CLOSE WINDOW

GT2305: gtum po chen po'i sgrub thabs
Wyliee-texts produced with BDRC’s OCR application

དེ་ནས་བསྒོམས་པས་ངལ་ན་བསྡིགས་བཟླས་པར་བྱའོ།། དེ་ལ་སྔགས་ནི་འདིའོ།། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་ར ་ཎཱ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་མི་གཡོ་བ་ལ་ཕྱག་འཚལ་ལོ།། ཡིད་དང་མཐུན་པའི་ས་ཕྱོགས་འགའ་ཞིག་ཏུ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར ་པདྨ་འདབ་མ་བརྒྱུད་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ནག་པོ་བསམ་པར་བྱའོ།། དེའི་འོད་ཟེར་གྱི་ནམ་མཁའི་ཕྱོགས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཆད་པར་འགྱུར་བའི་གཏུམ་པོ་ཆེན ་གདིན་དྲངས་ནས་ཡང་དག་པར་མཆོད་ནས་སྡིག་པ་བཤགས་པ་དང་། མི་བྱེད་པར་སྡོམ་པ་དང་། དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་། བྱང་ཆུབ་ཏུ ་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ། ཚད་མེད་པའི་གནས་བཞི་བསྒོམ་པར་བྱས་ནས། འགྲོ་བ་འདི་རྣམས་རང་བཞིན་མེད་པའི་ངོ་བོ་ཉིད་གཟུང་བ་དང་འཛིན། ་པ་ལས་ངོས་པར་གྲོལ་བའི་རྨི་ལམ་དང་སྒྱུ་མ་དང་ཆུ་བུར་ལྟར་སྟོང་པ་ཉིད་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི་རྗེ་སུ་དྲི་མ་མེད་པའི་ན་མཁའི་ཕྱོགསུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མའི་དཀྱིལ ་འཁོར་ལ་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་རོལ་གྲིའི་ཆང་པར་ཧཱུཾ་ཡིག་གོ།། དེའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཀྱི་ཚོགས་ཐམས་ཅད་གདན་དྲངས་ནས་ཧཱུཾ་ཡི་གེ་ལ་རབ་ཏུ་གཞུག་པར་བྱའོ།། དེ་ནས་ཧཱུཾ་ཡིག་ལས་བྱུང ་བྱུང་བའི་མེ་བསྐལ་པའི་མེ་ལྟ་བུར་འབར་བའི་ཕྲེང་བ་འཁྲིགས་པས་གདུག་པ་ཅན་གྱི་བདུད་འཇོམས་པ། སྤྲིན་ནག་ཆེན་པོ་ལྟ་བུའི་སྐུ་མདོག་ཅན། སྣ་ཚོགས་པའི་རྒྱན་དང་རིན་པོ་ཆེས་བརྒྱན་པ། རིན་པོ་ཆེའི་སྣོད་པན ་ཅན། གཞོན་ནུ་ཟུར་ཕུད་ལྔ་འཕྲོ་བ། ཀུན་ད་བཞིན་དུ་ཞལ་གཙིགས་ཤིང་ཡ་སོས་མ་མཆུ་བསྡམས་པ། གདུག་པ་ཅན་སྐྲག་པ་འཇིག་སུ་རུང་བའི་སྐུ་ལ་བརྟེན་པ་ཁྲོ་གཉེར་བསྡུས་པ་རབ་ཏུ་གཟིགས་ཤིང་སྤྱན་གཉིས་ཟུར་མིག་དུ ་བལྟ་བ། ཞབས་ཀྱི་པུས་མོ་གཡས་པ་ཉི་མའི་དཀྱིལ་འཁོར་ལ་བཙུགས་པ། ཆུ་སྐྱེས་ལ་གནས་པའི་ཉི་མའི་སྟེང་དུ་ཞབས། གཡོན་པ་འདོགས་པར་འདོད་པ། ཕྱག་གཡས་ན་ཧཱུ~ཾ་ཡིག་གི་ཆང་པ་ནས་འབར་བཞིན་པའི་རལ་གྲི་ནག་པོ།། ་གཡོན་པའི་ཁུ་ཚུར་སྡིགས་མཛུབ་ཀྱི་དཔག་ཏུ་མེད་པར་འཁྲུག་པའི་ཁྱབ་འཇུག་དང་། དབང་ཕྱུག་དང་། ཚངས་པ་ལ་སོགས་པ་རྣམས་ལ་སྡིགས་ཤིང་ཉོན་མོངས་པའི་དགྲའི་ཚོགས་འཆིང་བའི་རྡོ་རྗེས་མཚན་པའི་གསེར་གྱི་ཞག་པ ་བསྣམས་པའོ།། འགྲོ་བ་རྣམས་ཀྱི་མངོན་པར་འདོད་པ་ཕུན་སུམ་ཚོགས་པའི་དགའ་བ་སྟེར་བས་གཅིག་ཏུ་འབར་བའི་དཔལ་ལྡན་གཏུམ་པོ་ཆེན་པོ་བསྒོམ་པར་བྱའོ།། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོའི་མི་གཡོ་བ ་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་ཆང་པ་ཧཱུཾ་གིས་མཚན་པའི་རལ་གྲི་ཡོངསུ་གྱུར་པ་ལས་ཧཱུཾ་ཡིག་ལས་སྐྱེས་པའི་གཏུམ་པོ་གཉིས་པ་ཐུགས་ཀར་བཞུགས་པའི་བཅོམ་ལྡན་འདས་བསམ ་པར་བྱའོ།། གོ་ཡང་ཐུགས་ཀའི་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་དྲང་པོར་སྐྱེས་པའི་རལ་གྲིའི་ཡུ་པཱ་ཧཱུཾ་ཡིག་གིས་མཚན་པ་དེའི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་ངམ ་ཚིག་སེམས་དཔའ་དང་འདྲ་བར་བལྟས་ནས་ཛཿཡིག་དགུ་གི་ཅིང་། ཞལ་བསིལ་དང་བསུང་གཏོར་ལ་སོགས་པས་ཕྱོགསུ་བྱིན་ནས་ཧཱུཾ་ཡིག་གིས་དེ་ལ་དེ་བཞིན་དུ་གཞུག་པར་བྱའོ།། བཾ་ཡིག་གིས་བཅིང་བར་བྱའོ།། ཧོ་ཡིག་གིས། ་མཉེས་པར་བྱ་སྟེ། འོ་མ་དང་། འོ་མ་འདྲེས་པ་བཞིན་དུ་རོ་གཅིག་ཏུ་གྱུར་པའི་གཙོ་བོ་བསྒོམ་པར་བྱའོ།། བཅོམ་ལྡན་འདས་སྤྱན་ངག་དང་སྙན་ངག་དང་། ཤངས་ཀྱི་བུ་ག་དག་དང་། ཞལ་དང་དབུ་དང་། ཐུགས་རྣམསུ་ཇི་ལྷོར་སྦྱོར་བའོ།། ་རིམ་པས་རྣམ་པར་སཱ་ང་མཛད་དང་། མི་བསྐྱེད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། བདག་མེད་མ་རྣམས་ཏེ། ཡན་ལག་དྲུག་རྣམས་ལ་དགོད་པར་བྱའོ།། ཐུགས་ཀར་གནས་པའི་ཧཱུཾ་ཡིགེ། ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྔ་དང་ལྷ་མིའི་ཚིགས་རྣམས་བཀུག་ནས་བདུད་རྩི་ལྔས་གང་བའི་བུམ་པས་ཁྲུས་བྱ་ཞིང་མི་བསྐྱོད་པས་དབུ་བརྒྱན་པའོ།། ལྷ་མོ་རྣམས་ཀྱིས་རྣམ་པ་སྣ་ཚོགསེ་བའི ་གར་དང་། མཆོད་པ་ལ་སོགས་པས་མཉེས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་གཞན་དོན་ལ་བརྩོན་པས་སེམས་ཅན་ཐམས་ཅད་ལ་འདིད་ཚོགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཁྱབ་འཇུག་དང་། དབང་ཕྱུག་དང ་ཚངས་པ་དང་། འདོད་ལྷ་ལ་སོགས་པ་རྣམས་ཀྱི་གཏི་མུག་ཆེན་པོའི་དྲུ་བ་དང་། ཞེ་སྡང་ཆེན་པོའི་དྲ་བ་དང་། འདོད་ཆགས་ཆེན་པོའི་དྲ་བ་རྣམས་ཀྱིས་མ་རིག་པའི་མུན་པ་སྲིད་པའི་འཁོར་ལོར་འཁྱམས་པ་དེ་རྣམས་བལྟ་བུར ་བྱའོ།། དེ་ནས་སྙིང་གའི་སྔགས་ལས་འཕྲོས་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་དཔག་ཏུ་མེད་པས་བདུད་ཀྱི་དཔུང་གི་ཚོགས་རྣམས་གཅེར་བུ་སྐྲ་གྲོལ་བ་ངུ་བཞིན་པ་སྐྱབས་མེད་པ་རྣམས་ལ་རྡོ་རྗེའི་ཞགས་པས་བཅིངས་ཤིང ་རོལ་གྲི་རྣོན་པོས་དུམ་བུར་གཏུབས་ཤིང་བཅད་ནས་སླར་ཡོང་བྱམས་པའི་སེམས་ཀྱི་དྲི་མེད་པའི་ཆོས་ལ་བཅུག་ནས་རང་གི་གོ་འཕང་ལ་དགོད་པར་བྱའོ།། བས་མོ་གཏན་གྱིས་སྐྱོ་ན་སྔགས་བཟླས་པར་བྱའོ།། ཐུགས་ཀ ་དང་སྨིནྡ་མའི་བར་དུ་མཉམ་དུ་གནས་པས་སྣ་ཚོགས་དེ་བཞིན་ཉིད་གཅིག་ཏུ་གྱུར་པའི་སྐུ་མགོན་པོ་གཏུམ་པོ་ཆེན་པོའི་སྔགས་བཟླས་པ་ཙམ་གྱིས་གདུལ་དཀའ་བ་རྣམས་འདུལ་བ་དང་། དུལ་བ་རྣམས་དབང་དུ་བྱ་བ ་དང་། ཞི་བ་དང་། སྲུང་བ་དང་། སྦེད་པ་དང་། མཉེས་པ་དང་། རྒྱས་པའི་དང་། དེ་བཞིན་དུ་བསྐྲད་པཱ་དང་། དགུག་པ་དང་། བསད་པ་དང་། སྐྲག་པའི་ལས་ཐམས་ཅད་འགྲུབ་པར་འགྱུརརོ།། ཨོཾ་ཙ་ན་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ལཏྱཾ། ་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་ཁཾ་དྷི་ར་བ་ནི་ཏཱ་ར་སཱ་དྷེ་ནཾ། བོད་སྐད་དུ། འཕགས་མེ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲིལ་མ་ལ་ཕྱག་འཚོ ་