CLOSE WINDOW

GT2295: rig pa 'dzin pa'i sde snod so so nas bsdus pa'i 'jam pa'i dbyangs kyi sgrub thabs
Wyliee-texts produced with BDRC’s OCR application

དཔལ་ལ་ཕྱག་འཚལ་ལོ།། སྐྱོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམ་པའི་རྗེས་ལ་པདྨ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་བསྒོམ་པར་བྱས་ནས། སྤྲོ་བ་ལ་སོགས ་པ་སྔོན་དུ་འགྲོ་བས་དེ་ཡོངས་གྱུར་པ་ལས་དྷཱིཿཡིག་དཀར་པོ་ལས་སྐྱེས་པ་གཅིག་པུ་འབའ་ཞིག་པ་ཉིད་དུ་དཀར་བའི་འཇམ་དཔལ་ཨ་ར་པ་ཙ་ནའི་རང་གི་ས་བོན་སྙིང་གར་བསམ་པར་བྱའོ།། ཨོཾ་དྷིཿསྭཱ་ཧཱ། ཞེས་པའི་སྔགས་བརྗོད ་པར་བྱའོ།། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བ་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། བིདྡྷ་དྷཱ་ར་བི་ཊཀྵཱ་ཏི་བྷཾ་དྷི་མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། རིག་པ་འཛིན་པའི་སྡེ་སྣོད་ལས ་འབྱུང་བ་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐེག་ལེ་དཀར་པོ་བསྒོམ ་པར་བྱས་ནས། སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་ཡོངསུ་གྱུར་པ་ལས་དྷཱིཿཡིག་དཀར་པོ་ལས་སྐྱེས་པའི་གཅིག་པུ་འབའ་ཞིག་པ་ཉིད་དུ་དཀར་བའི་འཇམ་དཔལ་ཨ་ར་པ་ཙ་ནའི་རང་གི་ས་བོན་སྙིང་གིར་བསམ་པར་བྱའོ།། ཨོཾ ་སྭཱ་ཧཱ་ཞེས་པའི་སྔགས་བརྗོད་པར་བྱའོ།། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བ་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། བིདྡྷ་དྷ་ར་བི་ཊཀྵ་ཏི་བཾ་དྷཾ་མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། ་རིག་པ་འཛིན་པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། སྔགས་པས་དང་པོར་བྱ་བ་ནི།། སངས་རྒྱས་ལ་སོགས་མཆོག་རྣམས་མཆོད།། བསོད་ནམས ་ཡོངསུ་བསྔོ་བ་སོགས།། དེ་ནས་བྱམས་ཕྱི་ལ་སོགས་བསྒོམ།། སྙིང་གར་ཟླ་བའི་དབུས་གནས་པའི།། ཐིག་ལེ་སྔགས་པས་བསྒོམ་པར་བྱ།། ཉིན་མོར་བྱེད་པའི་འོད་འཕྲོ་བའི།། ཐིག་ལེ་ཁ་བ་དང་མཚུངས་འོད།། ཐིག་ལེ་དེ་ལས ་འོད་ཟེར་བསམ།། བ་སྤུ་སོ་སོའི་ཁུང་ནས་ཐོན།། འགྲོ་ཀུན་མཐོ་གང་ལ་སོགས་པའི།། རིམ་པས་རྣམ་པར་གསལ་བར་བྱ།། དྷཱི་ཡིག་དཀར་པོའི་གཟུགས་ཉིད་དུ།། ཐིག་ལེའི་ནང་གཏོགས་འོད་ཟེར་བལྟ།། དེ་ཀུན་ཡོངསུ་གྱུར་པ་ལས།། ་ཨ་ར་པ་ཙ་ན་རུ་བལྟ།། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ།། དབུས་སུ་ཆུད་པའི་དྷཱིཿཡིག་བལྟ།། འོད་ཟེར་དག་གི་ཚོགས་འདི་ནི།། སྣ་ནས་ཕྱིར་མི་འབྱུང་བར་བལྟ།། སེམས་ཅན་རྣམས་ནི་འཇམ་དབྱངས་དང་།། མཚུངས་པར ་འབྱུང་འཇུག་རླུང་གིས་བལྟ།། ཕྱི་ནས་དྷཱིཿཡཱི་ཡི་གེ་ལ།། འདིར་ནི་ཡིད་ཀྱིས་བསྡུ་བར་བྱ།། ཨོཾ་ཡིག་དང་པོ་སྭཱ་ཧཱ་མཐའ།། སྔགས་ནི་ས་བོན་ཡཱི་གྲེ་བཟླས།། སྙིང་གའི་ཟླ་བ་ལ་གནས་པ།། སྟོན་ཀཽའི་ཟླ་བ་ལྟ་བུའི་འོད།། རིག་པ ་འཛིན་པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་རྫོགས་སོ།། །། རྒྱ་གར་སྐད་དུ། པྲཛྙཱ་བར་དྷཱ་ནི་བི་དྷཱིཿ། བོད་སྐད་དུ། ཤེས་རབ་འཕེལ་བའི་ཆོ་ག། འཕགས་པ་འཇམ་དཔལ་ལ ་