| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བ་ཤྱ་དྷཱི་ཀཱ་ར་མནྟྲ་ཤྲི་སཱ་དྷཱ་ནཱ། བོད་སྐད་དུ། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། དཔལ་ལྡན་འཇམ་པའི་རྡོ་རྗེའི་སྐུར་བསྒྲ ་ཏཽ། སྐུ་མདོག་དམར་པོ་འོད་ཟེར་འབར་བའི་ཚིགས།། དབྱངས་ཡིག་བཅུ་དྲུག་ཡང་དག་འཁོར་བ་ཡི།། སྙིང་གའི་པང་དབུས་རྡོ་རྗེ་བསམ་པར་བྱ།། བནྡྷའི་མུ་ཏོག་རྣམ་པ་དང་མཚུངས་སྦྱར།། དམིགས་ནས་ངེས་པར ་རྐང་དྲུག་བཤད་པ་ཡི།། དབུགས་ནི་རླུང་གིས་མ་ལུས་དོལ་བུ་ཡིས།། ངེས་པར་དྲངས་ནས་སྐྱེ་བའི་བསམ་པ་ཡང་།། བསྒྲུབ་བྱ་མདུན་དུ་གནས་ཤིང་ཐལ་མོ་སྦྱོར།། མི་ཟུང་གོ་ཉིད་ནི་ཡུར་བར་ཡང་དག ་བསམ། སྣའི་བུ་ག་དྲག་ནི་དེ་བཞིན་བུང་བ་ཡི།། དེ་རྣམས་བསྒྲུབ་བྱ་ཉིད་ཀྱི་སྙིང་གར་ཞུགས།། སྙིང་གའི་པདྨ་ཀུན་ནས་ལྡག་ཅིང་རྙིས།། དེ་ཡི་ཡིད་ཀྱི་སྦྲང་རྩི་འཕགས་པ་ཡིས།། ངེས་ཕྱུང་དེ་ལས ་སླར་ཡང་ཞུགས་གྱུར་ནས།། དེ་ལ་དེ་བཞིན་ངེས་པར་ཡིད་ཐམ་བསམ།། རྣམ་པ་དེ་བཞིན་བརྟན་པ་དང་ལྡན་སེམས།། ཐུན་མཚམས་བཞི་རུ་བསྒྲུབ་པར་གྱུར་པ་ཡིས།། དབང་པོའང་དེ་རྣམས་དབང་ད་ལྡན་གྱུར་ཏེ།། བཅུ་བཞིའི ་ཉི་མ་རྣམས་ཀྱིས་ངེས་པར་འགྲུབ།། དཔལ་ལྡན་འཇམ་དབྱངས་སྒྲུབ་ཐབས་གཅིག་ཏུ་འང་།། བླ་མ་དམ་པ་ལས་རྙེད་བདག་གསལ་བྱས།། འདི་ལ་སྟེའང་མེད་པར་འགྱུར་སྙམ་པའི།། འདིར་ནི་ཅུང་ཟད་ཐེ་ཆེམ་མི་བྱའོ།། འདྲ་རྣམ ་བཀུག་ནས་ངེས་པར་སེམས་ཉིད་ཞི།། དགེ་བྱེད་ཅེས་བྱས་ཇི་ལྟར་ཉེར་སྟན་མཛད།། དམ་པ་རྣམས་ཀྱི་བྱ་བ་ཡོངས་སྤངས་ནས།། བདག་གིས་བླ་མ་དག་ནི་འདི་ཡིས་སོ།། རྐང་དྲུག་བརྒྱད་པ་དག་གིས་མཆོག་བྲིས་པལི།། ་གང་འདིར་དགེ་བ་དྲི་མེད་ཅུང་ཟད་ཐོབ།། དེ་ཡིས་སེམས་ཅན་མ་ལུས་དེ་བཞིན་དུ།། དཔལ་ལྡན་འཇམ་མགོན་ལྷན་ཅིག་ལྡན་པར་ཤོག། སློབ་དཔོན་དགེ་བ་བྱེད་པའི་ཞབས་ཀྱི་མཛད་པའོ།། བདག་གིས་སྒྲུབ་ཐབས་མཆོག ་ཏུ་གྱུར་པ་འདི་བྲིས་པའི།། དགེ་བ་མ་ལུས་གང་ཐོབ་ཤིན་ཏུ་རྣམ་དག་པ།། དེ་ཡིས་འཇིག་རྟེན་འདི་རྣམས་རྒྱལ་བ་ཉིད་ཐོབ་ནས།། སྲིད་པའི་འཇིགས་པ་མ་ལུས་ཤིན་ཏུ་རབ་ཞི་ཤོག། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི ་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འཇམ་དཔལ་སྐབས་ཐབས་རྣམ་དག་པ།། བསྡུས་ཤིང ་