| Wylie | e-texts produced with BDRC’s OCR application |
ག་རྫོགས་སོ།། ། རྒྱ་གར་སྐད་དུ། ན་མ་སཾ་གཱི་ཏཱ་མ་ནཱ་ཡེ་ནི་སིདྡྷ་པྲཛྙཱ་ཙཀྲ་བ་ལ་བདྨ་སཱ་དྷ་ནི། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་ཐོང ་པའི་སྒྲུ་བ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། བླ་མའི་ཞབས་ལ་བདག་ཕྱག་འཚལ།། རྡོ་རྗེ་སློབ་དཔོན་དེ་བཞིན་དུ།། ངག་གི་དབང་པོ་ཕྱག་འཚལ་ནས།། འཇམ་དཔལ་སྒྲུབ་ཐབས་བདག་གིས་བྲི།། སེམས་དཔའི ་སྐྱིལ་ཀྲུང་གིས་བཞུགས་ཏེ། སྙིང་གར་ཟླ་བ་ཨཱ་ཡཽས་བརྒྱན།། ཀུན་ད་དུང་འདྲ་ས་བོན་འབར།། སྣ་ཚོགས་འོད་ཟེར་ཀུན་ཏུ་འཁྲིགས།། དེ་སྐྱོང་རྫོགས་པའི་སངས་རྒྱས་དང་།། བླ་མ་བྱང་ཆུབ་སེམས་དཔའ་དང་།། ཆེན་པོ་དེ་རྣམས ་བལྟས་ནས་ནི།། སྔགས་འདི་ཡིས་ནི་མཆོད་པར་བྱ།། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བཱཾ་དྱ་ཧཱུཾ། དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར ་བཤགས།། འགྲོ་བའི་དགེ་ལ་རྗེ་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། སངས་རྒྱས་ཆོས་དང་ཚིགས་མཆོག་ལ།། བྱང་ཆུབ་བར་དུ་བདག་སྐྱབས་མཆི།། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བདག་གྲིག། ་བསྐྱེད།། བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་ནས།། སེམས་ཅན་ཐམས་ཅད་བདག་གིས་འགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་པའི ་སྨོན་ལམ་སྔོན་དུ་འགྲོ་པ་ཡིས།། ཆོས་ཀུན་བདག་མེད་སྔགས་འདི་བརྗོད་པར་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཾ་བྷ་བ་ཨཱིཏྨ་ཀོ་ཧཾ། སི་བོན་སྒྱུ་མ་ལྟ་བུ་བསམ།། ཁམས་གསུམ་རྣམས་ནི་མ་ལུས་པར།། མཐོང་བ་དང་ནི་རག་པ་ཉིད།། ་དཔེར་ན་ཐམས་ཅད་སྒྱུ་མ་བཞིན།། དེ་བཞིན་དམིགས་པའང་མེད་པ་སྟེ།། ཀུན་ཀྱང་སྒྱུ་མ་ཇི་བཞི་ནོ།། འགྲོ་བ་ཐམས་ཅད་གནས་པ་ནི།། དེ་ཡང་དམིགས་པ་མེད་པར་བྱས།། ཞེས་པས་ལྷག་པར་མོས་པར་བྱ།། དེ ་ནས་ཐོག་མ་མེད་པའི་དུས་ཀྱི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་ས་བོན་སྤངས་ནས་རང་བཞིན་གྱིས་བདག་པ་ཞེས་ལྷག་པར་མོས་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷིརྨཱཿསྭ་བྷཱ་བ་ཤུདྡྷོ&ཧཱུཾ། ཞེས་སོ།། དེ་ནསོ་སྔོན ་གསུངས་པའི་ས་བོན་ཡོངསསུ་གྱུར་པ་ལས་རལ་གྲིའོ།། དེའི་ཆང་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་སྟོན་དུ་གསུངས་པའི་ས་བོན། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གྱི་སྐུར་བདག་ཉིད་བས་མེ ་པར་བྱའོ།། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱའོ།། པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་མཉམ་པར་བཞུགས་པའོ།། ཟླ་བ་དུ་མའི་འོད་ཟེར་འཕྲོ་བའི་ན་མཁའི་མཐིལ་ཁྱབ་པར་མཛད་པ་སྣ་ཚེ ་པའི་ན་བཟའ་མནབས་ཤིང་། འགྲོ་བ་རྣམས་དགའ་བར་མཛད་པ། གཟུགས་མཛེས་ཤིང་སྐུ་མདོག་དཀོར་པོ་ཡིད་དུ་འོང་བའི་ཟུར་ཕུད་ལྔས་སྤྲས་པའི་དཔའ་བོ་ཆེན་པོ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པ་ན། ་རལ་གྲི་འཕྱར་བ། ཕྱག་གཡོན་གྱི་ཐུགས་ཀར་པོ་ཏི་བསྣམས་པའོ།། དེ་ནས་ཕྱག་རྒྱ་བཅིང་བར་བྱའོ།། ལག་པ་གཉིས་ཐལ་མོ་སྦྱར་ཏེ། མཛུབ་མོ་དག་དང་མིང་མེད་དག་གིས་སེན་མོ་དག་བཀབ་ནས། ཨུཏྤ་ལ་ཁ་བྱེ་བ་ལྟར ་གནས་པའོ།། སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་རང་གི་སྔགས་ཀྱིས་དགོད་པར་བྱའོ།། ཕྱི་ནས་ལྟེ་བའི་འོག་ཏུ་བྷྲཱུཾ་ཡིག་དཀར་པོ་ཨ་ཤྭངྒ་ཐའི་ལོ་མཱ་ལྟ་བུ་བསམ་པར་བྱའོ།། ཟླ་བའི་དཀྱིལ་འཁོར་ལ་དེའི ་སྟེང་དུ་བརྒྱད་པའི་བཞི་པ་དང་པོའི་བཅུ་དྲུག་པ་བདུན་པའི་གཉིས་པ་དང་པོའི་བཞི་པས་བརྒྱན་པའོ།། དེ་ཡོངསུ་གྱུར་པ་ལས་པདྨ་ཁ་ཟུམ་པ་སྟེ། ལྟེ་བའི་སྟེང་དུ་ཧཱུཾ་ཡིག་ཁ་འབྱེད་པ་བསམ་པར་བྱའོ།། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར ་དེའི་སྟེང་དུ་སོར་གཅིག་ཙམ་སྤངས་ནས་འཁོར་ལོ་རྩིབས་དྲུག་པ་འོད་ཟེར་དང་བཅས་པའོ།། དེའི་རྩིབས་རྣམས་ལ་དབྱངས་ཡིག་བཅུ་གཉིས་ཡི་གེ་ཟུང་རེ་རེ་དགོད་པར་བྱའོ།། རྩིབས་སོ་སོའི་སྟེང་དུ་རྩ་བའི་སྔགས་ཀྱི་ཡི་གེ ་རེ་རེ་རྣམ་པར་བཀོད་ནསུ་འཁོར་ལོའི་ནང་གི་ལྟེ་བ་ལ་དྷཱིཿཡི་ག་འོད་ཟེར་དང་བཅས་པ་མི་གཡོ་བར་བསྒོམ་པར་བྱའོ།། ཕྱི་མའི་མུ་ཁྱུད་ལ་ཀཱ་ལི་སྦྱོར་བ་ཡང་དག་པར་འབར་པོཥྚི་ང་ཉ་ཎ་ན་མའི་ཡི་གེ་རྣམས་སྤུངས་པ་བསྒོམ་པར ་བྱའོ།། ཡང་དེའི་སྟེང་དུ་སཽར་གཅིག་ཙམ་སྤངས་ནས་ཟླ་བའི་དཀྱིལ་འཁོར་ལ་དེའི་སྟེང་དུ་ཨ་ར་པ་ཙ་ནཱ་ཞེས་པ་བལྟས་ནས་ཤིན་ཏུ་མྱུར་དུ་འཁོར་བའི་འཁོར་ལོ་བསྒོམ་པར་བྱའོ།། ཇི་སྲིད་ཟླ་བ་དྲུག་གི་བར་དུ་སྔགས་འདི་བཟླས་པར་བྱའོ།། ་ཨོཾ་བཛྲ་ཏཱིཀྵ་ཎ་མེཿཞེས་ཉི་མ་ར་ར་ཁྲི་ཕྲག་རེ་བཟླས་པར་བྱའོ།། དེ་ནས་ལྐུགས་པ་ཡིན་ཡང་ངག་གི་དབང་པོར་འགྱུར་ཞིང་བློ་དང་ལྡན་པར་འགྱུརརོ།། གཞུང་སྟོང་ཕྲག་རེ་འཛིན་ནུ་སོ།། རྒྱུན་ཆད་མེད་པར་ལེགས་པར་སྦྱར་བའི་སྐད་དང ་ལྡན་ཞིང་སྟན་དག་མཁན་པོར་གྱུར་ནས་བསྟནྱ་བཅྡོཾས་ཐམས་ཅད་ཀྱི་མཐར་ཕྱིན་པར་འགྱུར།། གྲུབ་པར་གྱུར་ནས་རལ་གྲིའི་རིག་པ་འཛིན་པའི་བདག་པར་འགྱུར་ཞིང་དག་འཛིན་མ་རྣམས་དང་ལྷན་ཅིག། ་ཏུ་བརྩེ་བར་བྱེད་དོ།། འཁོར་ལོ་མཆོག་འདིར་མི་གསལ་བ་རྣམས་སློབ་དཔོན་གྱི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ།། ཤེས་རབ་འཁོར་ལའི་མ། གྱུར་འདི།། བྲིས་པའི་འབྲས་བུ་གང་ཐོབ་པ།། དེ་ཡིས་འཇིག་རྟེན་ཐམས་ཅད་འདི།། ་འཇམ་དཔལ་གོ་འཕྱང་ཐོབ་པར་ཤོག། མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་གི་སྒྲུབ་ཐབས་རྟོགས་སི།། རྒྱུ་གར་སྐད་དུ། དྷརྨྨ་ཤཾ་ཁཱ་ས་མཱ་དྷི་མཉྫུ་བྷཱི་སཱ ་