| Wylie | e-texts produced with BDRC’s OCR application |
འཛིན་པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་རྫོགས་སོ།། །། རྒྱ་གར་སྐད་དུ། པྲཛྙཱ་བར་དྷཱ་ནི་བི་དྷཱིཿ། བོད་སྐད་དུ། ཤེས་རབ་འཕེལ་བའི་ཆོ་ག། འཕགས་པ་འཇམ་དཔལ་ལ ་ཕྱག་འཚལ་ལོ།། སྒྲོན་མ་ཚོགས་པའི་རྣམ་པ་ཡི།། སྤྲུལ་པའི་ཆུ་སྐྱེས་ཟླ་དབུས་སོན།། ཧཾ་གི་ཡི་གེ་ཞུ་བ་ཡིས།། དཔའ་བོ་ཉྫི་མ་སྦས་པས་བསྟན།། ཧཱུཾ་ཨཱཿཤེས་རབ་ལྷག་པར་འཕེལ་བཱར་བྱེད ་པའོ།། སྐད་ཅིག་གིས་འཇམ་དབྱངས་ཀྱི།། རྣལ་འབྱོར་དུ་དམིགས་ཏེ།། ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་ལ་སྒྲོན་མ་ཚོགས་པའི་རྣམ་པའི་འོད་ཟེར་རྣམ་པར་བསམ་པར་བྱའོ།། སྤྱི་བོར་ཧཱུཾ་ཡི་གོ་དཀར ་པོ་ཡིད་གཞོམ་དུ་མེད་པ་མགོ་འཐུར་དུ་འཕྱར་བའི་འོད་ཟེར་བསྒོམ་པར་བྱའོ།། དེའི་རྗེ་སུ་ཐིག་ལེའི་འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས་ཧཾ་ཡིག་ཞུ་བར་གྱུར་ཏེ། དེ་ལ་ཐིག་ལེ་འབབ་ཅིང་ཚིམ་པར་བྱའོ།། སེམས་བརྟན ་པའི་རྣལ་འབྱོར་པས་ཡུན་རིང་དུ་མི་ཐོགས་པར་ཤེས་རབ་མངོན་པར་འཕེལ་བར་འགྱུརརོ།། ཞེས་སོ།། ལྟ་བའི་སྟེང་དུ་གི་ཕྱོགས་སུ་ནི།། དམར་ཞིང་གསལ་བའི་ཆོས་འབྱུང་ནི།། རྡོ་རྗེ་སྔོན་པོ་རྩེ་ལྟ་པ།། ལྕི་བ་ལ་ནི་འོད་ཟེར ་འབྱར།། ཧཱུཾ་ཡིག་དཀར་པོ་ལས་སྐྱེས་པའི།། མགོ་བོའི་མཚམས་ནས་ངེས་འབྱུང་བའི།། ཧཱུཾ་ཡིག་དུད་ཁ་ལས་བྱུང་བའོ།། སྒྲ་ཡིས་ན་མཁའ་ཁྱབ་པར་བལྟ།། སྐུའི་འོད་ཀྱིས་རེ་ཁའོ།། ཞེས་པ་ནི་ཤེས་རབ་འཕེལ་བའི་ཆོ ་ག་རྫོགས་སོ།། ། རྒྱ་གར་སྐད་དུ། ན་མ་སཾ་གཱི་ཏཱ་མ་ནཱ་ཡེ་ནི་སིདྡྷ་པྲཛྙཱ་ཙཀྲ་བ་ལ་བདྨ་སཱ་དྷ་ནི། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་ཐོང ་