CLOSE WINDOW

GT2324: sgrol ma nor sbyin ma'i sgrub thabs
Wyliee-texts produced with BDRC’s OCR application

གི་དབང་ཕྱུག་གི་མཐུས་བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པའི་མཁས་པར་འགྱུར་རོ།། ཞེས།། འཕགས་མ་སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐ་དུ། དྷ་ན་དཱ་ནོ་ཏྲ~ཾ ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མཱ་ལ་ཕྱག་འཚལ་ལོ།། སྒྲོ་ལཱམ་ལྗང་གུ་ཞལ་གཅིག་མ།། ཕྱག་བཞི་སྤྱན་གཉིས་ཁྱོད་མཉེས་ཕྱིར།། གང་གི་དཀྱིལ་འཁོར་འཁོར་ལོ་ཡི།། ལྷ ་མོ་བཅུ་གཉིས་སྤྱན་གཉིས་མཱ།། བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི།། ཁྱད་འཕགས་ཤིན་ཏུ་རྙེད་དཀའ་བའི།། ནོར་སྦྱིན་རིམ་པའི་སྒྲུབ་པའི་ཐབས།། བསྡུས་ནས་བདག་གིས་བཤད་པར་བྱ།། རྣལ་འབྱོར་པས་སྔ་བར་བྱང་ཆུབ ་ཏུ་སེམས་བསྐྱེད་ནས་རང་གི་སྙིང་གར་ཟླ་བ་ལ་ཏྲཱཾ་ཡིག་ལྗང་གྲུ་བལྟས་ལ་ཁ་བསང་བ་ལྱ་སོགས་པ་བྷའོ།། ཨོཾ་སུཾ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཤུདྡྷོ་ཧཱུ~ཾ། ཞེས་བརྗོད་ནས། ཨོཾ་ཨམྨུ་ཏྲཱཾ་ཧཱུ~ཾ་ཕཊ་ཅེས་པ་འདིས་སོ་གོལ་གྱི་ཕྱོགས ་བཅུར་བགེགས་བསྐྲད་ནས། རང་གི་སྙིང་གར་པཾ་ཡིག་ལས་སྐྱེས་པའི་ཆུ་སྐྱེས་དམར་པོའོ་སྟེང་དུ་ཨཱ་ཡིག་ལྔས་སྐྱེས་པའི་ཟླ་བ་ལ་གནས་པའི་རང་གི་ས་བོན་བསྒོམས་ནས། དེའི་འོད་ཟེར་གྱི་བླ་མ་དང་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་གདན་དྲངས་ནས་མདུ་གྱི་ནམ་མཁའ་ལ་བཞུགས་ཏེ་ཡང་དག་པར་མཆོད་ནས་སྡིག་པོ་བཤགས་པ་ལ་སོགས་པ་བྱ་ཞིང་སྟོང་པ་ཉིད་དུ་བསྒོམས་ནས་བྱིན་གྱིས་བརླབས་ཏེ། རཾ་ཡོག་དམར ་བཾ་ཡོངསུ་གྱུར་པ་ལས་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་རྣམ་པར་བལྟས་ནས། དེའི་འོད་ཟེར་གྱི་རྡོ་རྗེས་རྡོ་རྗེའར་བ་དང་། རྡོ་རྗེའི་གུར་དང་། རྡོ་རྗེའི་ས་གཞི་ཡང་བསམ་པར་བྱའོ།། དེ་ནས ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་པཾ་ཡིག་དམར་པོ་ལས་སྐྱེས་པའི་ཆུ་སྐྱེས་ཀྱི་སྟེང་དུ་ཨ་ཡིག་ལས་ཟླ་བ་ལ་གནས་གནས་པའི་བྷྲཱུཾ་ཡིག་དཀར་པོ་ཡོངསུ་གྱུར་པ་ལ་སཱ་འཁོར་ལོ་དཀར་པོའོ།། བྷྲཱུཾ་ཡིག ་དབུས་བལྟས་ལ་པདྨ་དང་ཟླ་བ་དང་ཉི་མའི་ས་བོན་ཡོངསུ་གྱུར་པ་ལས་སྐྱེས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་འཁོར་ལོ་གཉིས་སོ།། སྙིང་པོའི་འཁོར་ལོ་ལ་གནས ་པའི་ཆུ་སྐྱེས་འདབ་མི་བརྒྱད་པའི་ཟེ་འབྲུ་ལ་ཟླ་བ་དབུ་ཉེ་བར་མཛེས་པ། སྒོ་བཞི་ལ་གནས་པའི་ཉི་མའི་འོད་ཟེར་འབར་བའི་གཞལ་ཡས་ཁང་བལྟ་བར་བྱའོ།། དེ་ནས་དབུསུ་ཟླ་བའི་སྟེང་དུ་དེ་བཞིན་དུ་ཏཱཾ་ཡི་གོ།། དེ་ལ་སྤྲོ ་དང་བསྔོ་བ་བྱའོ།། དེ་ནས་དེའི་ས་བོན་ལས་བཅོམ་ལྡན་འདས་མྲ་སྒྲོལ་མར་བདག་ཉིད་བསྒོམ་པར་བྱ་སྟེ། ཟླ་བའི་གདན་ལ་ཞི་བའི་འོད་དང་ལྡན་ཞིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་མདོག་ལྗང་སྔོན། ཞལ་གཅིག ་པ་སྱ་ན་གཉིས་པ། ཕྱག་བཞི་པ། བགྲང་ཕྲེང་དང་། མཆོག་སྦྱིན་དང་། ཨུཏྤ་ལ་དང་། པོ་ཏཱི་བསྣམས་པ། གོས་དང་རྒྱན་སྣ་ཚོགས་པ་དང་ལྡན་པའོ།། དེ་ནས་ཨེ་ནི་སྤྱི་བོར་རོ།། ཏཱ་ནི་དཔྲལ་བ་ལའོ།། རེ་ནི་སྨིན་ལའོ།། ཏུ་ནི་མགྲིན ་པ་ལའོ།། དྷཱ་ནི་དཔུང་པ་ལའོ།། དེ་ནི་སྙིང་གར་རོ།། ཏུ་ནི་ལྟེ་བ་ལའོ།། རེ་ནི་གསང་བ་ལའོ།། སྭཱ་ནི་པུ་སེ་མོ་ལའོ།། ཧཱ་ནི་རྐང་པ་དགེ་ལ་དགོད་པར་བྱའོ།། དེ་ནས་སྙིང་གར་པདྨ་དང་ཟླ་བར་གནས་པའི་རང་གི་ས་བོན་གྱི་འོད་ཟེར་གྱི ་བསྐུལ་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདག་ལ་དབང་བསྐུར་ཞིང་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ་པར་བྱའོ།། ཡང་ན་སྙིང་པོ་ལ་གནས་པའི་ཟླ་བ་ལ་རྡོ་རྗེ་སྒྲོལ་མ་ལ་སོགས་པའི་ལྷ་མོ ་རྣམས་སྐད་ཅིག་བལྟས་ཏེ། ཕྱི་ནས་བསྒོམ་པར་བྱཱ་སྟེ། ཤར་དུ་རྡོ་རྗེ་སྒྲོལ་མ་སྣེ། ནག་མོ་ཕྱག་ནི་རྡོ་རྗེ་བསྣམས།། ལྷོ་རུ་རིན་ཆེན་སྒྲོལ་མོ་སྟེ། སེར་མོ་ཕྱག་ན་རིན་ཆེན་བསྣམས།། ནུབ་ཏུ་པདྨའི་སྒྲོལ་མ་སྟེ།། དམར་མོ་ཕྱག ་ན་ཆ་སྐྱེས་བསྣམས།། བྱང་དུ་སངས་རྒྱས་སྒྲོལ་མ་སྟཽ།། དཀར་མོ་ཕྱག་ནི་འཁོར་ལོ་བསྣམས།། མེ་མཚམས་མེ་ཏོག་སྒྲོལ་མ་སྟེ།། དཀར་མོ་མེ་ཏོག་ཕྲེང་བ་བསྣམས།། བདུག་སྤོས་སྒྲོལ་མ་བདེནི་བྲལ་དུ།། ནག་མོ་སྤོས་ཕོར་ཕྱག ་ན་བསྒོམས།། རླུང་མཚམས་མར་མེའི་སྒྲོལ་མ་སྟེ།། སེར་མོ་མར་མེའི་སྡོང་བུ་བསྣམས།། དྲི་ཡི་སྒྲོལ་མ་དབང་ལྡན་མཚམས། དམར་མཽ་དྲི་ཡི་དུང་ཆོས་བསྣམས།། འདི་རྣམས་སྣ་ཚོགས་པདྨ་འདབ་ལ།། ཟླ་བརྒྱད་ལ་གནས་ཟླ་བའི་འོད།། ་སེམས་ངབའི་སྐྱིལ་གྱིས་བཞུགས་ཤོང་།། ཕྱག་གཡོན་མ་ནི་ཨུཏྤལ་བསྣམས།། ཞལ་ནི་འཛུམ་ཞིང་སྣ་ཚོགས་པའི།། རྒྱན་དང་གྲོས་རྣམས་འཆང་བ་བོ། ཤར་སྦྱོར་རྡོ་རྗེ་ལྕགས་ཀྱུ་མ~ཾ།། ནཱག་མོ་རྡོ་རྗེ་ལྕགས་ཀྱུའི་ཕྱག། ལྷོ་རུ་རྡོ་རྗེ ་ཞགས་པ་མ། སེར་མོ་རྡོ་རྗེ་ཞགས་པའི་ཕྱག། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མེ།། དམར་མོ་རྡོ་རྗེ་ལྕགས་སྒྲོག་བསྣམས།། བྱང་དུ་རྡོ་རྗེ་དྲིལ་བུ་མ། དཀར་མོ་རྡོ་རྗེ་དྲིལ་བུ་ཕྱག། འདི་རྣམས་སྒོ་བཞི་ལ་ཉི་མ་ལ་བལྟ་ཞིང་ཉི་མའི་འོད་དང ་ལྡན་པ་རལ་པ་དམར་སེར་གྱེན་དུ་བརྫེས་པ། ཞབས་གཡས་བརྐྱང་གི་ས་བཞུགས་པ། སྦྲུལ་གྱི་རྒྱུན་གྱིས་བརྒྱན། ཞལ་འཇིགས་པ། སྟག་གི་ལྤགས་པའི་ན་བཟའ་བསྣམས་པ། ཕྱག་གཡོན་པས། ་ཨུཏྤ་ལ་བསྣམས་པའོ།། དེ་ནས་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་བྱས་ཏེ་ཡིད་མི་གཡོ་བྱས་རང་གི་ས་བིན་ཤིན་ཏུ་ཕྲ་མོ་བསྒོམ་པར་བྱའོ།། དེ་ནས་སྔགས་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷཱ་ན་མོ་དང་སྭཱ་ཧཱ། དྲྀ་ནས་ལངས་ཏེ ་དམ་ཚིག་ལི་ཨོཾ་ཨ་ཀ་རོ་མུ་ཁཾ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཨུཏྤ་ལྔའི་ཕྱག་རྒྱས་གཏོར་མ་ཕུལ་ནས་སྨོན་ལམ་གདབ་པར་བྱའོ།། ལྷ་རྣམས་ཀྱི་འཁོར་ལོ་རང་བཞིནཽ་གི་ས་བོན་གྱི་ནང་དུ་བསྒོམས་ནས། རིང་ལྷའི་ང་རྒྱལ་བྱས ་ཅི་བདེར་གནས་པར་བྱའོ།། ཉི་མའི་གུང་དང་ཕྱི་དྲོའི་ཐུན་དག་ལ་རང་གི་སྙིང་གའི་ས་བོན་ལས་སྐད་ཅིག་གིས་ལྷ་རྣམས་ཀྱི་འཁོར་ལོ་སྔོན་མ་བཞིན་དུ་སྤྲོས་ཏེ། བསྒོམས་ནས་བཟླས་པ་ལ་སོགས་པ་བྱའོ།། ཕྱི་དྲེ་དང་ཉི་མ་གུང་ཐུན་ལོ ་ཡང་ཁྱད་པར་འདིའོ།། མེ་ཏིག་ལ་སོགས་པས་ཡེ་ཤེས་པའི་དཀྱིལ་འཁོར་ཡང་དག་པར་མཆོད་ནས། ཨོཾ་དཱ་རཾ་ཏུཏྟཱ་རེ་ཏུ་རེ་མུཿསྲི་ཞིས་པ་འདིས་གཤེགསུ་གསོལ།། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས་རྫོག་སོ།། ་