་བསྒོམས་ལ་དམ་ཚིག་སེམས་དཔའི་ས་བོན་གྱི་འོད་ཟེར་གྱི་ལྷག་ཀྱུ་ཡིན་མཁའི་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་དང ་འདྲ་བའི་མེ་ལྷ་དྲང་སྲོང་གིས་ཡོངས་བསྐོར་བ་མོའི་ཕྱོགསུ་བྱོན་པར་བལྟས་ཏེ། གཡས་པ་མི་འཇིགས་པའི་མཐེ་བོང་བསྐྱོད་པ་ཡིས་དང་སྔགས་འདིས་སྤྱན་དྲང་ངོ་།། ཨོཾ་ཨེ་ཧྱེ་ཧཱི་ཨགྣ་ཡེ་རཾ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཛྭ་ལ་ཛཱ་ལ་ཧ ་མ་ཧཱ་རཾ་ཥི་སརྦ་དེ་བ་མུ་ཁཱ་སཱ་རཱི་ཨསྨི་ཧི་ཏོ་བྷཱ་ཝ་ཧཱུཾ་ཞེས་བྱ་བས་སྤྱན་དྲངས་ཏེ། དེ་དང་ལྷན་ཅིག་ཏུ་འོངས་པའི་བགེགས་འོང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ཁ་གདོང་མ་ལ་སོགས་པ་གསལ་ཏེ། འདི་ལྟར་ཛིཿཧཱུཾ་བཾ་ཧོཿ ་ཞེས་བྱ་བའི་སྔགས་བརྗོད་པས་རིམ་པ་ཇི་ལྕི་བར་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱའོ།། དེ་ནས་ཨོཾ་ཨཱཿཔྲ་དྷི་ཧཱུཾ་ཏྲཱ་ས་ན་ཡཾ་གྲྀཧྞ་ཧཱུཾ་ཞེས་བྱ་བས་ཞབས་བསིལ་དབུལོ།། ཨོཾ་བཾ་ཨཉྩ་མ་ནཻ་རི་ཥ་ཡེ་པྲ ་ཡཙྪ་ཛྙཱ་ཞེས་བྱ་བས་ཞལ་བསིལ་དབུལ་བར་བྱའོ།། ཨོཾ་ཧཱུཾ་ཌཱ་ཀ་ཌྷ་ཀཱི་ནྟི་ས་མ་ས་ནྟཾ་ད་དཱ་མི་ཧཱུཾ་ཧཱུ~ཾ་ར་ར་སྭཱ་ཧཱ་ཞེས་བྱ་བས་མཆོད་ཡོན་དབུལ་བར་བྱའོ།། དེ་ནས་ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ལ་སོགས་པ་རྣམས་དང་པི་ཝང་མ ་ལ་སོགས་པའི་གསང་བའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ།། ཇི་ལྟར་བདག་གི་བླ་མ་རྣམས་ཀྱི་སྦྱར་བའི་ཁྱད་པར་ནི། ཀུ་ཤའི་དཀོར་བཞག་དང་སྣོད་ཀྱིས།། གསུམ་པའི་ཐོག་མར་བསང་གཏོར་ཏེ། ཐམས་ཅད་བྱེད་པ ་བཟླས་པའི་ཆུས།། དེ་བཞིན་དུ་ནི་ཞལ་བསིལ་བླུགས།། ཁུ་ཚུར་ཁ་སྦུབ་བྱས་པ་ཡིས།། མཛུབ་མོས་མེ་ཏོག་ཡོངས་བཟུང་སྟེ།། མཐེའུ་ཆུང་དང་ནི་མིང་མེང་དང་།། གུང་མཛུབ་རིམ་གྱིས་ཕྱེ་བས་དོར།། གཉིས་པའི་དུང་གི་ཨརྒྷ་ནི།། ་བཞེས་བཟེད་སྣོད་ནི་གཉིས་པར་རོ།། རྡོ་རྗེ་ཐལ་མོ་རབ་ཕྱེ་བས།། གསུམ་པཱ་རུ་ནི་ཞབས་བསིལ་སྦྱིན།། མཐེ་བོ་མཛུབ་མོ་བཙིར་བ་ཡིས།། མ་ཏོག་བཟུང་བའི་ཁུ་ཚུར་གྱིས།། སངས་རྒྱས་རྣམས་ལ་མངོན་སུམ་དུ།། ལན་གསུཾ ་བསྐོར་བ་མཇུག་རིམ་གྱིས།། དབྱེ་བ་མཛུབ་མོ་ལུང་མོ་དང་།། མིང་མེད་དང་ནི་མཐེའུ་ཆུང་ངོ་།། ཞེས་བྱ་བ་ནི་རྒྱུང་པའི་གདམས་པའོ།། ། དེའི་རྗེས་སུ་ལག་པ་གཡོན་པས་བྱང་ཆུབ་མཆོག་གི་ཁུ་ཚུར་བརྐྱང་བས་མར་གྱིས ་གང་བའི་དགང་གཟར་གཟུང་ལ་ལག་པ་གཡས་པ་ཁ་འོག་ཏུ་བསྟན་པས་བླུགས་གཟར་མར་གྱིས་གང་བ་བརྐྱང་སྟེ་དགབ་པའོ།། སྡང་བའི་ལས་ལ་ནི་དུག་དང་བཅས་པའི་མར་ནག་ཚན་དེས་གང་སྔོན་ལ་ཕྱིན་ཅི་ལོག་ཏུ་གཟུང་སྟེ། ་གཟར་བུ་གཉིས་ཀྱི་ཁ་ཡི་གེ་གསུམ་གྱི་ནང་དུ་ཆུད་པའི་ཧཱུཾ་གི་ཡི་གེ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་འོད་ཟེར་འབར་བའོ།། མེ་ལྷའི་ཞལ་ལ་རཾ་བཀོང་ལ།། དགང་གཟར་གྱི་ཁར་བླུགས་གཟར་གྱི་ཁ ་བྱས་པའི་ལག་པ་དག་ནི་པུས་མོའི་ནང་དུའོ།། སྡང་བ་ལ་ནི་ཕྱི་རོལ་ཏུ་བྱའོ།། ཨོཾ་དི་བ་རཾ་ཥི་པ་ར་མ་སཽ་གཱ་ཏ་ཀཱ་རུ་ཎི་ཡ་ཛཿཧཱུཾ་བཾ་ཧོཿཧ་ཧ་ད་ཧ་ད་ཧ་པ་ཙ་པཱ་ཙ་ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བ་དགང་བླུགས་གསུམ་མམ ་བདུན་དབུལ་བར་བྱའོ།། རྒྱས་པ་ལ་ཨ་དང་། དབང་ལ་ཧོཿདང་། དགུག་པ་ལ་ཛཿདང་། སྡང་བ་ལ་ཧཱུཾ་ཕཊ་ཞེས་བྱ་བའི་མཐའ་ཅན་གྱི་སྔགས་ཀློག་པའི་ཁ་ཡང་ཅུང་ཟང་ཕྱེ་བ་དང་། ཁྲོ་བ་དང་ཤིན་ཏུ་ཁ་གདངས་པས་དགང་གཟར ་གྱིས་གཡས་ནས་བསྐོར་བྱ་སྟེ། ཁྲོ་བ་ལ་གཡོན་དུ་བསྐོར་ནས་དབུལ་བའོ།། དེ་ནས་བགེགས་མེད་པའམ་བགེགས་དང་བཅས་པའི་མེའི་མཚན་མའི་མཚན་ཉིད་ཤེས་པར་བྱ་སྟེ། དཔལ་བེའུ་རྔ་ཡབ་གདུགས་རྒྱལ་མཚན།། ་ཆུ་སྐྱེས་བུམ་པའི་རྣམ་པ་དང་།། རྩེ་གསུམ་རལ་གྲི་ཉ་དང་ནི།། ཨིནྡྲ་གོ་བ་སྭསྟི་འདྲ།། རྡོ་རྗེ་དུང་སོགས་རབ་ཏུ་བསྔགས།། མར་བསྲེགས་པ་ཡི་བླུགས་གཟར་དབྱིབས།། འོད་དང་དེ་ལྡན་མི་དགེ་སྟེ།། དཀར་དང་དབང་པོའི་གཞུ ་མཉམ་དང་།། གཡས་སུ་འཁྱིལ་དང་ཤིན་ཏུ་སྣུམ།། བྱུ་རུའི་ཁ་དོག་དང་འདྲ་དང་།། ཀུ་སུཾ་བྷ་རྡུལ་བཾ་ཌཱུར་ཡང་།། དྲི་མེད་འབར་བའི་ཉི་མ་མཉམ།། དུང་མེད་དྲི་ཞིམ་གླིང་བུ་དང་།། མྲྀ་ཏིང་གའི་སྒྲ་བླ་ན་མེད།། ཞི་ལ་ཁ་དོག་དཀར ་ལྟ་བུ།། རྒྱས་པ་ལ་ནི་སེར་པོར་མཉམ།། རྩེ་མོ་དམར་པོ་དབང་ལ་དགེ། སྔོ་དང་གནག་ལ་མངོན་སྤྱོད་ལའོ།། ཞི་སོགས་ལ་ནི་གསེར་ལྟ་བུ།། རྩེ་མོ་གཅིག་པ་དག་དྷནཱ་བྱ།། རྩེ་གསུམ་སྤྲིན་འདྲ་དམན་པའོ།། དུད་པ་མི་དགེ ་འཇུག་པ་གཞན།། རྩེ་མོ་ཆད་པ་མི་དགེའོ།། རྩུ་བ་ནག་པ་ལ་ཤ་འདྲ་དང་།། རྩེ་མོ་བ་ལང་མགོ་མཉ་མོ་དང་།། ཚྭ་ཚ་འཕྲོ་དང་བོང་བུའི་སྐུད།། རུལ་པ་དང་ནི་རོ་ཡི་དྲི།། ཁྲོ་བའི་ལས་ལ་དགེ་བོ་ཡིན།། མཚན་མ་མི་དགེ་བ་རྣམས་ལ ་བགེགས་མཐར་བྱེད་ཀྱིས་འདི་ལྟར་བཏང་གཏོར་དང་བསྲུང་བ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་མར་གྱི་སྦྱིན་སྲེག་བདུན་ཀྱང་བྱའོ།། དེ་ནས་མེའི་སྔགས་ཀྱིས་སླར་ཡང་བསང་གཏོར་དང་གང་བའི་སྲེགས་བླུགས་གསུམ་མམ ་གཅིག་དང་ཇི་ལྟར་ཚོགས་པ་ཡང་མེའི་སྔགས་ཀྱིས་བསྲེགས་ཏེ་བླུགས་གཟུར་ལ་སོགས་པ་རྣམས་ཀྱིས་སྩོགས་བླུགས་གསུམ་མམ་བདུན་ནམ་གཅིག་གམ་ཇི་ལྟར་ཚོགས་པར་བསྲེག་པར་བྱའོ།། དེ་གསུངས་པ་བླུགས ་གཟར་གྱིས་ནི་མར་བསྲེགས་ཅིང་། འབྲུ་རྣམས་དེ་ཡིས་དེ་བཞིན་དབུལ་ཞེས།། ཐོག་མར་ཡམ་ཤིང་ལ་སོགས་པ་སྦྱང་བར་བྱ་སྟེ། དེ་ལ་ཨོཾ་ཨཱཿསྭཱ་ཧཱ། ཡཾ་ཤིང་སྦྱོང་བའི་སྔགསོ།། ཨོཾ་ཤྲཱིཾ་སྭཱ་ཧཱ། མར་སྦྱོང་བའི་སྔགསོ།། ་ཨོཾ་སྭཱ་ཧཱ། རྫས་བཀྲུ་བའི་སྔགས།། ཨོཾ་བཛྲོ་སྭཱ་ཧཱ། འབྲུ་སྦྱང་བའི་སྔགསོ།། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་ལྷག་མ་རྣམས་སྦྱང་བའི་སྔགསོ།། རིམ་པ་འདིས་ནི་ཡམ་ཤིང་བསྲེག། ཡམ་ཤིང་མེ་ལ་མར་དང་ཏིལ།། དཱུཪྻ་འབྲས ་ད་ཞོའི་བཟའ་བ།། ཀུ་ཤ་སོགས་དང་སྲེག་པར་བྱ།། འཆང་པར་འགྱུར་བ་རང་རང་གི་སྔགས་ཀྱི་ཡམ་ཤིང་དང་དུརྠ་དང་། ཀུ་ཤ་ཡང་མིང་མེད་དང་མཐེ་བོས་སོ།། ཐམས་ཅད་དུ་ཞུ་བའི་རྫས་ནི། ་ཞལ་དུ་ཡམ་ཤིང་དང་། མིའི་རུས་པ་ལ་སོགས་པ་ཡང་འོད་ཀྱི་དཀྱིལ་འཁོར་ལའོ།། ཞོའི་བཟའ་བ་དང་། ཟས་སྣ་ཚོགས་དང་ཞལ་བསིལ་དང་ཏོལ་ལ་སོགས་པ་ནི་ཕྱག་ཏུའོ།། དྲི་ནི་ཐུགས་ཀར་རོ།། མེ་ཏོག་དབུ་ལའོ།། ་བདུག་སྤོས་ནི་འབར་བ་ལའོ།། ཞབས་བསིལ་ནི་ཞབས་དག་ལའོ།། མདུན་དུ་མར་མེ་དང་མཆོད་ཡོན་ཀྱང་ངོ་།། མཆོད་ཡོན་གྱི་ཆུ་ནི་ཕྱི་རོལ་གྱི་སྣོད་དུ་བླུགསོ།། རྫས་རྣམས་དབུལ་བའི་དུས་སུ་ལྷའི་སྔགས་དང་ལུས་ཀྱི ་སྔགས་དང་གསུམ་སྤེལ་བར་བྱའོ།། དེའི་རྗེས་སུ་ཞབས་བསིལ་ལ་སོགས་པ་དང་བསང་གཏོར་ཡང་བྱས་ཏེ་ལས་དང་རྗེས་སུ་མཐུན་པའི་མེ་འབར་བའི་རྣམ་པར་བྱ་བ་འམ་ཐུགས་ཀཱར་པཾ་ཡོངསུ་གྱུར་པ་ལས་སྣ་ཚོགས ་པདྨ་འདབ་མ་བཞི་བཅུ་རྩ་བརྒྱད་པའི་སྟེང་དུ་རཾ་ཡོངསུ་གྱུར་པ་ལ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལྗང་སྔོན་དེ་ཡོངསུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་གིས་བྱིན་གྱིས་བརླབ་པ་དེ་ལས་འོད་ཟེར ་ཁ་དོག་སྣ་ཚོགས་པ་འཕྲོས་ཏེ་འགྲོ་བ་ཐམས་ཅད་དག་པར་བྱས་ཏེ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་སེམས་ཅན་རེ་རེར་ཡང་བྱས་ནས། དེ་རྣམས་གདོད་མ་ནས་གྲུབ་པ་བེམས་པོ་མ་ཡིན་པའི་སེམས་ཅན་ལས་འདས ་པ་ཐམས་ཅད་བཀུག་སྟེ། དེ་ཉིད་དུ་ཞུགས་པ་ཡོངསུ་གྱུར་པ་ལས་དཔལ་མཁའ་འགྲོ་རྒྱ་མཚོའི་རྟེན་དང་རྟེན་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་བྱས་ལ། ཨོཾ་ཨཱཿཀྵ་ཡ་བཱཀྩིརྞྞ་བཛྲ་ཧཱུ~ཾ་ཕཊ ་ཞེས་བརྗོད་པར་བྱའོ།། དེ་ནས་གོ་ཆ་བྱ་བ་དང་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་། སློབ་དཔོན་གྱི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་དེ་རྣམས་ཀྱི་སྔགས་རྣམས་བརྗོད ་པས་བསྟོད་པ་དང་གཞན་ཡང་མཆོད་པ་རྣམས་ཀྱིས་མཆོད་པ་དང་། གཙོ་བོ་དང་དཀྱིལ་འཁོར་བ་བསྒོ་བའི་གླུ་བླངས་པའི་མཐར་ཐུག་པར་མངོན་པར་རྟོགས་པ་ནས་འབྱུང་བ་བཞིན་བྱའོ།། འོན་ཀྱང་དབང་བསྐུར་བའི་དུས་སུ ་གླུ་དང་རོལ་མོ་དང་བཀྲ་ཤིས་ཀྱི་ཚིགསུ་བཅད་པ་དང་བཅས་པས་དངོས་སུ་རྣམ་པར་རྒྱལ་བའི་བུམ་པས་མེ་ལོང་ལས་དབང་བསྐུར་བར་བྱའོ།། དེ་ནས་སྐུ་མདོག་ནི་མངོན་པར་རྟོགས་པ་ལས་འགྱུར་བ་མེད་དོཔོ་ཕྲིན་ལས་ནི ་ལས་ཀྱི་དབྱེ་བ་སོ་སོར་བྱ་བ་ཡང་། དེ་རྣམས་སྤྲོས་པའི་འོད་ཟེར་ལས་སྤྲུལ་པའི་མཁའ་འགྲོ་མ་ལ་སོགས་པ་ནོར་བུ་ཟླ་འོད་ཀྱི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ལས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་བསྒྲུབ་པར ་བྱ་བའི་རིམོས་ལ་སོགས་པ་བསལ་བར་བསམ་པར་བྱའོ།། རྒྱས་པ་ལ་ནི་རངས་ཤིང་དགྱེས་པའི་ཐུགས་ཀྱིས་སྔོན་བཞིན་གྱི་བུམ་པའི་མགྲིན་པ་ནས་བདུད་རྩི་འམ་རིན་པོ་ཆེའི་ཆར་བསྒྲིབ་བྱ་ལུས་སམ་ཁྱིམ་ཡོངསུ་དགང ་བྱས་ཏེ་བརྗོད་པ་ལ་སོགས་པའམ་ཕོངས་པ་འཇོམས་པར་བྱེད་དུ་གཞུག་གོ།། དབང་ལ་ནི་ཆགས་པའི་ཐུགས་དང་ལྡན་པས་སྔོན་བཞིན་དུ་ཨུཏྤ་ལའི་དོག་པའི་མདགུ་ཅན་གྱི་མདས་སྙིང་གར་ཕུག་ནས་དབང་དུ་བྱེད་པ་གཞུག་གོ།། དབང ་དགུག་ལ་ཞགས་པ་དང་ལྕགས་ཀྱུ་དག་གིས་བཅིངས་པ་དང་ཕུག་པས་དགུག་ཏུ་གཞུབ་གཞུག་གོ།། མངོན་སྤྱོད་ལ་ཁྲོས་པ་དང་ལྡན་པས་བསྒྲུབ་བྱའི་སྟེང་དུ་རྡོ་དང་མེའི་ཆར་ཕབ་ནས་བསྒྲུབ་བྱ་ཐལ་བར་བྱེད་དུ་གཞུག་གོ།། སྡང་བ་ལ་སོགས་པ ་ལའང་དེ་རྣམས་དང་རྗེས་སུ་མཐུན་པས་མཛད་པར་བསམ་པར་བྱ་སྟེ། རེ་ནས་ཧཱུཾ་གི་ཡི་གེ་ལས་བདུད་རྩི་འབྱིལ་བས་ཉེ་བར་མཁོ་བ་ཐམས་ཅད་སྔོན་བཞིན་བསང་གཏོར་བྱས་ལ་དེ་ནས་ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ལ་སོགས་པས ་མཆོད་པར་བྱ་སྟེ། ཨོཾ་ཨཱཿཔུཥྤེ་པྲ་ཏཱི་ཙྪ་ཧཱུཾ། ཞེས་བྱ་བ་ལ་སོགས་པས་ཞི་བ་ལ་མེ་ཏོག་དཀར་པོ་དྲི་ཞིམ་པས་མཆོད་པར་བྱའོ།། རྒྱས་པ་ལ་སེར་པོས་སོ།། དབང་དང་དགུག་པ་ལ་དམར་པོས་སོ།། ཁྲོ་བ་ལ་དྲི་མི་ཞིམ་པ་དང་དྲི་མེད་པའི་བིལ་བ ་དང་ཛ་བ་ལ་སོགས་པའི་མེ་ཏོག་སྟེ། སརྫ་བ་ལ་སོགས་པའི་སྤོས་ཀྱིས་དང་མི་དང་ཉའི་སྣུ་མ་ལ་སོགས་པས་སོ།། དེ་ནས་ཨོཾ་ཨཱཿཧྲཱིཿཔྲ་བ་ར་ཡཏྐ་རཾ་པཱ་དྱཾ་པྲ་ཧཱི་ཙཱཙྪ་ཧཱུཾ་ཞེས་བྱ་བས་ཞལ་བསིལ་དང་། ཨོཾ་ཨཉྩཱ་མ་ནཾ་པྲ་ཧཱིཙྪ་ཧཱུཾ་ཞེས་བྱ་བས་ཞབས་བསིལ་དང་། ཨོཾ་ཨཱཿཧྲཱིཿཔྲ ་བ་ར་སངྐ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཞེས་བྱ་བས་མཆོད་ཡོན་དབུལ་ལོ།། སྔོན་དུ་ཧཱུཾ་གིས་བསང་གཏོར་ཀྱང་ངོ་།། དེ་ནས་ཀྱི་དང་གསང་བ་བྱས་ལ་ལྷ་ཐམས་ཅད་ཀྱི་ལྗགས་ལས་དང་རྗེས་སུ་མཐུན་པའི་རྡོ་རྗེའི་རྣམ་པ་ལ་ཧཱུཾ་བཀོད་དེ། ཨོཾ་ཧི་ཧི་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོའི་རོ་ག ་ཤཱནྟི~ཾ་ཀུ་ཊ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པས་དགང་བླུགས་ཅི་ཙམ་འབྱོར་ཚད་ཕུལ་ཉེ་ཡང་བསང་གཏོར་ལ་སོགས་པ་བྱས་ལ་སྒྲ་སོ་སོའི་མིང་སྔགས་དང་རྫས་དང་སྤེལ་ཚིག་དང་བཅས་པ་ཅི་ཙམ་འབྱོར་པ་དབུལ་ལོ།། ཡང་ན་སྔགས་ལ་སྤེལ་བ་དང ་བཅས་པའོ།། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱ་རཱ་ཛཱ་ཡ་དྷི་མ་ཧེ་ཏ་ནུ་བཱི་ར་པྲ་ཙཽ་ར་ཡ་ཡ་ཆེ་གེ་མོའི་བོ་གཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་བསྲེག་པར་བྱའོ།། དེ་ནས་ལྷ་སོ་སོ་ལ་དགང་བླུགས་བདུན་ནམ་གསུམ་མམ་གཅིག ་བསྲེགས་ལ་དེ་ནས་བདུད་རྩི་དང་བཅས་པའི་དགའ་བླུགས་ཇི་ལྟར་རྙེད་པ་བསྲེག་པར་བྱའོ།། དེ་ལ་མེ་ལ་སོགས་པའི་ལྷའི་སྲེག་བླུགས་ཀྱི་སྔགས་ནི་ཨོཾ་སརྦ་པཱ་ལཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞི་བའི་དོན་དུ་ཧིལ་རྣམས་ཀྱིའོ།། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ་ཚེ་འཕེལ་པ་ལ་དཱུར་བའི་འོ།། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། རྒྱས་པའི་དོན་དུ་མ་ཆག་ཅིང་དུམ་བུ་མ་རེད་པའི་འབྲས་རྣམས་ཀྱིའོ།། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཕུན་སུམ་ཚོགས་པའི་དོན་དུ་ཞོའི་བཟའ་བ་དང་བཟང་པོའིའོ།། ཨོཾ་ཨ་པྲ་ཏི་ཧ་ཧ་བཛྲ་སྭཱ་ཧཱ། ་བསྲུང་བའི་དོན་དུ་ཧིལ་མར་ལ་བཏགས་པའི་ཀུ་ཤ་རྣམས་ཀྱིའོ།། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བ་སླུ་མེད་པའིའོ།། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མཥའིའོ།། ཨོཾ་བཛྲ་གྷསྨ་ར་ཡེ་སྭཱ་ཧཱ། གྲོའིའོ།། ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྦཱ་རའིའོ།། མཾ་བོ་དྷི་བྲྀཀྵཱ་ཡ ་སྭཱ་ཧཱ། ཨ་ཤྭཏྠའིའོ།། ཨོཾ་བཛྲ་མ་ཧཱ་ཡ་སྭཱ་ཧཱ། པླཀྵའིའོ།། ཨོཾ་ཀུ་བ་ར་བ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའིའོ།། ཨོཾ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ།། ཨོཾ་བཛྲ་རཀྵ་ཡ་སྭཱ་ཧཱ། ཨརྐའི་ཡིལ་འདའ་ཀྱིའོ།། ཨོཾ་བཛྲ་པྲྀཧྨ་ཎ་སྭཱ་ཧཱ། པ་ལཱ་ཤའིའོ།། ཨོཾ་བཛྲ་ག་ཏཱི་ཡི ་ལ་སོགས་པ་ལ་གཞན་གྱི་དོན་དུ་བྱེད་པ་སྟེ་ཁྱད་པར་ནི་འདི་དག་ཡིན་ཏེ། ཡོན་ཕུལ་བའི་སློབ་མ་སྦྱིན་སྲེག་གི་ཁང་པའི་ནང་དུ་བོས་ལ་དེའི་གཡས་པའི་མཐེ་བོང་གཡོན་པའི་མཐེའུ་ཆུང་གི་ཡང་དག་པར ་བཟུང་ལ་གཡས་སུ་བསྐོར་བ་ལན་གསུམ་བྱས་ཏེ་བླུགས་གཟར་གྱིས་མགོ་བོ་ལ་ལན་གསུམ་བསྐོར་ནས་ཞུགས་ཏེ་སྲོག་བླུགས་བདུན་བསྲེགས་ལ་གང་སྲེགས་བླུགས་སྦྱིན་དུ་གཞུག་པར་བྱའོ།། འཁྱིལ་པ་བཟླས་པའི་བསྲུང ་སྐུད། དེའི་ལག་པ་ལ་བཅིངས་ལ་བསང་གཏོར་བྱའོ།། འབྱོར་ན་རྒྱལ་པོ་ལ་སོགས་པ་དགེ་བར་འདོད་པས་གང་བའི་སྲེག་བླུགས་བྱའོ།། དེའི་རྗེ་སུ་མེའི་ཐབ་ཀྱི་ནང་གི་མཐོའ་མར་གསེར་དང་དངུལ་ལོ་སོགས་པའི་སྣོད་དུ ་འབྲས་སཱ་ལུ་དང་། འོ་མ་དང་། མར་དང་། ཁ་ར་དང་། སྦྲང་རྩི་རྣམས་བླུགས་པ་མེ་ཏོག་གི་ཕྲེང་བ་བཏགས་པ་ཚོས་པའི་ཙཱ་རུ་མཾ་ལ་དབུལ་བར་བྱའོ།། དེའི་རྗེས་སུ་ཞབས་བསིལ་ཕུལ་ལ་བསང་གཏོར་དང་ཡོངསུ་མཆོད་པ ་དང་ཨརྒྷ་ཕུལ་ཏེ་བཟོད་པར་གསོལ་ལ་མངོན་པར་དགའ་བའི་དངོས་གྲུབ་མངོན་པར་བླང་ངོ་།། ཨོཾ་ཨགྣ་ཡེ་སརྦ་སནྟོ་ཥ་ཎཾ་ཀུ་རུ་མེ་ཡ་ཐཱ་ཀཱ་མེ་སིདྡྷི་དཱ་གཙྪ་ཏུ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བས་གཤེགསུ་གསོལ་ལོ།། དེ་ནས་ཙཱ་རུ་དྭེ་རང་ཡང་བཟའ ་ཞིང་སློབ་མ་རྣམས་ལའང་བགོ་བར་བྱའོ།། དེ་ལྟ་ནའང་འདི་བརྗོད་པར་བྱའོ།། དེ་བཞིན་གཤེགས་པས་གསོལ་བ་ཡི།། ལྷག་མ་སྡིག་པ་རྣམས་འཇོམས་པའོ།། ཞེས་བརྗོད་ལ་སྦྱིན་པར་བྱའོ།། དེ་ནས་དམ་ཚིག་དང་ལྡན་པ ་འདུས་པ་ལ་ཚོགས་ཀྱི་སྟོན་མོ་བྱའོ།། དེ་ཡང་གཞུང་འདི་ཉིད་ནས་གསུངས་པ།། གཞོན་ནུ་མ་མཛེས་གར་བྱེད་དང་།། སྣ་ཚོགས་སིལ་སྙན་རྣམ་བཀུར་བྱས།། སྣ་ཚོགས་རྒྱུ་ན་དང་ལྡན་རྣམས་ཀྱིས།། སྐྱེ་བོ་ཆེན་པོ་བརྩོན ་བཞིན་དང་།། མེ་ཏོག་སྤོས་སོགས་ཀྱིས་སྤྲོ་བར།། འདུས་པའི་དབུས་སུ་བྱ་བའོ།། ཏཱ་མ་པུ་ལ་ཀུན་ཐམས་ཅད་ལ།། དགྱེས་བྱེད་སྦྱིན་པར་བྱ་བ་ཡིན་ཞེས་སོ།། དེ་ནས་བླ་མ་ལ་ཡོན་དབུལ་བར་བྱ་སྟེ།། སློབ་དཔོན་མཆོད་བྱ ་ཡང་དག་པར།། རྡོ་རྗེ་འཆང་དུ་བྱས་ནས་ནོ།། མུ་ཏིག་གསེར་དང་རིན་ཆེན་རྣམས།། གླང་རྟ་ས་གཞི་ཡུལ་ལྗོངས་དང་།། བྲན་ཕོ་བྲན་མོ་འཁོར་རྣམས་དང་།། ཆུང་མ་ཕུན་སུམ་ཚོགས་ཀུན་དང་།། གོས་ཟུང་དུ་མ་རྣམས ་དང་ནི།། དགྱེས་པ་འམ་ས་ལ་གང་ཅུང་ཟད།། བདག་ཏུ་ལྦུ་བ་དང་བྲལ་བས།། གདུལ་བྱ་གཙོ་བོ་ཞི་བར་གྱིས།། བདག་ཉིད་དངོས་པོ་ཐམས་ཅད་ཀྱིས།། ཕྱག་བྱས་ནས་ནི་དབུལ་བར་བྱ།། མེ་ཏོག་སྤོས་སོགས་ཐམས་ཅད ་རྣམས།། སྟོན་པའི་མདུན་དུ་དབུལ་བར་བྱ།། ཐམས་ཅད་ཉེ་བར་བྱ་བའི་ཕྱིར།། རྡོ་རྗེ་བློ་མ་ལ་དབུལ་བྱ།། དེ་ནས་མེ་བསད་ཞི་བ་ལ།། འོ་མ་ཡིས་ནི་རྒྱལ་བསྒྲུབ་ལ།། དྲི་གསར་རྣམས་ཀྱིས་དབང་དང་ཁྲོ།། འོ་མ་ཁྲག་ཏུ་དཀར ་མིན་པའི་ཞེས་སོ།། སྦྱིན་སྲེག་གི་ཐལ་བ་དང་སོལ་བ་ནི་ལས་ཐམས་ཅད་པའི་བུམ་པར་བླུགས་ལ་ཆུ་ཀླུང་ལ་བསྐུར་བར་བྱའོ།། ལྷ་ཚིམ་པར་བྱེད་པའི་རབ་ཏུ་བྱེད་པའོ།། ། ད་ནི་ནང་གི་སྦྱིན་སྲེག་བཤད་པར་བྱ ་སྟེ།། ནང་ལ་མཆོག་ཏུ་གཞོལ་བའི་སྒྲུབ་པ་པོས་འཇམ་ཞིང་ཡངས་པའི་སྟན་ལ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་བརྩེ་བ་སྔོན་དུ་སོང་བས་སྐད་ཅིག་གིས་ཞལ་གཅིག་ཕྱག་གཉིས་པའི་ཕག་མོ་དང ་བཅས་པ་བདེ་མཆོག་དུ་དམིགས་ལ། རྐང་པའི་མཐིལ་དུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་རོ།། དེ་ནས་ཟླུམ་པོ་ལྟེ་བར་སྐྱེས་པའི་ཐབ།། སྙིང་གི་རུ་ནི་གྲུ་བཞི་པ།། ནོར་བུའི ་བུ་གར་ཟུར་དྲུག་པ།། མགྲིན་པ་རུ་ནི་བདུན་པ་སྟེ།། ཟུར་བརྒྱད་པ་ནི་མགོ་ལའོ།། ཟུར་དགུ་པ་ནི་སྨིན་དབུས་སུ།། གཙུག་ཏོར་དུ་ནི་ཟུར་ལྔ་པའོ།། དེ་ལྟར་ཐམས་ཅད་ཀྱང་རྩ་ཐབ་ཀྱི་དབྱིབས་ཅན་དུ་བསྒོམས་ཏེ། ཐམས་ཅད་ཀྱི ་དབུས་སུ་ཧཱུཾ་བཾ་སྔོ་བ་དང་། དམར་བའི་མདོག་ཅན་ཁ་སྦྱོར་བསམས་ཏེ་གཙུག་ཏོར་ནས་རྡོ་རྗེ་ནོར་བུའི་བར་དུ་རྩ་དབུ་མས་སྦྲེལ་བ་གཡས་གཡོན་གྱི་རྩ་དང་བཅས་པ་ལེགས་པར་གསལ་བར་བྱས་ཏེ། དེ་ནས་སྟེང་འོག་གོ། ་རླུང་དགག་པའི་སྦྱོར་བས་རྐང་མཐིལ་གྱི་རླུང་གིས་མེ་སྦར་ཏེ། ལུས་ཀྱི་རྩ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་བཞུ་ནས་རྩ་གཡས་པ་དང་གཡོན་པར་དྲངས་ལ་དེ་གཉིས་ནས་དབུས་མའི་རྩེ་མོའི་ཧཾ་ལཱ་བསྟིམས་ཏེ། དེ་ནས ་དབུ་མ་ནས་བབས་པས་འབར་བཞིན་པའི་ཐབ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་དགང་ཐུགས་ཕུལ་བས་ཐམས་ཅད་གོང་བར་གྱུར་ཏེ་ལུས་ཀྱི་རྩ་ཐམས་ཅད་དུ་ཡང་འཕྲོས་པར་བསམ་ཞིང་། ཡང་བསྡུ་བའི་སྦྱོར་བ་གོམས་པ ་རྒྱུན་མི་འཆད་པར་བྱས་ནས་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། འདི་ནི་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་མན་ངག་དང་བཅས་པ་བླ་མས་གསུངས་པ་ལ་བདག་གི་དཔེ་མཁྱུད་མ་བྱས་པ་སྟེ། འདི་ནི་ནང་གི་སྦྱིན་སྲེག ་གི་རབ་ཏུ་བྱེད་པའོ།། ། དེ་ལྟར་བརྗོད་པའི་སྦྱིན་སྲེག་ཐབས།། བསོད་ནམས་ཚོགས་ཀྱི་རྒྱུ་དོན་དང་།། ཡེ་ཤེས་ཚོགས་རྫོགས་བྱ་བའི་ཕྱིར།། བཅོམ་ལྡན་འདས་ཀྱིས་རྒྱུད་དུ་གསུངས།། དེ་ལ་མི་གསལ་གང་ཅུང་ཟད།། ་བླ་མའི་གསུང་གི་རྗེས་འབྲངས་ནས།། གཞན་ལ་ཕན་གྱུར་སྲིད་སྙམ་ནས།། བདག་གིས་གསལ་བར་བྱས་པ་ཡིན།། ཐོས་བྲལ་རྟོག་པ་དམན་པ་ཡི།། སྐྱེ་བླུ་ན་རྨོངས་པ་ང་རྒྱལ་ཅན།། འབྲེལ་མེད་ལུང་དང་མི་ལྡན་པ།། ངན ་རྟོག་སྣ་ཚོགས་སྦྱོར་མཐོང་ནས།། རབ་འབྱམས་ཐོས་པ་མ་ཡིན་ཀྱང་།། རང་གི་གཞུང་ལུགས་དུ་མ་ལ།། སྐྱེ་བར་རྒྱུན་ཏུ་གོམས་བྱས་དང་།། ལེགས་སྦྱར་སྐོད་ལའང་རྟོག་སྐྱེས་དང་།། བླ་མའི་ལུང་ཡང་ལེགས་མནོས་པས།། ་རྩོམ་མོ་འོས་པ་བདག་མིན་སྦྲུམ།། བདག་གིས་ལེགས་སྦྱར་བསོད་ནམས་འདིས།། འགྲོ་ཀུན་ཉོན་མོངས་ཐུང་ཤིང་རྣམས།། གཉིས་མེད་ཡེ་ཤེས་རབ་འབར་བས།། བག་ཆགས་བཅས་པ་བསྲེག་གྱུར་ཅིག། དཔལ་མཁའ་འགྲོ ་རྒྱ་མཚོའི་རྒྱུད་ཀྱི་སྦྱིན་སྲེག་གི་ཆོ་ག་རིན་པོ་ཆེ་མེ་ཤེལ་མཁས་པ་ཛ་ཡ་སེ་ནའི་གསུང་།། དཔལ་ཡེ་ཤེས་རྡོ་རྗེས་བསྒྱུར་བ་རྫོགསོ།། ། དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི།། རྒྱུད་རྒྱལ་ཡིད་བཞིན་ནོར་བུ ་གཏེར།། ཡིད་བཞིན་ནོར་བུའི་རིས་རྣམ་གཉིས།། བླ་མའི་གསུང་གཽ་གྲུར་ཞུགས་ནས།། བསྐྱེད་པའི་རིམ་པའི་ཕྱོགས་ཉིད་དང་།། རྫོགས་པའི་རིམ་པ་སྣ་ཚོགསོ།། དེ་ལ་རྫོགས་པའི་རིམ་པའི་ཕྱོགས།། གྲུབ ་པའི་སྐྱེས་བུ་མཚོ་སྐྱེས་ཀྱིས།། རྒྱ་ཆེར་རྒྱུད་འགྲེལ་ཉིད་དུ་བཀྲལ།། བསྐྱེད་པའི་རིམ་པའི་མི་གསལ་བ།། མངོན་རྟོག་དཀྱིལ་འཁོར་ཆོ་ག་དང་།། སྦྱིན་སྲེག་རབ་གནས་ཚོགས་འཁོར་དང་།། གཏོར་མ་མཎྜལ་ཆོ་ག་རྣམས།། བློ་ཡི་སྙམ ་པ་མ་ཉམས་པས།། ཡིད་བཞིན་ནོར་བུ་རྣམ་པ་བདུན།། ལེགས་པར་བླངས་ནས་འདིར་གཏོར་མའོ།། དེ་ལྟར་བྱས་པའི་དགེ་བ་འདིས།། འདི་ལྟའི་ནོར་བྲལ་འགྲོ་བ་རྣམས།། ཚུལ་བཞིན་བླ་མ་གུས་བསྟོན་པས།། རིན་ཆེན་འདི་རྣམས ་སྤྱོད་གྱུར་ཅིག།། རྒྱ་གར་སྐད་དུ། སཱ་དྷིཥྛཱ་ན་ཀྲ་མོ་པ་དེ་ཤ་ཀ་ས་དྷ་ན། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་མན་ངག་གི་སྒྲུབ་ཐབས། བདག་གི་ལྷ་ལ་ཕྱག་འཚལོ།། དངོས་མིན་དངོས་མེད་མ་ཡིན་མཁའ་ལྟར་རོ། ་