CLOSE WINDOW

GT2378: rdo rje dbyangs can ma'i sgrub thabs
Wyliee-texts produced with BDRC’s OCR application

ཅན་མའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐ་དུ། བཛྲ་སྭ་ར་སྭ་སྟི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལ། དཔའ་སྟུག་སྟོན་ཀའི་བདུད་རྩིའི་འོད།། ཀུ་མུ་ཏ་ཡཱཾ་བླ་མེད ་གང་།། འགྲོ་བའི་མི་ཤེས་མུན་ཞི་མཛད།། རྒྱལ་གྱུར་རྡོ་རྗེ་དབྱངས་ཅན་མ།། དེ་ཡེ་མན་ངག་ཉེར་བསྡུས་ནས།། དེའི་སྒྲུབ་ཐབས་བརྗོད་པར་བྱ།། མཁའ་འགྲོ་མ་ཡི་རྡོ་རྗེ་གུར།། ཀུན་ནས་བརྟན་པ་བརྗོད་པར་བྱ།། གཙང་ཞིང་ཡིད་འོང་གནས་ནི།། བདེ་བའི་སྟན ་ལྔ་འདུག་ནས་ནི།། དད་ཅིང་ལས་གཞན་མོད་པ་ཡི།། རྗེས་འཇུག་ཐུན་མཚམས་གསུམ་དུ་བསྒོམ།། རྩེ་བའི་མཐུ་ཡིས་རྫོགས་བྱང་ཆུབོ་སྨོན་ལམ་ཡོངསུ་འདྲེན་པ་ཡིས།། རྨི་ལམ་སྒྱུ་མའི་དཔེ་བཞིན་དུ།། ཁམས་གསུམ་མ་ལུས་བརྟག་པར ་སྙིང་ཟླ་ས་བོན་འོད་ཟེར་གྱིས།། དེ་བཞིན་གཤེགས་རྣམས་གདན་དྲངས་ནས།། ཀུན་ལ་ཕན་འདོད་བསམ་པ་ཡིས།། མཆོད་ཅིང་སྡིག་པ་མ་ལུས་བཤགས།། དེ་ནས་སླར་ཡང་མི་བྱེད་བའི།། དམ་བཅའ་ཡང་ནི་བརྩམ་པར་བྱ།། བསོད་ནམས་ལ་ནི ་རྗེས་ཡི་རང་།། རྫོགས་པའི་བྱང་ཆུབ་བསྔོ་བར་བྱ།། དཀོན་མཆོག་གསུམ་ལ་སྐྱོབསུ་མཆི།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་བྱ།། ཀུན་མཁྱེན་རྣམས་ཀྱི་བྲན་ཉིད་དུ།། བདག་ཉིད་ངེས་པར་དབུལ་བར་བྱ།། བྱམས་པ་ལ་སོགས་བསྒོམ་བྱ་ཞིང་།། ཞེ་སྔ ་ལ་སོགས་ཞི་བར་བྱ།། དེ་ནས་འོད་ཟེར་གྱིས་གང་བའི།། ས་བོན་སྙིང་པོ་ལས་བྱུང་བའི།། ཕྱོགས་ཀྱི་སྒོ་ནས་རྣམས་སྣང་བྱ་ཞིང་།། འོད་ཟེར་དཀར་པོ་རབ་གསལ་འབར།། པདྨ་ཟླ་བའི་གདན་ལ་ནི།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུན ་ཕྱེད་གཡོ་བུང་བའི་ཡན་ལག་ཅན།། དཔལ་གྱི་སྒོ་ཡིས་ལེགས་པར་བརྒྱན།། པདྨ་དམར་པོ་རབ་རྒྱས་བཞིན།། དཔལ་གྱི་ཕྱག་གཡས་རབ་མཛེས་པ།། མཛེས་པའི་ན་བཟའ་སྣ་ཚོགས་དང་། དཔལ་གྱི་སྐུ་ནི་ཕུན་སུམ་ཚོགས།། ཤེས་རབ་པ ་རོལ་ཕྱིན་པ་འོད་གསལ། ཕྱག་གཡོན་གྱིས་ནི་ཆུ་སྐྱེས་ཅན།། བརྒྱད་གཉིས་ལོ་ལོན་རྣམ་པ་ཙན།། ན་བཟའ་ཁ་དོག་དཀོར་པོ་བསྣམས།། ཟླ་བའི་ས་བོན་སོགས་སྐྱེས་པའི།། འཕགས་མ་དབྱངས་ཅན་མོ་ཉིད་བལྟ། སྙིང་གར་ཤུལ་གྱི་རྣམ ་པ་ཅན།། ཟླ་བའི་དཀྱིལ་འཁོར་དབུསུ་སོན།། ཟླ་ཕྱེད་སྐོར་མ་དང་བཅས་བཞིན།། ཐིག་ལེ་ནཱ་དས་ཡོངས་སུ་བརྒྱན།། འོད་ཟེར་ཀུན་ནས་འཕྲོ་བ་ཅན། དཔལ་གྱི་སྒྲ་ཡིས་རྣམ་པར་བརྒྱན།། དག་གི་རྣམ་པ་ཀུན་ཚོགས་པའི།། ཨཾ་ཡིག་ས་བོན ་རྣམ་པར་འཛིན།། ཛཿཡིག་འསོགས་སྔགས་རྣམས་ཀྱིས།། དགུག་པ་ལ་སོགས་རབ་སྒྲུབ་ཐབས།། རང་ལུས་རང་གི་ལྷག་ལྷའི་སྐུ།། དབྱེར་མེད་རབ་སྒྲུབ་དེ་རྗེ་སུ། འདི་ནི་གཞུག་པར་ངེས་པ་ཡི།། རྒྱལ་བ་རྣམས་ཀྱི་སྐུ་ནི་འཇུག། སྔགས ་པས་ས་བོན་ལས་བྱུང་བའི།། དེ་ཉིད་སྦྱོར་བས་ཉིན་མཚན་དུ།། ཟླ་བ་དུག་དུ་གོམ་པ་ཡིས།། ལྷག་པའི་ཤེས་རབ་ཐོབ་པར་འགྱུར།། མཚན་མོ་བདུན་དུ་མངོན་སྦྱོར་བས།། བསྟན་བཅོས་ཀུན་ལ་མཁས་པར་འགྱུར།། བསམ་གཏན་ལྡན་པ ་ངལ་གྱུར་ན།། བློ་གཞན་མིན་པར་བཟླས་པར་བྱ།། ལྟེ་བར་ཟླ་བའི་ས་བོན་ནས།། ཡི་གེ་རྣམས་ཀྱི་འཕྲོ་འདུ་ལས།། ཁ་ནས་གོང་དང་དེ་ནས་འོག། དེ་ནས་སྟེང་དུ་རིམ་པ་ཡི།། མུ་སྟེགས་རིན་ཆེན་བགྲང་འཕྲེང་གིས།། མཚུངས་པར་ཀུན་ནས ་སྣང་བ་ལས།། གེང་ནས་གོང་དུ་འཇུག་རྣམས་ཀྱིས།། དཔྱངས་རྣམས་ནང་དང་ཕྱི་རྣམས་སུ།། འཁོར་ཞིང་སྔག་ཀྱི་ཕྲེང་བ་རྣམས།། དུས་མཚུངས་ཉིད་ལ་དམིགས་པ་བྱ། བཾ་ཡིག་ལས་སྐྱེས་མཚན་ཉིད་འདི། ས་བོན་དང་པོ་ལ་བཞུགས ་བྱི། ལྟེ་བའི་དབུས་ཀྱི་ས་བོན་གྱི།། གྲུབ་པ་དེ་བཞིན་ཉེ་བར་དབུལ།། དེ་བཞིན་ཏིང་འཛིན་ལྔ་དམིགས་ནས།། མཚན་ཉིད་རྒྱུན་མི་འཆད་པར་བཟླ།། ཀུན་ནས་འཁོར་ཞིང་སླར་ཡང་ནི།། བརྟུལ་ཞུག་ས་མ་ཉམས་མཚན་ཉིད་གསལ།། བཀླག་པ་ཙམ ་གྱིས་དེ་འབྲས་བུ།། གཞུང་ནི་བརྒྱ་རྣམས་འཛིན་པར་འགྱུར།། གང་ཞིག་འདོད་ན་ཉིན་རེ་བཞིན། ཤཾ་ལོ་ཀ་ནི་བརྒྱ་རྣམས་བརྩོམ།། ཚངས་པར་སྤྱོད་ཅིང་ཤྭ་དག་དང་།། ཆང་ལ་སོགས་པ་རྣམ་པར་སྤང་།། ཉིན་རེ་བཞིན་དུ་ཁྲུས་བྱ་ཞིང ་ཆོ་ག་འདི་བཞིན་ཉེར་བསྟུན་པས།། གོས་ནི་ལན་གསུམ་བགོ་བྱ་ཞིང་།། དུས་མིན་ཁ་ཟས་སྤང་བར་བྱ།། ཆུ་རྣམས་ཀྱང་ནི་སོ་སོར་བརྟག། ཆོ་ག་འདི་ཡང་འདོད་པ་སྟེ།། ཚངས་པར་སྤྱོད་པ་བསྲུང་བྱེད་ན།། གཞན་པ་རྣམས་ནི་མ་བསྲུངས ་ཀྱང་།། འབྲས་བུ་ལ་དམིགས་རྒྱུར་སྨིན་ལས།། འོན་ཀྱང་གཏམ་མང་མ་ཡོ་ནོ།། ཚངས་པར་སྤྱོད་པ་བསྐྱེད་བྱ་ཞིང་།། མྱོས་བྱེད་སྤྱོད་པ་སྤང་བར་བྱ།། རྗེ་སུ་འགྲོ་དང་ལྡོག་པ་དག། མཚུངས་པར་འབྲས་བུ་བརྟན་པར་བྱ།། དེ་ལས་འབྲས་བུ་བརྒྱད ་མིན་པའི།། ཡོངས་རྫོགས་ཆོ་ག་བརྩམ་པར་བྱ།། ཁམས་གསུམ་ངོ་མཚར་ནུས་པ་ཡི།། འདི་ལ་རབ་ཏུ་རྒྱལ་བར་འགྱུར།། ཆུ་སྐྱེས་སྟན་ནི་མཐོ་བ་ལ། ཁ་དོག་རྣམས་ནི་དཀར་བར་འདོད།། བྱ་རོག་མི་གྲག ་ཤེས་པ་ཡིས།། མཁས་པས་རྗེ་སུ་གནང་བར་འཐོབ།། རྗེསུ་འགྲོ་དང་ལྡོག་པ་འམ།། ཇི་ལྟ་ཇི་ལྟར་དངོས་གྲུབ་རིགཱ། མར་མེ་མཐོང་ལས་རྨི་ལམ་དུ།། ལྡན་པ་འམ་ནི་མི་ལྡན་ཡང་།། བྱ་རོག་སྒྲ་ནི་མི་གྲག་པར།། རྩ་བ་མོ་ཁྱོར་བ་གང་ལ ་ནི།། རང་གི་སྔགས་ཀྱིས་མངོན་པར་སྔགས།། ཁམ་པོར་ཕྱེད་ཕྱེད་གཏུང་བར་བྱ།། རང་གིས་བླངས་དང་རང་ཉིད་ཀྱི།། བརྡ་བཅས་མིན་པ་གཞན་སྟོབས་པ།། མཁས་པས་མ་བླངས་ཆོ་ག་ཡོས།། བསླངས་པ་ཉིད་ནི་མ་ཡིན་དེས།། ། ་འདི་ནི་དང་པོར་ཤེས་རབ་འགྲུབ་པར་བདེ་བར་གཤེགས་རྣམས་ཀྱིས།། མན་ངག་ཉེར་བསྟན་གང་ལྔས་རྒྱ་ཆེན་ཤིན་ཏུ་མཁས་པ་སྟེ།། དེ་ཡིས་མྱུར་དུ་ངོ་ཚར་ཤིན་ཏུ་བླ་ན་མེད་དུ་བྱེད།། སྐྱེ་བོ་འདིས་ནི་ཐམས་ཅད་མཁྱེན་པ ་སོགས་གོ་འཕང་ཐོབ།། འཕགས་པ་སྤྱན་རས་གཟིགས་དབང་ཞབས་ཀྱི་ཆུ་སྐྱེས་ལ།། འདུས་པས་སྡིག་པ་དག་འགྱུར་མཁས་པའི་བློ་གྲོས་ཀྱི།། ཚུལ་ལུགས་རྒྱ་ཆེར་རབ་ཏུ་གྲགས་པ་ཐོབ་གྱུར་པའི།། དགེ་སློང་ཡིད་ཀྱི་ཤིང་རྟ ་བསྐྱོད་པས་འདི་བརྩམས་སོ།། དང་པོ་འཁོར་ལོ་འཛིན་པ་དེ་ནས་པི་ཙུ་ཟུང་ལྗོན་པྲཛྙཱ་དང་ལྡན་བརྡྷ་ནི།། དེ་ནས་འབར་བ་ཟུང་ལྡན་དེའི་ཕ་རོལ་མེ་དྷ་བྱཾ་ནས་བརྡྷ་ནི་དང་ཕྱིས།། དྷ་རི་གཉིས་ལྡན་དེ་བཞིན་བུདྡྷི་བརྡྷ་ན་དང་སྭཱ་ཧཱ་ཞེས་པའི ་མཐའ་ཅན་རྣམས།། མཁས་སོགས་གྱུར་པ་རྣམས་ཀྱི་བདེ་བར་གཤེགས་པ་རྣམས་ཀྱི་གསང་སྔགས་དེ་འདིར་ལེགས་པར་གསུངས།། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། ་