CLOSE WINDOW

GT235: dpal mkha' 'gro rgya mtsho'i rgyud kyi gtor ma'i cho ga rin po che asma gar+b+ha
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལོ།། སྐུ་གསུམ་མ་ལུས་སྟོབས་རང་བཞིན།། མཁའ་འགྲོ་རྒྱ་མཚོ་རིག་མར་བཅས།། བླ་མ་རྣམས་ལའང་ཕྱག་འཚལ་ནས།། གཏོར་མའི་དེ་ཉིད་བརྗོད་པར་བྱ།། ་དེ་ལ་མཚན་ཕྱེད་དམ་ཇི་ལྟར་ཁོམ་པའི་དུས་སུ་རང་གི་ལྷའི་ང་རྒྱལ་དང་ལྡན་པས། གཏོར་མ་ཤིན་ཏུ་ཆེན་པོ་ཉ་དང་ཤ་ལ་སོགས་པ་དང་། ཟན་དང་ཆང་དང་ཉེ་བར་སྤྱད་པ་ལྔ་དང་བདུད་རྩི་དང་བཅས་པ་མདུན་དུ་བཞག་སྟེ། དེ་ཡང་མ་དམིགས ་བ་ལས་འོག་ཏུ་ཡཾ་སྒོ་སྐྱ་དེ་ཡོངསུ་གྱུར་པ་ལས། རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་མཐའ་གཉིས་ན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས། མེའི་དཀྱིལ་འཁོར་གྲུ་གསུམ་པ་འབར་བས་མཚན ་པའོ།། དེའི་སྟེང་གི་གྲུ་གསུམ་ལས་མདུན་ནས་གཡོན་སྐོར་དུ་དཀར་བ་དང་། དམར་བ་དང་། གནག་པའི་ཨོཾ་ཨཱཿཧཱུཾ་གསུམ་ཡོངས་སུ་གྱུར་པ་ལས་ཀེང་རུས་ཀྱི་མགོ་གསུམ་གྱི་སྒྱེད་པོ་དང་། དེའི་སྟེང་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས ་ཐོད་པའི་སྣོད་ཆེན་པོ་བསམས་ཏེ། དེའི་ཤར་དུ་བི་དཀར་པོ་དང་། བྱང་དུ་མུ་ལྗང་གུ་དང་། ནུབ་ཏུ་མ་དམར་པོ་དང་། ལྷོར་ར་སེར་པོ་དང་། དབུས་སུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་དྲི་ཆེན་དྲི་ཆུ་དང་། ཤ་ཆེན་པོ་དང་། རང་བྱུང་དང་བྱང ་ཆུབ་ཀྱི་སེམས་རྣམས་གྱུར་ཏེ་རང་རང་གི་ཡི་གེས་མཚན་པའོ།། ཤར་ལྷོ་དང་། ལྷོ་ནུབ་དང་། བདེན་བྲལ་དང་། རླུང་དང་དབང་ལྡན་དང་དབུས་རྣམས་རིམ་པ་བཞིན་དུ། གཽ་ཀུ་ད་ཧ་ན་དཀར་བ་དང་སྔོ་བ་དང་དམར་བ་དང་ལྡང་བ་དང་། སྔོ་བ ་རྣམས་ཡོངསུ་གྱུར་པ་ལས་བ་ལང་ཁྱི་དང་གླང་པོ་ཆེ་དང་རྟ་དང་མིའི་ཤ་རྣམས་ལ་རང་རང་གི་ཡི་གེས་མཚན་པའོ།། དེའི་སྟེང་དུ་ཧཱུཾ་དཀར་པོ་ཁ་འོག་ཏུ་བལྟས་པ་ཡོངསུ་གྱུར་པ་ལས་བདུད་རྩིའི་རང་བཞིན་གྱི་ཀེང་རུས་ཀྱི་ཁ་ཊྭཱཾ་ག་འོག་ཏུ་བལྟས ་བ་ཧཱུཾ་གིས་མཚན་པ་བསམས་ཏེ། དེ་གཡོན་དུ་འཁོར་བས་རླུང་གཡོས་པས་མེ་སྦྱར་ཏེ་ཐམས་ཅད་ཞུ་ནས་སེར་པོ་བླ་བའི་དངོས་པོར་གྱུར་ཏེ་རླངས་པ་ན་མཁའ་ལ་ཆགས་པ་རྣམས་གཡོན་བསྐོར་དང་གཡས་བསྐོར་དུ་ཨཱ་ལི་དང་ཀཱ་ལིའི་ཕྲེང ་བར་གྱུར་ཏེ་དེ་རྣམས་འདྲེས་ཤིང་ཡོངསུ་གྱུར་པ་ལས་ཁ་དོག་གསུམ་དང་ལྡན་པའི་ཡི་གེ་གསུམ་དུ་གྱུར་ཏེ་དེ་དག་ལས་ཁམས་གསུ་གྱི་ངོ་བོབོ་དཀྱིལ་འཁོར་འཁོར་ལོ་བཅུ་གཉིས་ཀྱི་ལྷའི་ཚོགས་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན ་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ག་ནས་ཡེ་ཤེས་ཀྱི་བདུད་རྩི་འཁོར་ལོ་བཅུ་གཉིས་ཀྱི་ཚུལ་དུ་བཀུག་པ་སྙོམས་པར་ཞུགས་པས་ཡི་གེ་གསུམ་ལ་གཞུག་པར་བྱའོ།། དེ་དག་ཀྱང་རིམ་གྱིས་འོག་ཏུ་ལྷུང་བས་གཏོར ་མ་ལ་ཐིམ་སྟེ། ཁ་ཊཱ་ག་ཡ་ཞུ་བས་ཁ་དོག་དཀར་པོ་བསིལ་བ་ཕུན་སུམ་ཚོགས་པར་བལྟས་ཏེ། ཡི་གེ་གསུམ་ཇི་ཙམ་འདོད་པར་བཟླསོ།། དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་དང་སྐྱེ་གནས་ཀྱི་ཕྱག་རྒྱ་དཔྲལ་བར་བསྐོར་བ་དང་། མིག་སྟེང་དུ ་བལྟ་བ་དང་། ཕཊ་ཀྱི་སྒྲ་དང་རྐང་པ་མནན་པའི་སྦྱོར་བ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཀྱིས་ཡོངསུ་རྫོགས་པའི་དཀྱིལ་འཁོར་མདུན་གྱི་ན་མཁར་ཆོས་འབྱུང་ཆེན་པོའི་ནང་དུ་སྤྱན་དྲངས་ཏེ་པདྨའི་ལག་པ་བསྐོར་ནས་སྙིང་གར་སེ་གོལ་བརྡབ ་པར་བྱའོ།། དེ་ནས་ཞབས་བསིལ་ལ་སོགས་པ་དང་། མེ་ཏོག་ལ་སོགས་པ་ལྔ་དང་། པི་ཝང་མ་ལ་སོགས་པ་ཉི་ཤུ་རྩ་རྩ་བཞིས་མཆོད་པར་བྱའོ།། ལག་པ་གཡོན་པར་ཨཱ་ལཱི་ལས་ཟླ་བ་དང་། གཡས་པར་ཀཱ ་ལཾ་ལས་ཉི་མ་དང་ཁ་སྦྱར་བའི་དབུས་ཧུཾ་ཁ་དོག་སྔོན་པོ་བསམས་ཏེ། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏཿསརྦྦ་དྷརྨཱ་ཧཱུཾ་ཨོཾ་སྥ་རཱ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ། ཨོཾ་ཨ་ཏྱནྟྲ་ནུ་པྲ་བཉྫཿསརྦ་དྷརྨཱ་ཧཱུཾ་ཞེས་བརྗོད་པས། ལག་པ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ཏེ ་ཐལ་མོ་ཁ་ཕྱེ་ལ་ལག་པར་གཏོར་མ་བཞག་ལ་རྣམ་པ་གསུམ་དབྱེར་མེད་པའི་ངོ་བོར་ལྷག་པར་དམིགས་ཏེ། ལྷ་མོ་ཚད་མའོ་དམ་ཚིག་ཚོད་མ་དེ།། དེས་གསུང་དག་ཀྱང་མཆོག་ཏུ་ཚད་མའོ།། དེས་ནི་བདེན་པར་གྱུར་ཅིག་འདི་རུ་ནི། ་མོས་བདག་ལ་རྗེས་འཛིན་རྒྱུར་གྱུར་ཅིག་ཅེས་བརྗོད་དེ་ལྷ་རྣམས་ཀྱིས་ལྗགས་ཧཱུཾ་དཀར་པོ་ལས་རྡོ་རྗེ་བསམས་ལ། ཨོཾ་ཨ་རལླི་ཧོཿཛཿཧུཾ་བཾ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡསྟཾ་དྲྀ་ཤྱ་ཧོཿཞེས་བྱ་བས་ལན་ལྔར་བརྗོད་པས་དུར་ཁྲོད་ན་གནས་པ་མ ་གཏོགས་པས་རྡོ་རྗེའི་སྦུ་གུས་དྲངས་ནས་གསོལ་བར་བས་མོ།། དེ་ནས་ཡང་ཞལ་བསིལ་ལ་སོགས་པ་ཐམས་ཅད་དང་། སོ་རྩི་ཡང་ཕུལ་ཏེ་རྐང་པ་བཞི་བཅུ་རྩ་བརྒྱད་པ་རྐང་པ་བརྒྱད་པ་དང་བཅས་པས་བསྟོད་པ་དང་། འདོད་པའི་དོན་ལ ་བསླང་བ་དང་། བཀྲ་ཤིས་བརྗོད་པ་དང་། ཡི་གེ་བརྒྱ་པ་བརྗོད་པར་བྱའོ།། དེ་ནས་དུར་ཁྲོད་པ་རྣམས་ཀྱི་ལྕེ་བྱིན་གྱིས་བརླབས་ཏེ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏེ་པྲེ་ཏ་པི་ཤཱ་ཙ་ཨུནྨ་ང། ཨ་བསྨཱ་ར་བྱཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལི ་གྲྀཧྞན་ཏུ་སརྦ་སིདྷི་མ་མེ་པྲ་ཡཙྪན་ཏུ་ཡ་ཐཻ་བ~ཾ་ཡ་ཐཻཥྚཱཾ་བྷུཉྫ་ཐ་པི་ཝཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀ་ར་ཏ་ཡ། སཏྭ་ཁ་བི་བྲྀདྡྷ་ཡེ་མ་མ་ས་ཧཱ་ཡི་ཀ་བྷ་ཝནྡྲ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ལན་གསུམ་བརྗོད་པས་ཐམས་ཅད་ཀྱི་འཐུངས་པར་བས་མོ།། ་དེ་ནས་དེ་རྣམས་ལ་ཡང་མཆོད་པ་ལ་སོགས་པ་ཐམས་ཅད་སྔར་བཞིན་བྱས་ལ། སྲིད་དང་ཞི་བ་མཉམ་པས་ཞེན་པ་བཅོམ་ཞིང་ཀུན་ཏུ་རྟོག་པ་བཅོམ།། དངོས་དང་དངོས་པོ་མ་ཡིན་ཐམས་ཅད་མཁའ་བཞིན་རྣམ་པར་གཟིགས་པ་རྣམས།། ། ་བླ་མ་མཆོག་གི་ཐུགས་རྗེའི་ཆུ་སྤྲོ་ཐུགས་ནི་ཆུའི་མགོན་པོ་རྣམས།། མཛོད་ཅིག་མཛོད་ཅིག་ལྷ་མོས་བདག་ལ་རྗེསུ་ཐུགས་ནི་བརྩེ་བར་མཛོད།། ཅེས་བརྗོད་ལ་མིག་གི་ཕྱག་རྒྱ་བསྟན་ལ་པདྨའི་ལག་པས་བསྐོར་ལྟེ་བར་འཁྱུད་པས་སེ་གོལ ་གཏོགས་ཏེ། ཨོཾ་བཛྲ་མཎྜ་ལ་མུཿཞེས་བརྗོད་པས་དཀྱིལ་འཁོར་བདག་ཉིད་མཛོད་སྤུ་ནས་གཞུག་པར་བྱ་སྟེ། རོལ་མོ་དང་མར་མེའི་སྣང་བ་དང་བཅས་པས་བསྐྱལ་བར་བྱའོ།། གཏོར་མའི་ཆོ་ག་བྱིས་པ་ལས།། བྱུང་བའི་དགེ་བས་འགྲོ་བ་ཀུན།། ལུས ་སེམས་བདེ་བས་གནས་གྱུར་ཅིག། སྟོབས་བཅུ་དང་ཡང་ལྡན་པར་ཤོག། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་གཏོར་མའི་ཆོ་ག་རིན་པོ་ཆེ་ཨསྨ་གརྦྷ་མཁས་པ་ཛ་ཡ་སེ་ནའི་གསུང་དཔལ་ཡེ་ཤེས་རྡོ་རྗེས་བསྒྱུར་བ་རྫོག་སོ།། ། དཔལ་མཁའ ་