| Wylie | e-texts produced with BDRC’s OCR application |
མཛུབ་མོའི་རྩེ་མོ་རྣམ་པར་གཟུང་བར་བྱའོ།། ཨོཾ་མཱ་རཱི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊྚ་སྭཱ་ཧཱ། འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགསོ།། ། རྒྱུ་གར་སྐད་དུ། ཤྲཱི་མཱ་རཱི་ཙྱཻ་བི་ཙུ་བཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འོད་ཟེར་ཅན་པི་ཙུ་མའི་སྒྲུབ ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལོ།། རང་གི་རྟོག་ངན་ཆ་ཡིས་བསྐྱེད།། བར་དུ་གཅོད་པ་ཀུན་ཞི་དང་། ཀུན་མཁྱེན་ཤེས་རབ་ཐོབ་བྱའི་ཕྱིར། འོད་ཟེར་ཅན་ཉིད་བསྒོམ་པར་བྱ།། ཕྱོགས་ཀུན་དུས་གསུམ་ནང་བཞུགས་པའོ།། རྫོགས ་སངས་རྒྱས་དང་བླ་མའི་མདུན།། བདག་ཉིད་ཟླ་ལས་ཡང་དག་མཆོད།། ཆོ་ག་བཞིན་དུ་བཤགས་ལ་སོགས།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། དཀག་གསུམ་ལ་བདག་སྐྱབས་མཆི། སངས་རྒྱས་བྱང་ཆུབ ་ཡིད་ཀྱིས་གཟུང་།། བདེན་མེད་གཉིས་པའི་ངོ་བོ་ནི། སྟོང་ཉིད་མཚན་མེད་རྒྱུ་དང་བྲལ།། དྲི་ཕྱིར་སྨོན་པ་མེད་པ་དང་།། འགྲོ་རྣམས་རང་ཉིད་རྣམ་ཐར་གསུམ།། སྐུ་གདུང་མཆོད་རྟེན་ཆོས་དབྱིངས་གནས།། སྟོང་ག་སངས་རྒྱས་ལམ་ནས་ནོ།། ། ་མཁའ་ཁྱབ་སངས་རྒྱས་ཚོགས་འཕྲོ་བས།། གླུ་བཞི་ལ་སོགས་ཡང་དེ་ག་ལྡན།། ཕྱི་དང་ནང་དུ་བྱུང་བཞི་ལ། རྩེ་གསུམ་གྱིས་མཚན་བྷཱུ་བྷཱུའི་དཀྱིལ།། གདྲུག་པའི་སེམས་ཅན་མཐིལ་དུ་མན་ན། རཱྀ་ཡི་རྒྱལ་པོ་རབ་ཏུ་གནས།། དེ་ལ་མཾ་ཡིག ་བསྒོམ་པར་བྱ། མྱ་ངན་མེད་པཾ་ཤིང་ལས་བྱུང་བའི།། སྒེག་ཅིང་དཔལ་དང་བདེན་པོའི་ཆར།། ཛམྦྷ་ནཱ་དའི་འོད་དང་མཚུངས།། གཡས་ཞལ་ཨིནྡྲ་ནཱི་ལའི་མདོག། མེ་སྡུག་འཇིགས་ཤིང་དྲག་པོ་སྟེ།། ཅིག་ཤེས་ཞལ་ནི་ཟླ་འོད་འགྲོ། སྙིང་པོ་ལས་ཀྱ ་ཞི་བ་སྟེ།། ཞལྔ་གསུམ་རྣམ་པར་ཐར་པ་གསུམ།། ཆོས་དང་ལོངས་སྤྱོད་སྤྲུལ་པར་གསུངས། ཡི་གེ་སེར་པོ་གོས་བཟང་དང་།། འོད་ཟེར་གྱིས་ནི་ཞལ་གནས་མ། ཁ་མིག་ཁབ་ཀྱིས་འཚེམ་བྱེད་ཅིང་།། ཁ ་དང་མིག་དག་འཆིང་བར་བྱེད།། སྙིང་མགྲིན་ལྕགས་ཀྱུ་ཞགས་པ་དང་།། མདའ་དང་གཞུ་ཡིས་འབུགས་པར་བྱེད།། རྡོ་རྗེས་གདུག་པའི་སྙིང་འབུགས་ཤིང་།། མྱ་ངན་མེད་པས་འབྲབ་པར་བྱེད།། རྣམ་པར་བརྒྱད་བརྒྱད་རྣམ ་ཀྱིས་ནི།། གདུག་པ་འཇོམོས་པར་རབ་ཏུ་བསྒོམ།། ཞབས་ནི་བརྐྱང་བསྐུམ་དག་གིས་ནི།། དབང་ཕྱུག་དང་ནི་གོ་རི་དག། ཐབས་དང་ཤེས་རབ་ཞབས་ཀྱིས་མནན།། འོད་ཟེར་ཅན་བསྒོལ་བརྟུལ་ཞུགས་ཅན།། ཕྱོགས་ཀུན་དང་ནི་དུས ་གསུམ་དུ།། བདག་ཉིད་སྤྲོ་བསྡུ་བྱས་ནས་ནི།། ཛཿཧཱུཾ་བཾ་ཧོཿབརྗོད་ནས་ནི།། དེ་ལ་སངས་རྒྱས་ཀུན་གཞུག་བྱ།། སངས་རྒྱས་སྐུ་བསྐྱེད་རིམ་པ་ཡིས།། བདུད་རྩིའི་བུམ་པ་རྣམས་བཟུང་ནས།། རིན་ཚུན་དབུ་བརྒྱན་ཅོད་བྲན་ཅན།། རྟག ་ཏུ་དབང་བསྐུར་བལྟ་བར་བྱ།། ཕྱོག་ན་མཆོད་པ་ཀུན་ཐོགས་ནས།། མེ་ཏོག་ལ་སོགས་རྡོ་རྗེ་མས།། མཆོད་ཅིང་བསྟོད་པ་བྱས་ནས་ནི། ཤིན་ཏུ་བཟའ་དང་ཆང་སོགས་ཀྱིས།། ལུས་ངག་ཡིད་ནི་རངས་བྱེད་པ།། པཱི་ཙུའི་སྔགས་ནི ་བཟླས་པར་བྱ། སརྦ་དུཥྚིཾ་པྲ་དུཥྚ་ནཾ།། རང་མིང་བཞི་པའི་མཐར་དུ་རྩིས།། ཐུན་མཚམས་བཞི་འམ་ཐུན་མཚམས་གསུམ།། སྔ་བར་བརྒྱ་དང་རྩ་བརྒྱད་བཟླས།། རིག་པ་ཆེན་པོ་བསྒོམ་པ་ཡི།། དོན་ཆེན་ལ་ནི་སྟོང་ཕྲག་གཅིག་5 ་ནས་མཆོད་ཅིང་བསྟོད་པར་བྱ། དག་པའི་དོན་དུ་ཞུ་བར་བྱ།། བདག་ཉིད་གནས་ནས་རྫོགས་སངས་རྒྱས།། གང་ལའང་ཆགས་པ་སྦྱང་བར་བྱ།། གཤེགས་གསོལ་དང་ནི་ལྷ་གནས་ལ།། སྤྱིར་ནི་ཡི་གེ་གསུམ་དྲན་བྱ། རབ་གནས་ལ་རྒྱུད ་ལ་ནི། ལུས་ངག་ཡིད་ནི་བསྒྲུབ་པར་བྱ།། ཐུན་མཚམས་པར་ཡང་མཆོད་པ་སོགས།། སྔོན་དུ་འགྲོ་བས་བཟླས་པར་བྱ།། དང་པོར་ཚོགས་སླར་ཡང་ནི།། སྔ་བར་ལྷ་མོ་ཀླུ་ཡིས་བསྐུལ།། རིག་པ་འདི་དང་དེ་བཞིན་བདག་བསྒོམ་ཞིང་ཡང ་དགྲ་བཟླས་པར་བྱ།། རྒྱུད་ཀྱི་མིན་ངག་ཉིད་ལས་ནི། སྔགས་པས་མངོན་འདོད་རྟག་ཏུ་བསྒྲུབ། པཱ་ཅི་ཅུང་ཟད་ཡང་དག་བྲོས།། བསོད་ནམས་ཡང་དག་ཉེར་བསགས་པ།། དེ་ཡིས་འཇིག་རྟེན་ཐམས་ཅད་ནི།། འཇམ་པའི་རྒྱལ་པོ་ཉི་དུ ་ཤོ་ག། དཔལ་འོད་ཟེར་ཅན་བི་ཙུ་བའི་སྒྲུབ་ཐབས་རྫོགསོ།། རྒྱ་གར་སྐ་དུ། མཱ་རཱི་ཙྱཻ་སཱ་དྷཱ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས།། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལོ།། གདུག་པ་ཐུད་འདུལ ་