| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པཱུ་ར་དཱདྡྷཱ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། མཆོག་སྦྱིན་སྒྲོལ་མའི་སྒྲུ་བོ་ཐབས། འཕགས་མཾ་སྒྲོལ་མ་ལ་ཕྱག་འཚལོ།། སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས་པཾ་ཡིག་ལས་སྐྱེས་པའི་སྣ་ཚོགས ་ཆུ་སྐྱེས་ཀྱི་དབུ་སུ་ཨཻ་ཡི་གེ་ལས་སྐྱེས་པའི་ཟླ་བ་ལ་ཏཾ་ཡིག་ལྗང་གུ་ལས་སྐྱེས་པའི་སྒྲོལ་མ་སྐུ་མདོག་ལྗང་གུ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཡོན་ན་ཨུཏྤ་ལ་བསྣམས་ཤིང་གཡས་པ་མཆོག་སྦྱིན་དང་ལྡན་བཱི། ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ།། གཡས་ཕྱོགས་ལོགས་ན་མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ཅན། གཡོན་དང་གཡས་ཀྱི་ཕྱག་དག་གིས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་བ་ཀུ་ལི ་བསྣམས་པའོ།། དེ་བཞིན་དུ་རྨ་བྱ་ཆེན་མོ་སེར་མོ། གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་རྨ་བྱའི་སྒོ་དང་རྔ་ཡབ་བསྣམས་པའོ།། གཡོན་ཕྱོགས་ལོག་སུ་རལ་པ་ཅིག་མ་མཐུང་ཞིང་གནག་པ ་སྟག་གི་ལྤགས་པའི་མ་བཟའ་བསྣམས་པ། སྤྱན་གསུམ་པ་ཞལ་མཚ་བ་གཙིགས་པ། སྐྲ་ཁམ་པ་གྱེན་དུ་འབར་བ། གྲི་གུག་ངོང་ཐོད་པ་བསྣམས་པའོ།། དེ་བཞིན་དུ་འཕགས་མ་དུག་སེལ་མ་ལྗང་གུ་གཡོན་པ་དང་གཡས ་པའི་ཕྱག་དག་གི་སྦྲུལ་ནག་པོ་དང་རྡུ་ལ་བ་བསྣམས་པར་བསྒོམ་པར་བྱའོ།། བསྒོམ་པས་ངལ་ན་སྔགས་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སོ།། མཆོག་སྦྱིན་སྒྲོལ་མའི་སྒྲུབ་ཐབས་རྫོགས།། ་