CLOSE WINDOW

GT2290: bung ba myos pa'i sgrub thabs
Wyliee-texts produced with BDRC’s OCR application

དུདྡྷཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མུར་ཏཱ་ཡེ་ཛྙཱ་ན་ཀ་ཡེ་བཱ་གྷཾ་ཤྭ་རྱ་ཨ་རཱ་པ་ཙ་ནཱ་ཡ་ཏེ་ནི་མཿདཔེའ་བ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་རྫོག་སོ།། རྒྱ་གར་སྐད་དུ། ཨ་ལི་མན་མ་ཐ་སཱ་དྷ་ནཾ། བོངྒ་སྐད་དུ། བུང་བ་མྱོས ་པོའི་སྒྲུབ་ཐབས། བུང་པོ་མྱེས་བཾ་ལ་ཕྱག་འཚལ་ལོ།། ཤིན་ཏུ་ཡིད་འོང་བདེ་མི་འགྱུར།། བསྟན་བཅོས་ལོངས་སྤྱོད་སྐུར་གྱུར་ལ།། ཕྱག་འཚལ་བུད་པ་ལུས་མེད་ཀྱི།། སྒྲུབ་ཐབས་བསྡུས་པ་བདག་གིས་བཤད།། དང་པོར ་རེ་ཞིག་ཆུ་སྐྱེས་དམར་པོའི་ཟོ་འབྲུའི་གཟུགས་བརྙན་ལ་དཔལ་ཧེ་རུ་ཀའི་སྐུར་བདག་ཉིད་བསྐྱེད་ནས་རྣམ་པར་རྟོག་པ་ཙམ་གྱི་ཁམས་གསུམ་པོ་ཀུན་ནས་བརྟག་པར་བྱའོ།། རང་གི་སྙིང་གར་ཤིན་ཏུ་དམར་བའི་ཨུཏྤ་ལ ་ཆེན་བས་བརྒྱུད་བའི་ཕྲུལ་སྐུ་འི་ད་ཀཱ་ཡ~ཾ་བྱཱསྡུས་པའི་གཟུགས་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་ཆགས་པར་ཨཱཿཡིག་དང་། དྷཱུ་ལྀག་མེ་ཀྱིས་མངོན་པ་བྲི་བར་བྱའོ།། དེ་ནས་ཨཱུ་ཡིག་དང ་ཧཱུཾ་ཡིག་དེ་དག་ལས་ཤིན་ཏུ་དམར་ཞིང་མཛེས་པའི་འོད་ཟེར་གྱི་ཚིགས་འཕྲོས་ཏེ་དེ་བཞིན་དུ་ཡང་གུར་གུམ་རློན་པ་ལས་སྐྱེས་པའི་འོད་ཟེར་གྱིས་གཟུགས་ཀྱི་ཚོགས་ཀྱིས་སྣོད་ཀྱི་འཇིག་རྟེན་རྣམ་པར་སྦྱངས་ཏེ། དེ་རྣམས ་ཀྱི་ཁུས་ངག་ཡིད་རྣམས་ལྷན་ཅིག་ཏུ་བྱས་ནས་བཀུག་སྟེ། དེ་དག་ལ་དེ་བཞིན་དུ་ཨཱཿཡིག་དང་ཧཱུཾ་ཡིག་དག་ཐིག་ལེ་ལ་ཞུགས་ཏེ། དེ་ནས་ཨཱ་ཡིག་དང་ཧཱུཾ་ཡིག་ཡོངསུ་གྱུར་པ་ལས་བྱུང་བ་འཁྲིགས་པའི་ཚོགས ་རིན་པོ་ཆེ་ཀུཿབིནྡྷ་ལྟ་བུ་མཆོག་གི་སྙིང་རྗེས་སྦྲང་འཐུངས་པས་མྱོས་ཤིང་རྒྱུན་མི་འཆ་པར་གྲོལ་བེ་ཧཱུཾ་ཞེས་རིང་དུ་སྒྲོགས་ཤིང་མཛེས་པའི་སྐུ་བདག་མེད་མ་དང་ཧེ་རུ་ཀའ་རང་བཞིན་དུ་བསམ་པར་བྱའོ།། དེ་ནས་དེ ་བཞིན་དུ་སྙིང་གིར་ལེ་བརྒན་དམར་པོས་ཁ་བསྒྱུར་བའི་ཆུའི་ཐིག་པ་ལྟ་བུ་ཡུངས་ཀར་ཙམ་ཤིན་ཏུ་པྲ་བའི་ཨཱཿཡི་གེ་དང་ཧཱུཾ་ཡིག་བལྟ་བར་བྱའོ།། དེའི་རྗེ་སུ་དེ་འཁྲིགས་པས་དབུགས་རླུང་གི་ལམ་ལ་ཞོན་ཏེ། སྣའི ་བུ་གནས་འཐོན་ནས་ཁམས་གསུམ་ལ་གནོས་པའི་སེམས་ཅན་གྱི་ལུས་དང་ངག་དང་ཡིད་རྣམ་པར་སྦྱངས་ཏེ། བཟུང་ནས་སླར་ཡང་དབུགས་རླུང་ལ་ཞིན་ཏེ། ཇི་ལྟ་བ་དེ་བཞིན་དུ་རང་གི་སྙིང་གའི་ཆུ་སྐྱེས་ཀྱི་ཟེའི་བྲུ ་ལ་གཞུག་པར་བྱའོ།། གཞུག་པར་བྱ་བ་ལས་ཡང་བླངས་ནས་ལུས་དང་ངག་དང་ཡིད་ཀྱིས་རང་གི་ལུས་དང་དྲག་དང་ཡོད་ཀྱི་མཉམ་པ་ཉིད་དུ་གྲོལ་བར་བྱའོ།། དེ་བཞིན་དུ་ཡང་དང་ཡང་བསྒོམ་པར་བྱའོ།། ཇི་སྲིད་སྙིང ་ཅིག་གིས་རབ་ཏུ་གསལ་བའི་ངེས་པ་སྐྱེ་བར་འགྱུརརོ།། ཕྱི་ནས་བསྒྲུབ་བྱ་འམ། བསྒྲུབ་བྱ་མོའི་སྙིང་གར་སྐད་ཅིག་གིས་ཆུ་སྐྱེས་འདབ་མ་བརྒྱད་པ་བསྒོམ་པར་བྱའོ།། བདག་ཉིད་ཀྱི་སྙིང་གའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལས ་དེར་བུང་པ་འཁྲིགས་ཤིང་དབུགས་རླུང་ལ་ཞོན་ཏེ་སྣའི་བུ་ག་ནས་འཐོན་ནས་བསྒྲུབ་བྱའི་སྣ་བུག་གང་ནས་རང་གི་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་སྙིང་གའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཞུགས ་ཏེ་གཞུག་པར་བྱ་བ་དེའི་སྙིང་གའི་པདྨའི་སྐུའི་རང་བཞིན་ཟེ་འབྲུའི་བདག་ཉིད་གོ་སར་འཕྲོ་བར་བྱེད་པ། གསུང་གི་རང་བཞིན་སྦྲང་རྩི་འཐུང་བར་བྱེད་པ། ཐུགས་ཀྱི་རང་བཞིན་ཆུ་སྐྱེས་ཟི་བར་བྱེད་པོའོ།། དེའི་རྗེསུ་སྒྲུབ་པ་པོའི ་རང་གིས་རླུང་གིས་བཀུག་ནས་བསླ་བི་བྱིའི་སཱ། བུག་གཡས་ནས་འཐོན་ཏེ་བདག་གི་སྣ་བུག་ནས། སྙིང་གའི་ཨུཏྤ་ལ་ཆེན་པོའི་ཟེ་འབྲུ་ལ་ཞུགས་ནས་འདར་ཞིང་ལྷུང་ནས་སྐྲའི་རང་བཞིན་གྱི་ཟེ་འབྲ་སྤངས་ཏེ། གསུང ་གི་རང་བཞིན་གྱི་སྦྲང་རྩི་ཐུགས་ཀྱི་རང་བཞིན་གྱི་པདྨ་ནས་སྐྱུག་པར་བསམ་པར་བྱའོ།། སླར་ཡང་དེ་བཞིན་དུ་གྱུར་ཅིག་དེ་བཞིན་དུ་ཞུགས་ནས་དེ་བཞིན་ཉིད་དུ་བླངས་ཤིང་དེ་ཉིད་དུ་འོངས་ནས་ཤིན་ཏུ་སྐྱུག་པར་བསམ ་པར་བྱའོ།། དེ་བཞིན་དུ་ཡང་དང་ཡང་དུ་ཇི་སྲིད་རྗེ་སུ་ཚིགས་པར་མ་གྱུར་གྱི་བར་དུ་བལྟ་བར་བྱའོ།། རྗེ་སུ་ཆགས་པར་མཐོང་ནས་བརྗོད་པར་བྱ་བ་ཁོང་དུ་ཆུད་པར་བྱའོ།། ཁོང་དུ་ཆུད་པ་ལས་ཡང་ཇི་ལྟར་མངོན་པར ་འདོད་པའི་དོན་འགྲུབ་པར་འགྱུར་རོ།། འདིར་ཡང་འདི་བསྒོམས་ན་བུད་མེད་རྩེ་ཞིང་དགའ་བས་ཡིད་མྱོས་ཤིང་ལུས་གཡོ་བ་ཅན་སྒྲུབ་པ་པོའི་མིང་གིས་མཚན་པའི་ཚིག་རབ་ཏུ་སྦྱར་བས་དགའ་ཞིང་སྤྲོ་བར་བྱེད ་པར་འགྱུར་རོ།། གལ་ཏེ་སྐྱོ་ན་མཐོང་བ་ལས་མི་དགའ་ཞིང་དེའི་ཚེ་སྡུག་བསྔལ་ཆེན་པོ་ཉི་དུ་ལྟུང་བར་འགྱུར་བས་དེའི་ཕྱིར་དང་པོར་དེ་བཞིན་དུ་དམ་པ་མ་ཡིན་པ་དང་། ཕྱིན་ཅི་ལོག་གི་ཡུལ་སྤང་བར་བྱའོ།། ་སྤངས་ནཱ་སཱ་ཡང་བསྒོམ་པོ་ཞེས་བརྗོད་དོ།། བུང་བ་མྱོས་པའི་སྒྲུབ་ཐིབས་ཀྱི།། ཆོ་ག་བསྒྲུབ་པ་བསོད་ནམས་ནི།། གང་བསགས་དེ་ཡིས་སྐྱེ་བོ་རྣམས།། དཔལ་ལྡན་སྙིང་རྗེའི་སྟོབས་ལྡན་ཤིག། གང་ཞིག་བུད་མེད ་སྒེག་མའི་སྙིང་ག་ཡི།། ཆང་གིས་དགའ་བས་མྱོས་པར་བྱེད་པ་ལྟར།། རིན་ཆེན་མྱུ་གུས་ལེགས་པར་སྦྱར་བ་ཡིས།། བུང་བ་མྱོས་བྱེད་སྒྲུབ་ཐབས་དེ་ཡོས་སོ།། བུང་བ་མྱོས་པའི་སྒྲུབ་ཐབས་རྫོག་སྷོ།། ་