| Wylie | e-texts produced with BDRC’s OCR application |
འཁོར་དེའི་སྟེང་དུ་ཧྲཱིཿཡིག་དམར་པོ་ཡོངསུ་གྱུར་པ་ལས་བདག་ཉིད་འོད་དཔས་མེད་པའི་སྐུར་བསྒོམ་པར་བྱའོ།། ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་ལ་སྐུ་མདོག་དམར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས ་པའོ།། དེ་ནས་སྙིང་གར་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལོངས་པ། དེའི་རྭ་དབུས་མའི་རྩེ་མོ་ལ་ཨཱཿཡིག་དམར་པོ་བསྒོམ་པར་བྱའོ།། ལྕེའི་རྩེ་མོ་ལ་ཧྲཱིཿཡིག་དམར་པོ་ཞེས་སོ།། ངག་གི་སྒྲུབ་ཐབས ་རྫོགས་སོ།། ། རྒྱ་གར་སྐད་དུ། མ་ཧཱ་རཱི་ཛཱ་ལཱི་ལ་མཉྫུ་ཤྲཱི་སཱ་དྷ་ན། བོད་སྐད་དུ། འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པའི་སྒྲ་བོ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། སྔོན་མ་བཞིན ་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་པའི་སྟོང་པ་ཉིད་དུ་དམིགས་ནས་ཟླ་བ་ལ་གནས་པའི་མེ་ཡིག་གི་ས་བོན་ལས་སྐྱེས་པའི་འཕག་ས་པ་འཇམ་པའི་དབྱངས་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་བུ། གཞོན ་ནུ་ཟུར་ཕུད་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་ཨུཏྤ་ལཱ་བསྣམས་པ། ཕྱག་གཡས་ཕ་རོལ་པའི་སྟོབས་ཀྱི་སེང་གེ་ལ་བཞུགས་པ། པདྨ་དང་ཟླ་བའི་གདུན་ལ་བདག་ཉིད་སྐད་ཅིག་གིས་བསྒོམ ་པར་བྱའོ།། དེ་ནས་ཐལ་མོ་སྦྱར་ནས་མཛུབ་མོ་དག་དང་མིང་མེད་དག་གིས་སེན་མོ་བརྟེན་པི་ནི་ཨུཏྤ་ལ་ཁ་འབྱེད་པའི་ཕྱག་རྒྱའོ།། ཨོཾ་བཱ་གཱི་ཤྭ་རི་མུཿཞེས་པའི་སྔགས་བཟླས་པར་བྱའོ།། འཇམ་དཔལ་རྒྱལ་པོ་ཆེན་པོ ་རོལ་པའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། མནྟྲ་བྷཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་པའི་དཔལ་ལ་ཕྱག་འཚལ་ལོ།། དྲུག་པའི་ལྔ་པའི་ས་བོན་ལྔ་པའི་དབྱངས་ཀྱིས ་ཉེ་བར་མཛེས་པ་སྟོང་བས་མནན་པ། དེ་ལས་དེ་བཞིན་དུ་སྐྱེས་པའི་དཔལ་ལྡན་དཀོར་བི་འཇམ་པའི་དབྱངས་གཞོན་ནུ་ཟུང་པུད་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱི་བརྒྱན་པ། ཕྱག་གཉིས་པ་གཡོན་ན་ཨུཏྤ་ལེ་བསྣམས་པ། ་གཡས་པ་རོལ་པའི་སྟབས་ཀྱིས་སེང་གེའི་གདན་ལ་བཞུགས་པ། བདག་ཉིད་གཞོན་ནུའི་སྐུར་བསམ་པར་བྱའོ།། འདིའི་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་ནས། མཛུབ་མོ་དང་མིང་མེད་དག་བཀབ་པའོ།། སྙིང་ག་དང་། ་མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོར་དགོད་པར་བྱའོ།། ཨོཾ་བཱ་གཱི་ཤྭ་རི་མུཿའཇམ་དཔལ་གྱོ་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་སིདྡྷི་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། ་འཕགས་པ་དཔའ་བོ་གཅིག་ཏུ་གྲུཔཱ་པའི་སྒྲུབ་ཐབས། དཔལ་ལྗིན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། འོད་གསལ་སྟོན་ཀའི་ཟླ་བ་མཚུངས།། འཇམ་དཔལ་རྡོ་རྗེ་ལ་ཕྱག་འཛྭ་ལཾ། དེ་ཡི་སྒྲུབ་ཐབས་གསལ ་པོ་མཆོག། མདོར་བསྡུས་བདག་གི་བརྗོད་པར་བགྱི།། དང་པོར་རི་ཞིག་སྔགས་པོས་ཡིད་དང་འཐུན་ཞིང་གཙང་མའི་ས་ཕྱོགསུཾ་སྟན་བདེ་བའི་དབུསུ་འདུག་སྟེ། རང་གི་སྙིང་གར་ཨ་ཡིག་ལས་བྱུང་བའི་ཟླ་བ་ལ ་