CLOSE WINDOW

GT2370: shes rab kyi pha rol tu phyin ma dkar mo'i sgrub thabs
Wyliee-texts produced with BDRC’s OCR application

པ་རྫོགས་སོ།། ། རྒྱུ་གར་སྐད་དུ། ཤུཀྵ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས། འཕགས་མཱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནུ་མ་ལ་ཕྱག་འཚལ་ལོ།། ཤེས་རབ་ཕ་རོལ་ཕྱིན ་མ་ཡི། ལྷ་མོ་བསྒོམ་པའི་གཟི་བརྗིད་ཅན། ཟླ་བ་གང་ཞིག་ཤར་བ་ཡཾ། རྒོལ་པོའི་ངག་པད་གཉིད་ལོག་གོ།། བརྩེ་བ་དང་ལྡན་པའི་རྣལ་འབྱོར་པས་སྟན་བདེ་བ་ལ་འདུག་ནས་རང་གི་སྙིང་གར་པ་ཡིག་དཀར་པོ་ཡོངས་གྱུར་པ་ལ་པདྨ་དེ་ལ་ཡང་ཨཾ་ལས་བྱུང ་བའི་ཟླ་བའི་དཀྱིལ་འཁོར་ལ་དེ་ལ་ཨོཾ་དཀར་པོའོ།། དེ་ལས་བྱུང་བའི་འོད་ཟེར་གྱིས་ན་མཁའ་ལ་བླ་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས། ས་བོན་དེ་ལས་གྱུར་པའི་མཆོད་པའི་ཉེར་སྤྱོད ་རྣམས་ཀྱི་མཆོད་པས་མཆོད་ནས། དེ་བཞིན་དུ་ཕྱག་འཚལ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། མི་ཕྱེད་པའི་སྡོམ་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་། བསོད་ནམས་ཡོངསུ་བསྔོ ་བ་དང་། བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། རྒྱལ་བའི་ལམ་ལ་བསྟེན་པ་དང་། གཞན་ལ་བདེ་བ་ཕུན་སུམ་ཚོགས་པར་འདོད་པའི་བྱམས་པ་དང་། གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེའི་བདག་ཉིད་དང་། ་སེམས་ཅན་རྣམས་ལ་དགའ་བའི་རྣམ་པ་སྦྱིན་པར་འདོང་པོ་དང་། གཤེད་དང་ཕྲན་མོ་དང་དགྲ་རྣམས་ལ་འཐུན་པ་དང་། ཁྲོ་བ་རྣམ་པར་སྤངས་ཤིང་མཚུངས་པར་འདུ་བྱེད་པ་དེས་སེམས་ཅན་མཚུངས་པར་བྱེད་པ་ནི་བཏང་སྙོམས་ཞེས་པ་རྣམ་པས ་པར་བྱའོ།། དེ་ནས་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སྔོགས།། ཨཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་སོ།། དེ་ནས་པདྨ་ལ་ཟླ་བ་རྣམ་པར་བསྒོམས་ལ། དེའི་དབུས་ས་བོན་ལས་བཅོམ་ལྡན་འདས་མ་ཤེལ་དག་པ་ལས་བྱས་པ་ལྟ་བུ་ཞལ་གཅིག་པ། དབུ་སྐྲ ་ནག་པོ་ཕྱེད་ཕྱེད་དུ་འཁྱིལ་བའི་ཞགས་པ་ཅན་ཕྱག་གཉིས་པ། སྐྱིལ་ཀྲུང་གིས་བཞུགས་པ། མཆུ་དང་ཕྱག་དང་ཞབས་ཀྱི་མཐིལ་དམར་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་དཀར་པོ་མནབས་པ། ཕྱག་གཡས་ན་སྡོང་བུ་དང་བཅས་པའི་ཆུ་སྐྱེས ་བསྡམས་པ། ཕྱག་གཞན་ན་ཐུགས་ཀར་པོ་ཏཽ་བསྣམས་པའི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་བསྐྱེད་ནས། ལྟ་བའི་དཀྱིལ་འཁོར་དུ་དེ་བཞིན་དུ་གཞན་ཡང་བཅོམ་ལྡན་འདས་མ་རྒྱན་ཐམས་ཅད་ཀྱིས་བསྣམས་པར་བསྒོམས་པར་བྱའོ། ་འདི་གི་ཐུགས་ཀར་ཡང་པདྨ་དང་ཟླ་བའི་ས་བོན་ལ། དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པས་མ་འོངས་པོ་ནི་གྲུབ་པའི་བཅོམ་ལྡན་འདས་མ་ཛཿཞེས་པའི་སྔགས་ཀྱིས་གདན་དྲངས་ནས་ཡང་དག་པར་མཆོད་ཅིང་ཧཱུཾ་ཞེས་པས་རབ་ཏུ་བདུན ་ནས་པཾ་ཞེས་པས་བཅིངས་ཏེ། ཧོཿཞེས་པས་མཉེས་པར་བྱའོ།། དེའི་རྗེས་ལ་ས་བོན་ལས་འཕྲོ་ཞིང་བྱུང་བའི་འོད་ཟེར་གྱིས་དཔག་ཏུ་མེད་པའི་འཇིགས་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་རྣམས་ཀྱིས་དོན་མཛད་པ་མཐའ་ཡས་པའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྲུལ་པའི་སྐུ་སླར་ཡང་དེ་ལོས་སྡུད་པ་བསྒོམ་པར་བྱའོ།། སྤྲོ་ཞིང་བསྡུ་བས་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་གནས་པར་བྱའོ།། དེ་བཞིན་དུ་གུང་ཐུན་དང་ཐུན་ཕྱི་མའང་སྤྲོ་ཞིང་རྣམ་པར་བསྒོམས་ཏེ། བསྡུས ་ནས་དེའི་ང་རྒྱལ་གྱི་གནས་པར་བྱའོ་ཞེས་སོ།། ཡང་སྔ་དྲོའི་ཐུན་ལ་མྲིཿཡིག་གིས་གཤེགས་ནས་དེ་བཞིན་དུ་སྒོམ་པར་བྱའོ།། དེ་ལ་འདིས་བཟླས་པའི་ཆོ་ག་ནི་སྙིང་གའི་ས་བོན་གྱི་ཡི་གེ་ནང་དང་ཕྱི་རུ་ལྷ་མོའོ་ཞལ་གྱི་སྒོ་ནས་འོན་ནས་ལྟོ་བུའི་དཀྱིས ་འཁོར་དུ་དེ་ལ་དེ་བཞིན་དུ་རབ་ཏུ་ཞུགས་ཏེ་སྔགས་ཀྱི་ཡི་གེ་རྣམས་ཤེལ་གྱི་ཕྲེང་བའི་རྣམ་པ་དཀར་པོ་སྤྲོ་ཞིང་ཉེ་བར་བསྡུས་ནས་ལྷ་རྣམས་ཀྱི་ང་རྒྱལ་གྱིས་བཟླས་པར་བྱའོ།། དེ་ལ་བཟླས་པའི་སྔགས་འདྲིའོ།། ཨོཾ་བི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ ་ཛྭ་ལ་མེ་དྷ་བཪྵ་ནི་དྷི་རི་དྷོ་རྀ་བུ་དྷི་བརྡྷ་ནི་སྭཱ་ཧཱ། དེ་བཞིན་དུ་བསྒོམ་པའི་རྣལ་འབྱོར་པས་དུས་མི་རིང་བར་བསྟན་བརྐོས་ཐམས་ཅད་ལ་མཁས་པར་འགྱུར་རོ།། ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲིམ་པའི་རིམ་པའོ།། ཤེས་རབ་ཕ་རོལ་ཕྱིན་གྱུར ་པའིསསྒྲུབ་ཐབས་གང་བྱས་བསོད་ནམས་དེས། ཤེས་རབ་ཕ་རོལ་ཕྱིན་གྱུར་པར།། འགྲོ་བ་འདི་རྣམས་འགྱུར་བར་ཤོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མེའི་སྒྲུབ་ཐབས་རྫོགས་སོ།། པཎྜི་ཏ་དཔལ་ལྡན་པདྨ་འདྲེས ་གྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གང་སྐད་དུ། ཀ་ན་ཀ་བརྡྷ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེ་མདོ་བྷྲཱུཾ་སྒྲུབ་ཐབས། འཕགས་མ་ཤེས ་