CLOSE WINDOW

GT2337: 'phags ma dzAm gu li'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་སཱ་དྷ་ནཱཾ། བོད་སྐད་དུ། འཕགས་མཱ་ཛཱཾ་གུ་ལཱིའི་སྒྲུབ་ཐབས། འཕགས་མ་དུག་སེལ་མ་ལ་ཕྱག་འཚལོ།། སེམས་ཅན་རྣམས་ལ་བརྩེ་བ་ཅན། འཕགས་མ་དུག་སེལ་གཟུགས ་ཅན་མ། བཅོམ་ལྡན་འདས་སྒྲོལ་མ་ལ་བཏུད་ནས།། དེ་ཡི་སྒྲུབ་ཐབས་བྲི་བར་བྱ།། དང་པོར་རི་ཞོག་སྔགས་པས་གཙང་ཞིང་ཁྲུས་བྱས་ནས་ཕྲེང་བ་དང་གོས་དཀར་པོ་བཟུང་སྟེ། སྐྱེ་བོས་དབེན་པའི་ཕྱོགས་ལེགས་པར་བྱུགས ་ཤིང་དྲི་བཟངས་དཀར་པོའི་ཆུས་ཆག་ཆག་བཏབ་ནས་མེ་ཏོ་ག་དཀར་པོ་གཅལ་དུ་བཀྲམ་སྟེ། སྟན་བདེ་བཱ་ལ་ཉེ་བར་འདུག་ནས་འགྲོ་བ་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམ་པར་བསྒོམ་པར ་བྱའོ།། ཨཽ་སཱུ་བྷཱ་བ་ཤུདྡྷཿསརྦེ་དྷརྨྨཿསྭ་བྷཱ་གཱ་ཤུདྡྷོ་ཧཾ། ཞེས་བརྗོད་པར་བྱའོ།། དེ་ནས་གཟུང་བ་དང་། འཛིན་པ་དང་བྲལ་བར་བལྟའོ།། དེ་ནས་པཾ་ཡིག་ཡོངསུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་རྣམ་པར་བསམ ་པར་བྱའོ།། དེའི་ཟེ་འབྲུ་ལི་ཨ་ཡིག་དཀར་པོ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བལྟས་ནས། དེའི་སྟེང་དུ་ཧྲཱིཿཁ་དོག་དཀར་པོ་ལས་སྐྱེས་པའི་བདོག་ཉིད་འཕགས་མི་དུག་སེལ་མ་སྐུ་མདོག་ཐམས་ཅད་དཀར་མོ ་ཕྱག་བཞི་པ། ཞལ་གཅིག་པ། རལ་པའི་ཅོད་པན་ཅེན། དཀར་མེ་གོས་དཀར་པོས་སྟོང་གཡོགས་བྱས་པ། རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན་པ། སྦྲུལ་དཀར་པོས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ།། ་རྩ་བའི་ཕྱག་དག་གིས་པི་ཝང་བསྒྲེང་བར་མཛད་པ། གཡོན་གྱི་གཉིས་པས་སྦྲུལ་དཀར་པོ་བསྣམས་པ། གཡས་ཀྱི་གཉིས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། ཟླ་བའི་འོད་ཀྱི་ཕྲེང་བ་བསྣམས་པ་བསམ་པར་བྱའོ།། མགོ་དོ་དང ་མགྲིན་པ་དང་ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ། ཨཱཿཧྲཱིཿཥྚྲྀཿགི་ཡི་གེ་རྣམ་པར་བསྒོམ་པར་བྱའོ།། དེའི་རྗེ་སུ་ཧྲཱིཿཡིག་གི་འོད་ཟེར་གྱིས་ན་མཁའ་ལ་གནས་པའི་ཡེ་ཤེས་སེམས་དཔའ་གདན་དྲངས་ཏྲྀ་དམ་ཚིག་སེམས ་དཔའ་དང་གཅིག་ཏུ་བྱས་ཏེ་རྣམ་པར་བསྒོམ་པར་བྱའོ།། ཀྱཻ་ཧཱུ~ཾ་བཾ་ཙིཿཡིག་རབ་ཏུ་སྦྱོར་བསོ།། སྐར་ཡ་ཧྲཱིཿཡིག་གི་འོད་ཟེར་གྱིས་ན་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐང་གདུན་དྲངས་ཏེ་སེན་གྱི་དོན་ལ་བརྩོན་པ ་ཀུན་ནས་དབང་བསྐུར་ཞིང་ལུས་ཀྱི་ནང་དུ་ཞུགས་པར་བསྟིམས་པར་བྱའོ།། དེ་བཞིན་དུ་བསམས་ནས་སྔགས་བཟླས་པར་བྱའོ།། འབུམ་ཕྲག་བདུན་བཟླས་ནས་མེ་ཏོག་དཀར་པོའི་སྦྱིན་སྲེག་ཁྲི་བྲོག་བདུན་བྱའོ།། རྒྱུན་ད།། ར་པོས ་རྣམ་པར་བརྒྱན་པར་བྱའོ།། འདྨོའི་རིམ་པས་ན་མཁའ་ལྡིང་གི་དབང་ཕྱུག་ཉིད་མཁས་པར་གྱུར་ནས་བསྟ་ནི་བཅོས་ཐམས་ཅད་འཇིགས་པ་མེད་པའི་དུག་ཐམས་ཅད་འཇིམས་པ་ཉིད་དུ་འགྱུར་ཏེ། ཐེ་ཚོམ་མེད། འཕགས་མ ་ཛཱཾ་གུ་ལའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་ག་ར་སྐད་དུ། ཨེ་ཀཛཱ་ཊི་སཱ་དྷ་ནཾ། རལ་པ་གཅིག་མའི་སྒྲུབ་ཐབས། རལ་པ་གཅིག་མ་ལ་ཕྱག་འཚལ་ལོ།། དེ་ནས་གཞན་ཡང་རབ་བཤད་བྱ།། རྟོག་པའི ་