CLOSE WINDOW

GT2299: 'phags pa mtshan yang dag par brjod pa'i sgrub thabs
Wyliee-texts produced with BDRC’s OCR application

གྱི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། ཨཱརྱ་ནཱ་མ་སཾ་གཱི་ཏི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། དང་པོར ་རེ་ཞིག་སྒྲུབ་པ་པོས་སྦ་བར་ལངས་ལ་ཁ་བསང་བ་ལ་སོགས་པ་བྱས་ཏེ་བསམ་གཏན་གྱི་ཁང་པར་རབ་ཏུ་ཞུགས་ནས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། སྙིང་གར་པདྨ་དང་ཟླ་བ་ལ་དམར་ཞིང་དཀར་བའི་མུ ་ཡིག་པ་སྒོམ་པར་བྱའོ།། དེ་ནས་འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བཀུག་སྟེ། འཆང་བར་འགྱུར་བའི་བཅོམ་ལྡན་འདས་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང་སྟན་དང་ལྡན་པ་མདུན་དུ་རྣམ་པར་བསྒོམས་ནས། ཡིད ་ཀྱི་རང་བཞིན་གྱིས་མཽ་ཏོག་དང་། བདུག་སྤྲོས་ལྷ་སོགས་པས་ཡང་དག་པར་མཆོད་ལ་དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་ཐམས་ཅད་བྱའོ།། བྱམས་པ་ལ་སོགས་པ་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ།། ། ་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པའི་སྟེགས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ན་མཁའ་ལྀ་ཧཱུཾ་གི་ཡི་གེ་རྡོ་རྗེ་རྩེ་ལྔ་པའི་ས་བོན་དང་བཅས་པ་བསྒོམས་ལ། དེའི་འོད ་ཟེར་རྣམས་ཀྱིས་ཇི་ལྟར་སྦྱོར་བའི་རྡོ་རྗེའི་ར་བ་དང་། རྡོ་རྗེའི་རང་བཞིན་གྱི་ས་གཞིར་དམིགས་ནས། རྡོ་རྗེའི་རང་བཞིན་ལས་འོད་ཟུར་བྱུང་བས་རྡོ་རྗེའི་ར་བའི་ཕྱི་རོལ་ཏུ་ཕྱོགས་བཅིངས་པ་ལ་སོགས་པའི་གཟུགས་ཀྱི་ཉེ་བར་གནས་པར ་བལྟའོ།། དེའི་རྗེསུ་རྡོ་རྗེའི་རི་བའི་ནང་དུ་ཧྲིཿཡོངསུ་གྱུར་པ་ལས་པདྨའོ།། པདྨའི་སྟང་དུ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཁ་དོག་དཀར་དམར་གྱི་མུཿཡིག་ལས་སངས་རྒྱས་དཔག་ཏུ་མེད་པ་སྤྲོ་དང་བསྡུ་བའི་རྣམ་པར ་བསྒོམས་ལ། དེ་ཡོངས་སུ་གྱུར་པཱ་ལས་རྗེ་ཙུན་འཇམ་དཔལ་དམར་ཞིང་དཀར་བ་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སིལ་མོ་ཀྲུང་གིས་བཞུགས་པ་དང་པོའི་ཞལ་དམར་པོ་གཡས་པ་སྔོན་པོ་གཡོན་པ ་ཀར་པོ་ཞེས་པའི་ཞལ་གསུམ་མོ།། ཕྱག་བཞིས་ཇི་ལྟེ་བའི་སྟོར་བསྲེ་ཤེས་རབ་ཀྱི་བོ་དྷུ་དང་། རལ་གྷི་དང་། གཅུ་དང་། མདའ་བསྣམས་པའོ།། རིན་པོ་ཆེའིདབུ་རྒྱུན་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དེའི་བྱང་བཟང་པོ ་བརྒྱད་ཅུས་མཛེས་པ། གཞན་ཞིང་གཞོན་ནུའི་རྒྱན་གྱིས་འརྒྱན་པའི་བདག་ཉིད་དུ་བསྒོམ་པར་བྱའོ།། སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་སེམས་མ་ད། མོ་གཡོན་པ་དྲིལ་བུ་དཀུར་བརྟེན ་པ། གཡས་པ་རང་གི་སྙིང་གར་འདེགས་པར་བྱེད་པའི་སྦྱོར་བས་རྡོ་རྗེ་འཆང་བ། སྨིན་མཚམས་སུ་དེ་བཞིན་གཤེགས་དུ་བས་པོའི་རིན་ཆེན་རྡོ་རྗེ་མ་སེར་མི་ཕྱག་གཉིས་ཀྱིས་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཆིང་བར་མཛད་པའོ།། མགྲི། ་པར་པདྨ་རྡོ་རྗེ་མ་དགར་དུམར་གཡོན་པས་སྙིང་པོ་དྲང་བཅས་པའི་པདྨའི་སྟེང་བུ་འཛིན་པ་གཡས་བྷས་དྷཱའི་འདད་མ་རྣམ་པར་འབྱེད་པར་མཛད་པ་སྦྱིན་མཱ་ཛི་ལྦུ་བ་དེ་བཞིན་དུ་བཞུགས་པའོ།། སྤྱི་བར་ལས་ཀྱི་རྡོ་རྗེ་གསུམ་དང་ལྡན་པའི ་གཉིས་བདག་ཉིད་ཀྱི་སྤྲོ་བར་འཆང་བར་མཛད་ཅིང་།། དེ་ཁོ་ན་བཞིན་དུ་གནས་པར་བསྒོམ་པར་བྱའོ།། ཨོཾ་བཛྲ་ཨ་སུ་ཤ་ཛཿོཾ་བཛྲ་བཱ་ཤ་ཧཱུ~ཾ། ཨོཾ་བཛྲ་སྥོཊ་བ~ཾ། ཨོཾ་བཛྲ་ཨོཾ་བ~ཾ་ཤ་ཧ~ཾཿཞེས་པའི་སྔགས་ཀྱིས་པདྨ་དང་ཟླ་བའི་སྡེང ་རིམས་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་དང་མཐེའུ་ཆུང་རྣམས་ལྕགས་སྒྲོག་དུ་བྱས་ཏེ། གན་རྒྱལ་དུ་རང་གི་ཁར་གཞུགས་པ་ནི ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ།། མཆོད་ཡོན་དང་ཞབས་བསིལ་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྐད་ཅིག་གིས་རང་གི་ལུས་ལ་གཞུག་པར་བྱའོ།། དེའི་རྗེ་སུ་དེ་བཞིན་གཤེགས་པ་ཐད ་ཀྱིས་དབང་བསྐུར་བ་སྔོན་དུ་འགྲོ་བས་མི་བསྐྱོད་པས་དབུ་བརྒྱན་པའི་བདག་ཉིད་དུ་རྣམ་པར་བསམ་པར་བྱའོ།། ཨོཾ་སརྦ་དྷརྨཱ་སྭ་བྷ་བ་ཤུདྡྷ་བཛྲ་ཨཱ་ཨཱ་ཨཾ་ཨཱཿཔྲོ་ཀྲྀ་ཏི་པ་རི་ཤུདྡྷོཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ། ་མུ་པཱུ་དཱ་ཡེ་ཏི་ཨཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡཽ་ཧ་ར་ཧཱ་ར་ཨཾ་ཧཱུཾ་ཧྲིཿབྷ་ག་བཱན་ཛྙཱ་ནོ་བཛྲ་མཱུརྟི་བཱ་གི་ཤྭ་ར་མ་ཧཱ་པ་ཙ་སརྦ་དྷརྨ་ག་ག་ན་ཨ་མ་ལ་སུ་པ་རོ་ཤུདྡྷ་དྷརྨཱ་དྷེ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེ་སཱ་པཱི་སྔགས་ཀྱིས་དང་པོ་དང་བར་དང་མཐར་བྱིན་གྱིས་བརླབས ་པ་སྔོན་དུ་འགྲོ་བའི་རྗེ་བཙུན་མཚན་ཡང་དག་པར་བརྗོད་པ་ཉི་མ་སོ་སོའི་ལ་སོ་སོའི་སྦྱིན་མཚམས་ལ་ལན་གསུམ་མམ་ལན་གྲངས་དུ་མར་སྐྱི་ལོ་ཀྲུང་མ་བཤོག་པརི་ཏཱི་ངེ་འཛིན་དང་ལྡན་པས་མཁས་པས་བཀླག་པར་བྱའོ།། དེ་བཞིན་དུ ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་མཐོང་གི་བར་དེ་སྲིད་དུ་བསྒོམ་ཞིང་བཀླག་པར་བྱའོ།། དེའི་རྗེ་སུ་རྒྱུད་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཀྱི་ཐབས་ལ་རྗེསུ་གནས་པར་བྱའོ།། ཞེསོ།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་རྫོགས།། ་