CLOSE WINDOW

GT2302: gtum po khro bo chen po'i sgrub thabs cho ga dang bcas pa
Wyliee-texts produced with BDRC’s OCR application

ཟད་པ་རྫོགས་སོ།། རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥཎ་སཱ་དྷ་ས་ཀ་ལ་བ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཆོ་ག་དང་བཅས་པ། འཕགས་པ་མི་གཡོ་བ་ལ་ཕྱག་འཚལོ།། པུས་མོའི་ལྷ་ང་སར་གཙུ ་ཕྱག་ཡས་རལ་གྲི་བསྣམས།། ཅིག་ཅེས་ཕྱག་ནི་ཁུ་ཚུར་སྡིགས་མཛུབ་ཞགས་པ་བསྣམས།། སྐུ་ལུས་སྲ་མཁྲེགས་གཏུམ་ཞིང་འབར་བ་ཁྲོ་བོའོ་སྤྱན།། བགེགས་འཇོམས་མི་གཡོ་སྲིད་པའི་བགེགས་རྣམས་ཞི་བར་མཛད།། ཕྱོགས ་བཅུར་བཞུགས་པའི་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་འདྲེན་པ་རྣམས།། དེ་རྣམས་རྣམ་པ་སྣ་ཚོགས་པའི།། མེ་ཏོག་ལ་སོགས་བློ་ཡིས་མཆོད།། སྡུག་བསྔལ་རྣམས་བལྟས་བསྐྱབ་པའི་ཕྱིར།། བདག་གིས་ལུས་ཉིད ་དབུལ་བར་བགྱི།། སྔགས་པས་དགེ་བ་སྤེལ་བའི་ཕྱིར།། སྡིག་པ་རྣམས་ནི་བཤགས་པར་བགྱི།། རྫོགས་སངས་རྒྱས་དང་བྱང་སེམས་ཚོགས།། སློབ་དང་མི་སློབ་སེམས་ཅན་གྱི།། བསོད་ནམས་རང་བཞིན་མ་ལུས་པདེ་ལ ་རྗེསུ་ཡི་རང་ངོ་།། དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ། རྫོགས་པའི་བྱང་ཆུབ་ངེས་པར་བསྟེན།། ཚད་མེད་པ་ཡི་གནས་བཞི་པོ།། རིམ་པ་ཇི་བཞིན་བསྒོམ་པར་བྱ།། མཚན་ཉིད་དང་བྲལ་སྟོང་པ་ཉིད།། རྒྱུ་དང་བྲལ་བས་མཚན་མ་མེད།། སྨོན་པ ་ལས་ཀྱང་རྣམ་གྲོལ་བའི།། ངོ་བོ་ཉིད་ཀྱི་རང་བཞིན་བསྒོམ།། སྣ་ཚོགས་པདྨ་ཉི་མའི་དབུས།། ཧཱུཾ་ཡིག་ལས་བྱུང་བཞུགས་པར་བསྒོམ།། དཔའ་བོ་སྤྱན་གཉིས་དམར་པོ་སྟེ།། ཕྱག་གཉིས་རིན་ཆེན་ཅོད་པན་ཅན།། མགོན་པོ་སྡིག་པ་འཕྲལ་ལ་སྤོང ་ཇི་ལྟར་འདོད་པ་ཡོངསུ་སྐོང་།། ཟར་མའི་མེ་ཏོག་ལྟ་བུའི་མདོག། སངས་རྒྱས་དྲི་མེད་འོད་ཟེར་འགྱུར།། མཆེ་བས་མཆུ་ནི་ངེས་པར་མནན།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། གཡོན་པ་སྡིགས་མཛུབ་ཞགས་པ་སྟེ།། པུས་མོ་གཡོན ་པས་ལ་གཙུགས།། ཕྱག་ན་རལ་གྲི་བསྣམས་པ་ཡིས།། དཔལ་ལྡན་ཁྲོ་བོ་གཏུམ་པོ་ཆེ།། འཇིགས་བྱེད་ཆེན་པོ་ཟུར་གྱིས་གཟིགས།། མ་བཟང་འཇིགས་པར་བྱེད་པ་པོ།། ཡེ་ཤེས་སེམས་དཔའ་གཟི་བརྗིད་ཆེ།། དམ་ཚིག་སེམས་དཔའ ་མཚུངས་པར་བལྟ།། སྔགས་པས་དེ་ཡི་ཐུགས་ཀ་རུ།། ས་བོན་མཚན་མ་ཡང་དག་ལྡན།། ལྷ་ཡི་རྣམ་པ་སྦྱོར་ཡིས།། བསམ་གཏན་སྐྱོ་ན་སྔགས་བཟླས་བྱ།། དེ་ནས་གསུངས་པའི་དངོས་གྲུབ་ནི།། ཐེ་ཚོམ་མེད་པ་ཉིད་དུ་འཐོབ།། དེ་ལ ་སྔགས་ཀྱི་རྒྱལ་པོ་འདི་ཡིན་ཏེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་ངེས་པར་སྲེག་ཅིང་ཐམས་ཅད་དུ་ངེས་པར་སྲུང་བ་དང་སྦེད་པར་བྱེད་དོ།། སྲན་མ ་ལྔ་སོགས་རྣམས་ཀྱི་བྲབས་ན་འབྱུང་པོ་ལ་སོགས་པའི་འཇིགས་པ་འཇོམས་པར་བྱེད། ཁཾ་ཕོར་སོ་མ་བཏང་བ་ལྔ་ཐོད་ལེ་སྐོར་གྱིས་མངོན་པར་བྲིས་ནས་སྒོ་ལྟག་ལ་སྤངས་ན་བྱིས་པ་གསར་དུ་སྨྲས་པ་རྣམས་སྲུང་བར་བྱེད།། སྤྲ་ཚིལ ་གྱི་གཟུགས་སོར་བཞིའི་ཚ་དུ་བྱས་ནས་དེའི་སྙིང་གར་བསྒྲུབ་བྱ་མིང་དང་བཅས་པའི་སྔོགས་གྲོ་ག་ལ་མངོན་པར་བྲིས་ཏེ་བཅུག་ནས་དེའི་ཁར་ཚེར་མ་བཙུགས་ན་ཕྱིར་རྒོལ་བ་ཕུར་བུས་འདེབས་པོར་འགྱུ་རོ།། རྐང་པ་ལ་བཙུགས་ན ་འགྲོ་འཕྲོ་ལ་རེངས་པར་འགྱུར་རོ།། སྙིང་གར་གཙུགས་ན་ཁྲོས་པ་ཞི་བར་འགྱུར་རོ།། མིའི་རྗེ་ངར་གྱི་ཕུར་བུ་འམ་ལྕགས་ཀྱི་བུར་བུ་གང་དང་གང་གིས་མིང་བཟུང་ཏེ་ལུས་ལ་བཏབ་ན་དེ་དང་དེ་རྣམ་པར་འཛེག་པར་འགྱུརརོ།། དགྲའི་སྒོ ་ཁ་རེ་སྦས་ནཱ་བརླག་པར་འགྱུརརོ།། ཁྱི་ནག་པོའི་ཐད་པ་ལ་མིང་བཅས་པ་བྲིས་ནས་ཀླུའི་གནསུ་སྦས་ན་མཛེས་འཛིན་པར་འགྱུར།། རབས་ཆད་ཀྱི་ཐོད་པ་ལ་སྔགས་དང་བཅས་ཏེ་བྲིས་ནས་རབས་ཆད་ཀྱི་དུར་དུ་སྦས་ན་རབས་ཆད་པར ་འགྱུར།། རོ་ཆེ་ལྐུགས་པར་སྦས་ན་ཐམས་ཅད་རེངས་པར་འགྱུར་རོ།། མེ་ཐབ་སྦས་ནི་རིམས་གྱོས་མཆིའོ།། དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་ནས་དགྲ་བོའི་སྒོ་གླེགས་ལ་བཏགས་ན་དེ་བསྐྱོད་པར་འགྱུརརོ།། རལ་གྲི་ལ་མངོན་པ ་བསྔགས་ནས་གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར་རོ།། བྱ་བ་གང་ལ་འཇུག་པ་ན་གཏོར་མ་བཏང་ན་དེ་འགྲུབ་པར་འགྱུར་རོ།། སྔགས་པས་དགེ་བ་དང་མི་དགེ་བའི་ལས་གང་དང་གང་འདོད་པ་བཟླས་པ་ཙམ་གྱིས་འགྲུབ་པར ་འགྱུར།། བདག་གིས་བྲིས་ལས་གང་ཐོབ་པའི།། དགེ་བས་སེམས་ཅན་དོན་གྲུབ་ཅིང་།། དེས་འདིར་འཇིག་རྟེན་མ་ལུས་པ།། རྫོགས་པའི་བྱང་ཆུབ་སྣོད་ལྡན་ཤོག། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་རྫོགསོ།། ་སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པའོ།། ། རྒྱ་གུར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐུབས། གཏུམ་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། སྔོན་དུ ་