| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། ཀལློ་ཀཏཱ་བི་དྷི་ནཱ་ས་ཏྭ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟག་པ་ལས་གསུངས་པའི་ཆོ་ག་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚ་ལོ།། དང་པོར་རེ་ཞིག་རང་གི་སྙིང་གར་ཟླ་བ་ལ ་མོ་ཡིག་དཀར་པོའི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་གདན་དྲངས་ཏེ་ཉེ་བར་སྤྱད་པ་སྣ་ཚོགས་པས་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཚད་མེད་པའི་གནས་པ་ནི་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲས ་བྷཱ་བ་ཨཱཏྨ&་ཧཾ། ཞེས་བརྗོད་ནས་པཾ་ཡིག་ལེས་སྐྱེས་པའི་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སླར་ཡང་མཾ་ཡིག་དཀར་པོ་ཡོངསུ་གྱུར་པ་ལས་འོད་ཟེར་ཅན་ཀུན་ད་དང་ཕྲ་བའི་འོད་ལྟ་བུ་ཞལ་ལྔ་པོ། ཕྱག་བཅུ ་ཞབས་བཞི་པའི་བདག་ཉིད་སྐད་ཅིག་ཏུ་བསམ་པར་བྱའོ།། དེ་ལ་ཞལ་གྱི་གཙོ་བོ་སྐུའི་མདོག་ལྟ་བུ། ཞལ་གཡས་པ་ནག་པ། ཞལ་གཡོན་པ་ཕག་ཞལ་དམར་པོ།། རྒྱབ་ཞལ་ལྗང་གུ་དབུའི་སྟེང་དུ་ཞལ་སེར་པོ་རིན་པོ་ཆེ་སྣ་ཚོགས ་པས་བརྒྱན་པའི་ཟུར་ཕུད་གསུམ་པ་རལ་པའི་ཅོད་པན་ཅན། ཕྱག་གཡས་པ་ལྔ་རྣམས་ན་ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་སྔོན་པོ་དང་། མདའ་དང་ལྕགས་ཀྱུ་དང་། ཁབ་རྣམས་ཕྱག་ན་བསྣམས་པའོ།། ཕྱག་གཡོན་པ་ལྔ་རྣམས་ན། ཟླ ་པའི་དཀྱིལ་འཁོར་དང་། གཞུ་དང་། མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། སྐུད་པ་ཕྱག་ན་བསྣམས་པའོ།། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་རྣ་རྒྱན་དང་། དཔུང་རྒྱན་དང་། གཙུག ་ཕུང་དང་། དྲིལ་བུ་གཡེར་ཀའི་དྲི་བའི་སྒོ་རགས་དང་། གོས་ཀྱིས་སྐུ་ལ་བརྒྱན་པ། ལང་ཆོ་གཞོན་ཞིང་ཤ་འགེག་གི་སྟོང་གཡོགས་དཀར་པོ་དང་། མཆོད་རྟེན་གྱི་ནང་ནི་བཞུགས་ཤིང་ཕག་བདུན་གྱི་ཤཱིང་རྟ་ལ་བཞུགས་པ། ཁྱབ་འཇུག ་དབང་པོ་དང་། བདེ་བྱེད་དང་། ཚངས་པ་རྣམས་ཞབས་བཞིས་མནན་པ། དེའི་ཡང་ཤིང་རྟའི་དབུསུ་གནས་པའི་ཆུ་སྲིན་མནན་པའི་བཅོམ་ལྡན་འདས་མ་དེ་ཡང་སྐུ་མདོག་ནག་པོ་ཕག་གི་ཞལ་ཅན་མེ། རྡོ་རྗེ་དང་། སྡིགས ་མཛུབ་དག་གིས་གཡས་དང་། གཡོན་པའི་ཕྱག་དག་ནའོ།། གཡས་ཕྱོགས་ན་བཅོམ་ལྡན་འདས་མ་གཞན་ཏེ། དེ་ཡང་ཕག་ཞལ་དམར་པོ་ཕྱག་བཞི་པ་ལྕགས་ཀྱུ་དང་། ཁབ་དག་ཕྱག་གཡས་པ་གཉིས་ནའོ།། ཞགས་པ་དང་། ་བཅས་པའི་སྡིགས་མཛུབ་དང་། སྐུད་པ་དག་ཕྱག་གཡོན་པ་གཉིས་ནའོ།། མཛེས་པའི་རྒྱན་གྱིས་བརྒྱན་པའོ་ཞེསོ།། གཡོན་ཕྱོགས་ན་རྗེ་བཙུན་མ་གཞན་ཏེ། དེ་ཡང་སྐུ་མདོག་དམར་མོ་ཕག་པའི་ཞལ་ཅན་ནོ།། ་རྣ་བའི་རྩར་བཀང་བའི་གཞུ་དང་མདའ། རྡོ་རྗེ་དང་མྱ་ངན་མེད་པའི་ཤིང་གི་ཡལ་གཱ་རྣམས་གཡས་དང་གཡོན་གྱི་ཕྱག་རྣམས་ན་བསྡམས་པའོ།། སྣ་ཚོགས་པའི་ན་བཟས་བརྒྱན་པའོ་ཞེས་ཏེ། ཤིང་རྟ་འདྲེན་པའི་ཕག་གི་འོག་ན་ཉི་མ་ལ་སོགས ་པའི་གཟའ་དགུ་དང་ཉེ་བར་འཚེ་བའི་ནད་ཀྱི་ཚོགས་ལྷུང་ནས་མི་གཟུགས་ཀྱིས་ཞི་ཞིང་དྲི་ལྟ་བུའི་བཅོམ་ལྡན་འདས་མ་བསམས་ནས། སྙིང་གཱར་ཟླ་བ་ལ་མཱཾ་ཡིག་ལས་བྱུང་བའི་འོད་ཟེར་རྣམས་ཀྱི་དེ་བཞིན་གཤེགས་པ་གདན་དྲངས ་ཏེ། དབང་བསྐུར་བླང་ཞིང་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ་ལ། དེ་ནས་སྙིང་གའི་ས་བོན་ལས་སཾ་ཕྲེང་བའི་རྣམ་པ་ལྟ་བུའི་སྔགས་ཀྱི་ཡི་གེ་རྣམས་ཁ་ནཱས་འཐོན་ནས་ལྟེ་བ། ལྟེ་བ་ནས་ཁ། ཁ་ནས་སླར་ཡང་ལྟེ་བ་ལ་སོགས་པར ་འཁོར་ལོ་འཁོར་བའི་རིམ་པ་ཇི་ལྟ་བ་བཞིན་དུ་སྔགས་བཟླས་པར་བྱའོ།། མཐའ་གསུམ་གྱི་དེ་བཞིན་ཉིད་ཀྱང་ཡིད་ཀྱིས་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་མཱ་རཱི་ཙྱཻ་མོ་ཧཱུཾ་ཕཊ་སྭཱ་ཧཱ། རང་གི་ས་བོན་གྱིས་བྱིན་གྱིས་བརླབས་ལ་ཟླ་བ་ལ་སོ། ་པ་ཐམས་ཅད་ལ་རྗེསུ་གནང་བར་བྱའོ།། སྐྱོ་ན་ཡི་གེ་བརྒྱ་པའི་སྔགས་བརྗོད་ལ་ཙ་བདེར་གནས་པར་བྱའོ་ཞེས་སོ།། རྟོག་པ་ལས་གསུངས་པའི་ཆོ་ག་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས་རྫོགསོ།། ་