| Wylie | e-texts produced with BDRC’s OCR application |
བསམ། སྣའི་བུ་ག་དྲག་ནི་དེ་བཞིན་བུང་བ་ཡི།། དེ་རྣམས་བསྒྲུབ་བྱ་ཉིད་ཀྱི་སྙིང་གར་ཞུགས།། སྙིང་གའི་པདྨ་ཀུན་ནས་ལྡག་ཅིང་རྙིས།། དེ་ཡི་ཡིད་ཀྱི་སྦྲང་རྩི་འཕགས་པ་ཡིས།། ངེས་ཕྱུང་དེ་ལས ་སླར་ཡང་ཞུགས་གྱུར་ནས།། དེ་ལ་དེ་བཞིན་ངེས་པར་ཡིད་ཐམ་བསམ།། རྣམ་པ་དེ་བཞིན་བརྟན་པ་དང་ལྡན་སེམས།། ཐུན་མཚམས་བཞི་རུ་བསྒྲུབ་པར་གྱུར་པ་ཡིས།། དབང་པོའང་དེ་རྣམས་དབང་ད་ལྡན་གྱུར་ཏེ།། བཅུ་བཞིའི ་ཉི་མ་རྣམས་ཀྱིས་ངེས་པར་འགྲུབ།། དཔལ་ལྡན་འཇམ་དབྱངས་སྒྲུབ་ཐབས་གཅིག་ཏུ་འང་།། བླ་མ་དམ་པ་ལས་རྙེད་བདག་གསལ་བྱས།། འདི་ལ་སྟེའང་མེད་པར་འགྱུར་སྙམ་པའི།། འདིར་ནི་ཅུང་ཟད་ཐེ་ཆེམ་མི་བྱའོ།། འདྲ་རྣམ ་བཀུག་ནས་ངེས་པར་སེམས་ཉིད་ཞི།། དགེ་བྱེད་ཅེས་བྱས་ཇི་ལྟར་ཉེར་སྟན་མཛད།། དམ་པ་རྣམས་ཀྱི་བྱ་བ་ཡོངས་སྤངས་ནས།། བདག་གིས་བླ་མ་དག་ནི་འདི་ཡིས་སོ།། རྐང་དྲུག་བརྒྱད་པ་དག་གིས་མཆོག་བྲིས་པལི།། ་གང་འདིར་དགེ་བ་དྲི་མེད་ཅུང་ཟད་ཐོབ།། དེ་ཡིས་སེམས་ཅན་མ་ལུས་དེ་བཞིན་དུ།། དཔལ་ལྡན་འཇམ་མགོན་ལྷན་ཅིག་ལྡན་པར་ཤོག། སློབ་དཔོན་དགེ་བ་བྱེད་པའི་ཞབས་ཀྱི་མཛད་པའོ།། བདག་གིས་སྒྲུབ་ཐབས་མཆོག ་ཏུ་གྱུར་པ་འདི་བྲིས་པའི།། དགེ་བ་མ་ལུས་གང་ཐོབ་ཤིན་ཏུ་རྣམ་དག་པ།། དེ་ཡིས་འཇིག་རྟེན་འདི་རྣམས་རྒྱལ་བ་ཉིད་ཐོབ་ནས།། སྲིད་པའི་འཇིགས་པ་མ་ལུས་ཤིན་ཏུ་རབ་ཞི་ཤོག། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི ་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འཇམ་དཔལ་སྐབས་ཐབས་རྣམ་དག་པ།། བསྡུས་ཤིང ་ཤིན་ཏུ་གསལ་བ་ཡིས།། མི་ཤེས་རབ་རིབ་འཇོམས་མཛད་པ།། ཡིད་འོང་ལེགས་པར་བརྗེད་པར་བྱ།། སྔོན་དུ་གསུངས་པའི་ཚོ་གས་འདིར་རང་གི་སྙིང་གར་ཟླ་བ་ལ་མཱཿཡིག་སེར་པོ་ཡོངསུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་ཞལ ་གསུམ་ཕྱག་དྲུག་པ། སྐུ་མདོག་གུར་གུམ་ལྟར་དམར་བ་དང་། སྔོན་པོ་དང་། དཀར་པོ་ནི་གཡས་དང་ཅིག་ཤོས་ཀྱི་ཞལ་ལོ།། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རོལ་གྲི་དང་། མདའ་དང་། མཆོག་སྦྱིན་དང་། ལྡན་པ་ནི་གཡས་ཀྱི་ཕྱག ་གསུམ་ནའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། ཨུཏྤལ་དང་། གཞུ་དང་ལྡན་པ་ནི་ཕྱག་གཡོན་པ་གསུམ་ནའོ།། གཞོན་ནུ་སྒེག་པ་དང་བཅས་ཤིང་རྒྱུན་དང་ན་བཟའ་ལ་སོགས་པས་བརྒྱན་པོ། མེ་ཏོག་སྣ་ཚོགས་པས་ཆེར ་མཛེས་པ། ཟུར་ཕུད་གསུམ་གྱིས་བརྒྱན་པ། དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་ཡོངས་སུ་གྲུབ་པའི་བདག་ཉི་དུ་བསྒོམ་པར་བྱའོ།། ཨོཾ་མུཿཞེས་བྱ་བའི་སྔགས་བཟླས་པར་བྱའོ།། འཕགས་པ་འཇམ་དཔལ་གྱི་སྒྲུབ ་ཐབས་རྫོགས་སོ།། རྒྱ་གར་སྐད་དུ། བིདྱཱ་དྷཱ་ར་བི་ཊ་ཀ་ཡ་སཾ་ཀཱིཔྟ་མནྟེ་ཐཱ་སཱ་དྷ་ནཾ། བོད་སྐད་དུ། རིག་པ་འཛིན་པའི་སྡེ་སྣོད་ལོས་བྱུང་བ་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ ་