CLOSE WINDOW

GT2326: ngan song las sgrol ma'i sgrub thabs
Wyliee-texts produced with BDRC’s OCR application

འོད་དཔག་མེད་ཀྱི་སྙིང་པོའི་རྒྱུད་ལས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པ་གསུངས་པ་རྫོགས་སོ།། ། རྒྱ་གར་སྐད་དུ། དུརྨྨ་ཏི་ཨུཏྟ་རི་དྷཱི་སཱ་དྷ་ནཱཾ་ཁོང ་སྐད་དུ། ངན་སོང་ལས་སྒོ་ལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མཱ་ལ་ཕྱག་འཚལ་ལོ།། ན་མྲྀཿཱཪྻཱ་བ་ལོ་ཀཾ་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མེ་བྷ་ག་པ་ཏཾ་ཨཱུཪྱ་ཏ་ར་ཡཽ། ཨོཾ་ཏཱ་རེ་ཏུཏྟེ། ་རེ་ཏུ་རེ་བཱི་རེ་དུར་གཱ་ཏི་ཨུཏྟཱ་ར་ཡ། ཧཱུ~ཾ་ཧཱུ~ཾ་ཧྲི་སརྦ་དུཿཁཱ་མོ་ཙ་ནི་བྷཱ་གེ་པ་ཏི་དུརྨྨ་ཏཱ་ར་ཎ་མ་ཧཱ་ཡོ་གེ་ཤྭ་རི་ཧཱུ~ཾ་ནཱ་མ~ཾ་ཏྱེ་ཏྲཾ་སྭཱ་ཧཱ། བཅོམ་ལྡན་འདས་མྱ་ངན་སོང་ལསཾ་སྒྲོལ་བའི་སྒྲོལ་མེ་ལྗང་གྲུ་སྔོན་ཕྱག་བཞི་པ་གཡོན་པས་ནཿ ་པ་བསྣམས་པ། གཡས་པས་ལྕགས་ཀྱུ་བསྣམས་ཤིང་གུས་པས་དབུགས་འབྱིན་པ། གཡས་པས་མཆོག་སྦྱིན་པ། མཛེས་པའི་ཕྲེང་བ་དང་ན་བཟའ་མནབས་པ། ཕྱག་གཡོན་པས ་ཨུཏྤ་ལྔ་སྔོན་པོ་བསྣམས་ཤིང་ན་བཟའ་དཀར་པོ་སྐུ་ལ་བསྣབས་པ་པདྨའི་གདན་ལ་བཞུགས་པ་དུས་གསུམ་དུ་བསྒོམ་པར་བྱའོ།། སྡུག་བསྔལ་ཐམས་ཅད་ལས་སྒྲོལ་ཞིང་བཅིངས་པ་རྣམས་གྲོལ་བར་བྱེད་དེ། ལྕགས ་སྒྲོག་གིསཱི་བསྡམསཾ་པ་དང་། ཞགས་པས་བཅིངས་པ་དང་། གདོན་གྱིས་རེངས་པ་ལས་གྲོལ་བར་བྱེད་དོ།། བཅིངས་པའི་གནསུ་བཟླས་པར་བྱའོ།། སྐྱོང་དམ་བརྒྱ་དེ་བརྒྱུ་ཉྩི་མ་རཱི་ལ་བཟླས་པས་གྲོལ་བར་འགྱུར་རོ།། ་གལ་ཏེ་མི་འགྲོལ་ན་དེའི་ཚེ་མགོ་འགས་ཤིང་བཅད་པར་འགྱུར་བས་བདེ་བར་འགྱུར་རོ།། ཆེ་གེ་མོ་གྲོལ་བར་གྱིས་ཤིག། གལ་ཏེ་མ་གྲོལ་ན་ངོའི་ཚེ་མགོ་འགས་པར་འགྱུར་རོ།། རིམ་ཆེན་པོར་འགྱུརརོ།། མི་བཟད་པའི ་ཟུག་རྔུ་ཆེན་པོར་འགྱུར། སྒྲུབ་པ་པོ་མཐོང་བས་སྟེར་བར་འགྱུར་རོ།། ཉི་མ་བདུན་གྱིས་ངེས་པར་གྲོལ་བར་འགྱུར།། འདི་ནི་བཅོམ་ལྡན་འདས་ངན་སོང་ལས་སྒྲོལ་བའི་སྒྲོལ་མས་གསུངསོ།། ཧཱུཾ་ཧྲཱིཿཛཿལན་བདུན་དུ་མེ་ཏོག ་ལ་མངོན་པར་སྔགས་ནས་སྦྱིན་པར་བྱའོ།། མཆོད་པའི་དབུས། ཁཾ་ཏྲཾ། གཡོན་བསྐོར་གྱིས་བྲུཾ་ཨཾ་དྷཱི་ཧཱུཾ། གཡས་བསྐོར་གྱིས་ལཱི་མཱི་པཱི་ཏཱཾ་ཞེས་སོ།། ངན་སོང་ལས་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ་