CLOSE WINDOW

GT2351: 'od zer can phyag brgyad ma ser mo'i sgrub thabs
Wyliee-texts produced with BDRC’s OCR application

ན་ཧ་ན། ད་ཧ་ད་ཧཱ། པ་ཙ་པ་ཙ། ཨོཾ་མཱ་རཱི་ཎྱཻ་ཨཾ་ཧྲཱི་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཉྫ ་བྷུ་ཛྙཱ་བི་ཏཱ་མྦཱ་རཱི་ཙྪ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་ཕྱག་བརྒྱད་མེ་སེར་མོའི་སྒྲུབ་ཐོབས། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ་གཡོན་པ་ཁྲོ་བའི་ཁུ་ཚུར་གྱི་སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་ཨོཾ་ཕཊ་ཅེས་བྱ་བའི་སྔགས་ཀྱི་ཡང་དག་པར་རེག་ནས་གཡས་པ་ཁྲོ་བོའི་ཁུ་ཚུར་བསྟོད་པས་བགེགས་མེད་པར་བ་ས་མྦྷ ་པར་བྱའོ།། དེ་ནས་ཁ་བོསང་བ་ལ་སོགས་པ་བྱས་ནས་སླར་ཡང་ཉེ་བར་གནས་ཏེ། རང་གི་སྙིང་གར་མཚན་དང་ཉིན་མོའི་དབྱེ་བས་ཨ་ཡིག་རང་ཨ་ཡིག་རྫོགས་པ་ལས་ཟླ་བ་དང་ཉི་མ་བལྟས་ལ། ངའི་སྟེང་དུ་ཨོཾ ་ཡིག་སེར་པོའི་རྣམ་པར་བསྒོམས་ལ་དེའི་འོད་ཟེར་ལས་སེས་པའི་བཅོམ་ལྡན་འདས་མ་མདུན་དུ་བལྟས་ཏེ། ཇི་ལྟར་རྙེད་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དེའི་མདུན་དུ་སྡིག་པ་བཤགས་པ་ལ ་སོགས་པ་བྱས་ནས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། ཨ་སྭ་བྷཱ་སུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་བརྗོད་པར་བྱའོ།། དེ་ནས་ཨོཾ་ཡིག་ཡོངསུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པའོ།། དེའི་དབུསུ་གནས་པའི ་ཨོཾ་ཡིག་ཡོངསུ་གྱུར་པ་ལས་བདག་ཉིད་རྣམ་པར་སྣང་མཛད་སྐུ་མདོག་སེར་པོ་རིལ་པའི་ཅོད་པན་བསྣམས་པ། ཞི་བ་པདྨའི་སྙིང་པོ་སེངྒེའི་གསུ་ལོ་སྐྱིལ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱང་ཆུབ ་མཆོག་གི་ཕྱག་རྒྱ་མཛད་པ་བསམ་པར་བྱའོ།། དེའི་ཐུགས་ཀའི་ཟླ་བ་ལྔ་གནས་པའི་མེ་ཡིག་ཡོངསུ་གྱུར་པ་ལས་མྱ་ངན་མེད་པའི་མེ་ཏོག་དེའི་སྟེང་དུ་མཾ་ཡི་ག་དེ་ལས་འོད་ཟེར་བྱུང་ནས་སེམས་ཅན་མ་ལུས་པའི་དོན་མཛད ་ནས་དེ་ལ་དེ་བཞིན་དུ་དགུག་པ་དང་གཞུག་པར་བྱའོ།། དེའི་མདུན་དུ་ཨཾ་ཡིག་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་མཾ་ཡིག་ལས་སྐྱེས་པའི་བཅོམ་ལྡན་འདས་མ་ཕྱག་བརྒྱད་མ་འོད་ཟེར་གྱི་རང་བཞིན་ཅན་དུ་མན་ངག ་གིས་བསྒོམ་པར་བྱའོ།། དེའི་རྗེས་ལ་ཨོཾ་མཾ་ཞེས་པའི་སྔགས་བརྗིད་ནས་བདག་ཉིད་མཆོད་རྟེན་གྱི་ནང་དུ་གནས་པ་ཕག་བདུན་གྱི་ཤིང་རྟལ་བཞུགས་པའི་འོད་ཟེར་ཅན་རྣམ་པར་བསྒོམ་པར་བྱའོ།། ཤིང་རྟའི་འོག་ཏུ ་ཡིག་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་ལ་ཧཾ་ཡི་ག་ལས་སྤྲུལ་པའི་སྒྲ་གཅན་ནོ།། དེ་ལ་བཅོམ་ལྡན་འདས་མ་རིན་པོ་ཆེའི་ཅོད་པན་ཅན། ཕྱག་བརྒྱད་པ། སྤྱན་གསུམ་པ། སྐུ་མདོག་སེར་མོ་རྩ་བའི ་ཞལ་ཤིན་ཏུ་སེར་མོ། བན་དྷུ་ཀའི་མེ་ཏོག་ལྟ་བུ་གཡས་དམར་ཞིང་ཟླུམ་པ། གཡོན་པ་ཕག་ཞལོ་ཁྲོ་བ་དང་བཅས་པའི་ནག་པོ་ལྗགས་བསྐྱོད་པ། ཞལ་མི་སྡུག་ཅིང་འཇིགས་པ། ཁྲོ་གཉེར་དངོ་མཆེ་བ་གཙིགས་པ། ཕྱག་གཡོན་པ ་རྣམས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་། མྱ་ངན་མེད་པའི་མེ་ཏོག་དང་། སྐུད་པ་བསྣམས་པ། གཡས་པ་རྣམས་ནཱ་ཁབ་དང་། ལྕགས་ཀྱུ་དང་། མདའ་དང་། རྡོ་རྗེ་བསྣམས་པའོ།། སྣ་ཚོགས་པདྨའི ་ཁར་ལ་སོགས་པ་དང་། དྷན་ཐམས་ཅད་ཀྱིས་བརྒྱན་པ་སྣ་ཚོགས་པའི་ཤ་འགག་དམར་མོའི་སྟོང་གཡོགས་ཅན། གཡོན་བརྐྱང་གིས་བཞུགས་པ་ལྷ་མེ་བཞིའི་འཁོར་གྱིས་ལེངསུ་བསྐོར་བ་བསིམ་པར་བྱའི།། མདུན ་དུ་བད་ཏཱ་ལཱི་གཡས་བརྐྱང་གིས་བཞུགས་པ། ཕྱོག་བཞི་པ། ཕག་ཞལ་དམར་པོ་གཅིག་པ། ཕྱག་གཡས་མཁབ་དང་། ལྕགས་ཀྱུ་བསྣམས་པ། གཡོན་ནི་ཞགས་པ་དང་། མྱ་ང་མེད་པ་མེ་ཏ་ང་བསྣམས་པའོ།། གཡས ་སུཾ་བ་དཱ་ལོ་གཡོན་བརྐྱང་གིས་བཞུགས་པ། ཕྱག་བཞི་པ། ཕྱག་ཞལ་ཁ་དོག་སེར་བ་གཅིག་པ། ཕྱག་ཡས་ན་མྱ་ངན་མེང་པའི་ཡལ་གི་དང་ཁབ་སྲུང་བསྣམས་པ། གཡོན་ན་ཞགས་པ་དང་། རྡོ་རྗེ་བསྟིམ་པའོ།། རྒྱབ ་ཏུ་བཱ་རཱ་ལི་གཡས་བརྐྱང་གིས་བཞུགས་པ། ཕྱག་བཞི་པ་སྐུ་མདོག་སེར་མོ།། ཕག་ཞལ་གཅིག་པ། གཡས་ན་རྡོ་རྗེ་དང་ཁབ་བསྣམས་པ། གཡོན་ན་ཞགས་པ་དང་། མྱ་ངན་མེད་པའི་ཡལ་ག་བསྣམས་པའོ།། དེ་བཞིན་དུ་གཡོན་དུ་བ ་དཱ་ཧཱི་ཞལ་དམར་མོ་ཉི་མོ་ཤར་བའི་འོད་ཟེར་འབར་བ་ལྟ་བུ་ག་ཡོན་བརྐྱང་གིས་བཞུགས་པ། ཕྱག་བཞི་པ། གཡས་ན་མངའ་དང་། རྡོ་རྗེ་བསྣམས་པའོ།། གཡོན་པ་གཞུ་དང་མྱ་ངན་མེད་པའི་ཡལི་ག་བསྣམས་པའོ།། འདི་རྣམས་ཐ ་མཆོད་རྟེན་གྱི་གཞལ་ཡས་ཁང་ན་བཞུགས་པ། སྣ་ཚོགས་པའི་རྒྱན་དང་རིན་པོ་ཆེའི་ཅོད་པན་ཅན། ཤ་འགག་དམར་པོའི་སྟོང་གཡོགས་ཅན། སྤྱན་གསུམ་པ། སྣ་ཚོགས་པའི་རྒྱུན་ཅན་བསམ་པར་བྱའོ།། དེ་ནས་ཛཿཧཱུཾ་བཾ་ཧོཿཞེས ་པས་ཡེ་ཤེས་སེམས་དཔའ་གཞུག་ཅིང་ཕྱག་རྒྱ་བཅིང་བར་བྱའོ།། ལག་པ་གཉིས་པོ་མཉམ་བྱས་ནས།། ཐལ་མོ་ཡང་དག་སྦྱར་བྱས་ཏེ།། མཛུབ་མོ་གཉིས་ཀྱི་རྩེ་དག་དང་།། མཐེ་བོ་ཆེ་ནི་གཉིས་པོ་དག། གུང་མོའི་རྩེ་མོ་ཡང་དག་སྦྱར།། འཁྱིལ ་པའི་རྣམ་པའི་རྟགས་ཀྱིས་ནི།། སྐྱིལ་ཀྲུང་སྟོང་དུ་གཞག་ནས་ནི།། ལྟེ་བའི་ཕྱོགསུ་དགོད་པར་བྱ།། དེ་ནས་བསྒོམ་པ་སྔོན་དུ་འགྲོ་བས་སྔགས་བཟླས་པར་བྱའོ།། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཆང་ལྷག་ཡི་གེ་བརྒྱ་པའི་ཆོ་གས་བསྐང་པར་བྱའོ།། ཨོཾ་བཛྲ་སཏྭ་ཞེས ་པ་ལ་སོགས་པའོ།། དེ་ནས་གཤེགསུ་གསོལ་བའི་དུསུ་ཨཾ་མཱ་རཱི་ཙྱཻ་མུཿཞེས་པས་རང་གི་ཕྱག་རྒྱ་དགྲོལ་བར་བྱའོ་ཞེས་སོ།། འོད་ཟེར་ཅན་སེར་མི་ཕྱག་བརྒྱད་པའི་སྒྲུབ་ཐབས་རྫོགས་སོ།། ་