CLOSE WINDOW

GT2300: 'jam dpal rdo rje'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཛྲ་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས། དཔལ་འཇམ་དཔའ་རྡོ་རྗེ་ལ་ཕྱག་འཚལོ།། དོན་རྣམས་ཕུན་སུམ་ཚོགས་གྱུར་པ།། བདག་ཉིད་འཇམ་པའི་རྡོ་རྗེར་བྱ།། སེན ་རྣམས་ཀྱི་འཁྲུལ་བལྟས་ནས།། དྲང་པོར་ཡོངསུ་བསྒོམ་པར་བྱ།། སྙིང་གར་མཾ་ཡིག་དེ་ཉིད་དོདོ།། མཆོད་ཅིང་མངོན་པར་ཕྱག་འཚལ་ནས།། བླ་མ་རྫོགས་པའི་སངས་རྒྱས་ཀྱི།། སྐུར་གྱུར་གསུམ་ལ་སྐྱབས་འགྲོ་སོགས།། དཀོན་མཆོག ་གསུམ་ལ་བདག་སྐྱེ་བས་མཆི།། སྡིག་པ་ཐམས་ཅད་སྐྱོ་སཽརྱ་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། དངོས་མེད་ངོ་བོ་ཉིད་ཀྱིས་སྟོང་།། མཚན་མེད་རྒྱུ་དང་བྲལ་བ་སྟེ།། སྟོན ་པཱ་དང་བྲལ་དངོས་ཀུན་གྱི།། རྟོག་པ་སྟེངས་པ་ཉིད་དུ་འདོད།། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། གྲུ་གསུམ་དཀར་པོ་མཐོ་བའི་དབྱིབས།། སྣ་ཚོགས་ཆུ་སྐྱེས་རྡོ་རྗེའི་དབུས།། མཆོད་རྟེན་ནང་དུ་རྫོགས་སངས་རྒྱུས།། རྡོ་རྗེ་སེད ་རིག་བཅས་བསྒོམ།། དེའི་ཞལ་ཞུགས་དེ་བཞིན་དུ།། རང་སེམས་རྡོ་རྗེ་ལས་འཐོན་ནས།། ཡི་གེ་གསུམ་བྱུང་ཆུ་སྐྱེས་ལ།། ཧོ་ཡིག་གཉིས་ཀྱིསཾ་རྣམ་པར་བློ་རྒྱན།། དེ་ལས་བྱུང་བའི་འོད་ཟེར་གྱིསོ།། དེ་ནས་ལུས་ནོ་ཞི་བར་བྱེལྟ། ་ཟླ་བ་ཁུ་བའི་འོད་ཟེར་བུ།། མེར་མིར་ལ་སོགས་ཡང་དག་འཛིན།། ཕྱོགས་ཀུན་ན་གནས་ལྷ་མོ་རྣམས།། གླུས་བསྐུལ་དེ་ཡི་ཕྱི་ནས་ནི།། འགྲོ་རྣམས་བདེ་བ་རབ་བསྒྲུབ་པའི།། བདག་ཉིད་བཞེངས་པ་བསམ་པར་བྱ།། རྡོ ་ཐུགས་ཁྱོད་གནས་ཀྱི་དབང་ཕྱུག་སེམས་ཅན་ཁམས།། སྐྱོབ་པ་དག་ནི་དགའ་བ་ཡིད་འོང་དོན་ཆེན་འདོད།། གཉེན་ཆེན་སེམས་ཅན་ཡབ་ཉིད་བདག་ལ་འདོད་པ་ཡིས།། གལ་ཏེ་མགོན་པོས་བདག་ལ་འདོད་མཛད་འཚོ་བར་འགྱུར།། ་རྡོ་རྗེའི་སྐུ་ཁྱོད་སེམས་ཅན་མང་མཉེས་བཀྲའི་འཁོར་ལོ།། སངས་རྒྱས་ཆེད་དུ་དོན་དམ་བྱང་ཆུབ་ཕན་རྗེས་སྟོན།། ཆགས་པས་འདོད་ཆགས་དམ་ཚིག་མ་མཱ་ཀཱི་བདག་ལ།། གལ་ཏེ་མགོན་པོས་བདག་ལ་འདོད་མཛད་འཚོ་བར་འགྱུར།། ་རྡོ་རྗེ་གསུང་ཁྱོད་ཀུན་ལ་ཕན་མཛད་བརྩེ་བ་ཅེ་ན།། འཇིག་རྟེན་དོན་གྱི་བྱ་མཛད་རྟག་ཏུ་ཡང་དག་འཇུག། འདོད་པས་བདག་ལ་ཤིན་ཏུ་སྤྱོད་མཛད་ཀུན་ཏུ་བཟང་།། གལ་ཏེ་མགོན་པོས་བདག་ལ་འདོད་མཛད་འཚེ་བར་འགྱུར།། རྡོ་རྗེའི་སྐུ་ཁྱོད ་དམེ་ཚིག་མཆོག་གི་ཕན་ཆེན་དོན།། རྫོགས་བྱ་རྒྱུད་ལ་འདོད་བཞིན་མཉམ་ཉིད་བརྩེ་བ་ཅན།། འདོད་པས་བདག་ལ་ཡོན་རིན་ཆེན་གཏེར་མང་འབྱུང་།། གལ་ཏེ་མགོན་པོ་བདག་ལ་དོན་མཛད་འཚོ་བར་འགྱུར།། བཅོམ་ལྡན་དེ་ཉིད་ལ ་གཤེགས་ཀྱང་།། ལྷ་མོ་རྣམས་ཀྱི་ཀླུ་ཡི་སི་བསྐུལ།། དངོས་རྣམས་སྒྱུ་མ་ལྟར་རིག་ནས།། རང་གི་སྔགས་དོན་བསྒོམ་པར་བྱ།། སངས་རྒྱས་སྒྲོལ་ཚོགས་འགྲོ་བ་ཡིས།། འགྲོ་བ་གསུམ་པོ་རབ་ཏུ་བསྒྲུབ།། མཾ་ཡིག་ལེས་བྱུང་བརྟགས ་ལས་ནི།། འཇམ་པོའི་རྡོ་རྗེ་རང་བྱོན་ཉིད།། སྐུ་མདོག་དམར་པོ་གུར་ཀུམ་འདྲ།། སྔོ་དང་དཀར་པོ་ཞལ་གསུམ་སྟེ།། ཕྱག་གཉིས་རང་འོད་རིག་མ་ལོ།། མ་ཉམ་འཁྱུད་ཆུ་ནི་ཞལ་གྱིས་འཛིན།། ཕྱག་ན་རལ་གྲི་མདའ་དང་ནི།། གཞུ་དང་ཨུཏྤལ་སྔོན་པོ ་བསྣམས།། སྣ་ཚོགས་ཆུ་སྐྱེས་ཟླ་བའི་གདནྟ།། རྡོ་རྗེ་སྐྱིལ་ཀྲུང་རྩཝ་འོད་བཞིན།། སྲིད་པར་ཆགས་ཤིང་འཁོར་བ་ལ།། ཡཱངྠ་དག་ཆགས་ཤིང་ཆགས་བྲལ་མཛད།། དཔལ་འཇམ་རྡོ་རྗེར་ཀུན་བདག་ཉིད།། ་ཐམས་ཅད་སྒྱུ་མ་ལྟ་བུར་བསིམ།། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། མེ་གྲེ་སྡིགས་རྣམས་ལ་འོད་ཟེར་གྱིས།། དེ་ནཱས་ས་བོནྡ་ལ་གཞུག་བྱཱ།། ཀྵུ~ཾ་ཛཱཾ་ཁཾ་གཾ་སྟྭཾ་སཾ་ཞེས།། སྐྱ་བོན་རྣམས་ཀྱི་ཉེར་བསྒྲུབ་བོ།། སྭ་དཔུང་རྡོ་རྗེ་ན་མཁའ་དང་། ་འཇིག་དབང་སྦྱི་བ་སེལ་ཀུན་ཏུ་བཟང་།། དེ་བཞིན་རྡོ་རྗེ་སྐྱེ་མཆོད་རྣམས།། ཉི་མའི་དཀྱིལ་འཁོར་ལ་ཞུགས་སོ།། རང་གི་མགོ་བོ་མ་གྲིན་སྙིང་ཟློ།། ཨོཾ་ཨཿཧཱུཾ་ག་སྔགས་འོད་ཀྱིས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། སྔགས་ཀྱི ་བདག་པོ་བསྒོམ་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲེ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་བཱ་གྲ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཨོཾ་སྭརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲི་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། རྡོ་རྗེ་ག་སུམ་གྱི་མཚན་ཉིད་བལྟས།། སྙིང་གར་ཡེ ་ཤེས་ས་བོན་ལས།། ཕྱོགས་རྣམས་ཀུན་བྱོན་རྫོགས་སངས་རྒྱས།། རིག་མ་མཆོད་ཅིང་རིག་དབང་འཛིན།། སྤྱན་དྲང་སྐུ་སོགས་བྱིན་གྱིས་བརླབ།། རང་སྔགས་ལས་བྱུང་འོད་གསལ་མ།། མགོ་བོ་སྙིང་ག་ལྟེ་གསང་ཞབས།། སྐུ ་སོགས་རྡོ་རྗེ་རྣམས་བལྟ་ཞིང་།། ཨོཾ་ཧཱུཾ་སྭ་ཨཱཿཧཱ་ཞེས་པའི་ཡན་ལག་ལྔ་འོད་རབ་ཏུ་གསལ།། སྐུ་དབང་མི་གཡོ་རིན་ཆེན་དབང་།། འོད་དཔག་མེད་དང་དོན་ཡོད་གྲུབ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། རྡོ་རྗེ་ཆུ ་སྐྱེས་སྦྱོར་ལས་བྱུང་།། ཕྱོགས་ཀུན་དུས་གསུམ་བཞུགས་པ་ཡི།། རྫོགས་སངས་བསྒོམ་བྱ་རྣལ་འབྱོར་པས།། དེ་ཚེ་གཟུགས་རྡོ་རྗེ་སོགས་ཀྱིས།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཆོས་ཀུན་ལྷ་ལ་བསྟོད་པ་ནི།། སྒྲ ་སྦྱིན་སྒྲ་ནི་བཟང་པོ་ཡིས།། རང་གི་ང་རྒྱལ་མཆོག་ཞུགས་ཤིང་།། རང་ཡང་ལྷག་པའི་ཚིག་འདི་སྟེ།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཡང་དག་མཐར་གྱུར་ཁྱོད་ལ་འདུད།། སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད།། སངས་རྒྱས་བྱང་ཆུབ་ཁྱོད ་འདུད།། སངས་རྒྱས་ཆགས་པ་ཁྱོད་ལ་འདུད།། སངས་རྒྱས་འདོད་ལ་ཕྱག་འཚལ་འདུད།། སངས་རྒྱས་དགྱེས་པ་ཁྱོད་ལ་འདུད།། སངས་རྒྱས་རོལ་ལ་ཕྱེ་ག་འཚལ་འདུད།། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད།། སངས ་རྒྱས་བཞད་པ་ཕྱག་འཚལ་འདུད།། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད།། སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད།། མེད་པ་ལོས་བྱུང་ཁྱོད་ལ་འདུད།། སངས་རྒྱས་འབྱུང་བ་ཁྱོད་ལ་འདུད།། ནམ་མཁའ་ལས་བྱུང་ཁྱོད་ལ་འདུད ་ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད།། སྒྱུ་འཕྲུལ་དྲི་བ་ཁྱོད་ལྔ་འདུད།། སངས་རྒྱསཱ་རོལ་སྟོང་ཁྱོད་ལ་འདུད།། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཤཱུ་མྦུ་མཱ་ར་བི་སོགས་དང་།། ལྷ་ནི་ད་ཧ་ན་གོ་ཀུ།། ་ཡིད་གསུམ་བདུད་རྩིའི་ཟས་ཀྱིས་ནི།། ལུས་ངག་ཡིད་ནི་དག་པར་བྱ།། རྒྱུ་ཡི་ནུས་པ་མི་བསམ་སྟེ།། འདོད་ཆགས་ལ་སོགས་འཁྲུལ་པ་བྲལ།། འདི་ཉིད་ཀྱི་ཡང་ཕ་རོལ་གྱི།། བྱང་ཆུབ་ཐོབ་པར་ཐུབ་པས་གསུངས།། ཡི་གེ ་གསུམ་གྱི་ནང་ཞུགས་སྔགས།། སྤྲུལ་ནས་སྐུ་སོགས་རྡོ་རྗེ་ཡིས།། མཁའ་ཁྱབ་སྔགས་མཐར་བསྡུ་བ་དང་།། མཁས་པས་དེའི་བཟླས་པཱ་བྱཱ།། དེ་བཞིན་བཟླས་པས་སྐྱོ་གྱུར་ན།། སྤྱི་བོར་ཟླ་བ་ཨ~ཾ ་གཤེར་ལས།། ཚིམ་པ་ཉིད་དུ་འགྱུར་བའི་ཕྱིར།། བྱང་ཆུབ་སེམས་བཟླས་སྦོལ་ནི།། ཀུན་ལ་རྨི་ལམ་སྒྲ་སོགས་བཞིན།། བྱ་བ་ཐམས་ཅད་འགྲོ་པན་ཕྱིར།། འཇམ་པའི་རྡོ་རྗེ་ཉིད་བསྐྱེད་ནས།། ནྱཱ་མི་འཆད་པར་གཙོ་བོ་བསྒོམ།། སྔགས ་པུས་མཆོད་པ་ལ་སོགས་བྱ།། དམ་པའི་སྐྱེ་བོ་ལས་སྐྱེས་འདོད།། ཡི་གེ་གསུམ་པན་རྫོགས་སངས་བསྒོམ།། སྐུ་ལྀ་སོགས་པ་བརྟག་པར་བྷོ།། ཐབས་དང་ཤེས་རབ་བདག་ཉིད་ཀྱིས།། དེ་ཉིད་འགྲོ་ལ་འདིར་འདོད་ཅིང་།། འགྲོ་བའི ་དེ་ཉིད་ལས་སྐྱེས་པའི།། སྨོན་ལམ་དག་ནི་སྩོལ་བར་བྱ།། དཔལ་ལྡན་འཇམ་པའི་རྡོ་རྗེ་ནི།། བསྒོམས་པ་ལས་ཐོབ་དག་པ་འདིས།། འཇམ་དཔལ་ཡེ་ཤེས་སྐུར་གྱུར་ནས།། འགྲོ་བ་ཀུན་ལ་མཆོག་སྦྱིན་ཤོག། གང་ཚེ་བལྟ་བར་འདོད་པ ་པ་དང་།། འགའ་ཞིག་འདྲི་བར་འདོད་པ་ལ།། དེ་ལ་དེ་བཞིན་མགོན་འདི་བསྟན།། འཇམ་པའི་མགོན་པོ་བགེགས་མེད་ཅིང་།། ཕྱོག་འནན་མཁའི་མཐར་ཐུག་པའོ།། སེམས་ཅན་དོན་རྣམས་མ་ལུས་བསྒྲུབ།། ཇི་ལྟར་འཇམ་པའི་སྤྱོད་པ ་བཞིན།། བདག་ཀྱང་སྤྱོད་ཅིང་བསྟེན་པར་ཤོག། ཇི་དྲང་པོ་མཐར་ཐུག་པའི།། འཁོར་བའི་མཐའ་ཡང་སྤངས་གྱུར་པ། དེ་སྲོང་སེམས་ཅན་ཕན་མཛད་ཉིད།། སྤྱོད་པ་ཚད་མེད་བདག་གིས་སྤྱད།། ཇི་སྲིད་སངས་རྒྱས་མ་ལུས་རྣམས ་ངེས་པར་མྱང་འདས་འཇིག་རྟེན་གཉེན།། དེ་རྣམས་ཀྱི་ཡང་བསྟན་པའི་ཕྱིར།། དུས་རེ་དུས་རེར་བདག་གིས་སྤྱད།། བྱིས་པ་གཞོན་ནུའི་གཟུགས་ཀྱིས་ནི།། ཐམས་ཅད་དུ་ནི་བདག་གིས་སྤྱད།། སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས།། ་དེ་ནང་དེ་ཚེ་བདག་གིས་འདུལ།། ལངས་ནས་འཇམ་པའི་མགོན་པོ་ཡི།། སྤྱོད་པའི་ང་རྒྱལ་མཉམ་བཞག་ལས།། ཐམས་ཅད་ལྷ་ཡིས་གཟུགས་ཀྱིས་ནི།། ཡུལ་གྱི་རྗེས་འབྲངས་བཟླས་པོར་བྱ།། དབང་པོ་གཉིས་ནི་རབ་སྦྱོར་བས།། ཞལ ་གསུམ་ཕྱག་དྲུག་དེ་བཞིན་དུ།། འཁོར་ལོ་རྡོ་རྗེ་རིན་པོ་ཆེ།། པདྨ་རལ་གྲི་ཕྱག་ན་བསྣམས།། གཟུགས་དང་སྒྲ་དང་དྲི་ཆེན་དང་།། རོ་དང་རེག་བྱ་ཆོས་རྣམས་དང་།། སྐུ་དང་རྡོ་རྗེ་རིན་དབ་ནང།། འོད་དཔག་དོན་ཡོད་ངོ་བོས་བསྐྱེད།། ཡུལ་ལྔའི ་གཟུགསུ་གྱུར་པ་ལས།། སངས་རྒྱས་ཐམས་ཅད་ཁོང་དུ་ཆུད།། རང་གི་ལྷག་པའི་ལྷར་སྦྱོར་བས།། རང་གཞན་དེ་བཞིན་མཆོད་པར་བྱ།། བ་དང་ཉལྔ་དང་ཁྲུས་དང་ནི།། དེ་བཞིན་སྟན་ལ་འདུག་པ་ཡང་།། རང་གི་ལྷག་པའི་ལྷར་སྟོརྱཱ་བས།། ་ཀུན་ཀྱང་རང་བཞིན་བརྟག་པར་བྱ།། མདོར་བསྡུས་ཡན་ལག་བཞི་པ་ཡི།། དོན་བྱིས་ལེགས་པར་བཤད་པ་ཡིས།། འཇམ་པའི་རྡོ་རྗེ་འདིར་གྱུར་ནས།། འཇིག་རྟེན་བདེ་འབྲས་རབ་སྦྱིན་ཤློག། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། ་