CLOSE WINDOW

GT2284: dpa' bo gcig tu grub pa'i sgrub thabs
Wyliee-texts produced with BDRC’s OCR application

ཡིས་ངག་ནི་སྒྲུ་བ་བྱས་ནས།། ངག་གི་དབང་ཕྱུག་ཐོབ་པར་ཤོག། ངག་གི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། སིདྡྷ་ཀ་པཱི་ར་སཱ་དྷ་ནཾ།། བིདྱཱ་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ ་པའི་སྒྲུབ་ཐབས། འོཕགས་པ་འཇམ་དཔལ་ལྷོ་ཕྱག་འཚལ་ལོ།། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྦུབས་ཐབས་ཀྱི་དོན་དུ་མཎྜལ་གྲུ་བཞི་བྱས་ནས་དེའི་དབུསུ་ཨོཾ་བཛྲ་སཏྭ་སིདྡྷ་ཧཱུཾ་སྭཱ་ཧཱ། ཞེས་པས ་མེ་ཏོག་དབུལ་བར་བྱའོ།། ཤར་ལ་སོགས་པའི་ཕྱོགས་རྣམསུ་ཨོཾ་བཱི་ར་སཏྭ་ཨ་དྷིཥྛཱ་ན་ཧཱུཾ་སྭཱ་ཧཱུཾ། ཞེས་པས་མེ་ཏོག་དབུ་ལོ།། ཨོཾ་ཡཀྵ་ཡ་སིཏྭ་དྷི་ན་ཧཱུ~ཾ་ཧཱུ~ཾ་སྭཱ་ཧཱ། ཞེས་པས་མྱེ་ཏོག་དབུལ་ལོ།། ཨོཾ་ཛྙཱ་ན~ཾ་སཏྭེ་བཛྲ་ཧཱུཾ་སྭཱཧྣ། ་ཞེས་པས་མེ་ཏོག་དབུལ་ལོ།། དེ་བཞིན་དུ་སྤོས་ལ་སོགས་པ་དབུལ་ལོ།། ཤར་ལ་སོགས་པའི་ཕྱོགས་རྣམསུ་ཡང་། ཨ་ཡཱ་མནྟ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པཾས་མེ་ཏོག་དབུའོ།། ཨོཾ་པྲདྡྷཱ་ན་ཀཱ་ཡ་ཧཱུཾ་སྣེ་ཧཱ། ཞེས་པས་མི ་ཏོག་དབུའོ།། ཨོཾ་བདྨཱནྟ་ཀཱ་ཡཱ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ།། ཨོཾ་བིགྷྣཱནྟ་ཀྲཱ་ཡ་ཧཱུཾ་སྱཱ་ཧཱ། ཞེས་པས་མེ་ཏོག་དབུའོ།། མེ་ལ་སོགས་པའི་ཕྱོགས་མཚམས་རྣམས་སུ་ཨོཾ་ཊཀྐི་རཱ ་ཛཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པས་མེ་ཏོག་དབུའོ།། ཨོཾ་ནཱི་ལ་དཏྶ་ཡོཾ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལོ།། དེ་བཞིའདུ་ཨོཾ་མ་ཧཱ་བྷྲྀ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་དང་། ཨོཾ་ཨ་ཙ་ལཱ་ཡཱ་ཧཱུཾ་སྭཱ་ཧཱུ~ཾ། ཞེས་པས་མེ་ཏོག་དབུལ་བར་བྱའོ།། ཞེས ་པས་མཎྜ་ལཾ་ཇི་ལྟར་རིགས་པར་མཆོད་པར་བྱའོ།། ནང་གི་མཆོད་པས་ཀྱང་།། སྤྱོད་ལམ་གཙང་མར་བྱས་ནས་ཡིད་དང་མཐུན་པའི་ས་ཕྱོགསུ་སྟན་བདེ་བར་འདུག་སྟེ། རང་གི་སྙིང་གར་བཾ་ཡིག་དཀར་པོ་ཡོངསུ་གྱུར་པ ་ལས་པདྨ་དཀར་པོའི་ཟེ་འབྲུ་ལ་ཨ་ཡིག་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོ་ཡིག་དཀར་པོ་ལཱ་ཁ་དོག་ལྔའི་འོད་ཟེར་བསྒོམ་པར་བྱའོ།། དེ་ལས་བྱུང་བའི་འོད་ཟེར་གྱིས་རྐང་པའི་མཐིལ་ནས་སྐྲའི ་རྩེ་མོའི་མཐར་ཐུག་པ་ཁྱབ་པར་བསྒོམས་ཏེ། འོད་ཟེར་གྱི་སྣང་བས་ཕུང་པོ་ལྔ་པོ་རྣམ་པར་སྦྱངས་ཏེ། ཐོག་མ་མེད་པའི་དུས་ནས་འདོད་ཆགས་དང་ཞེས་སྡང་དང་གཽཏི་མུག་ལ་སོགས་པས་བསགས་པ་དེ་རྣམས ་མེད་པར་བྱས་ནས། དེ་ནས་ཕུང་པོ་ལྔ་པོ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པར་བྱའོ།། དེ་ནས་དེ་རྣམས་ཀྱི་འོད་ཟེར་ས་བོན་གྱི་ཡི་གེ་ལ་ཞུགས་པར་བསམ་པར་བྱའོ།། དེ་ནས་སེམས་ཅན་རྣམས་ཀྱི ་རྒྱུད་དྲི་མ་མེད་པར་བྱས་ནས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱ་སྟེ། དེ་ནས་འགྲོ་བ་རྣམས་ལ་བུ་གཅིག་པ་བཞིན་དུ་དགའ་བ་ནི་བྱམས་པའི་མཚན་ཉིད་དོ།། སྡུག་བསྔལ་དང་སྡུག ་བ་སྔལ་གྱི་རྒྱུ་བས་ཡང་དག་པར་བསལ་བར་འདོད་པ་ནི་སྙིང་རྗེའོ།། བྱ་བ་ཡང་དྲག་པར་འགྲུབ་པའི་ཐབས་མཐོང་བ་ལས་རབ་ཏུ་དགའ་བའོ།། འབའོ།། འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ལ་བཏང་སྙོམ་སུ་བྱེད་པ་ནི་བཏང ་སྙོམས་སོ།། ཞེས་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ།། ས་བོན་གྱི་ཡི་གེ་ལས་འཇམ་དཔལ་དབྱངས་ཀྱི་སྐུར་བདག་བསྐྱེད་ཅིང་བཟུང་བར་བྱའོ།། ཡང་ས་བོན་གྱི་ཡི་གེ་ལས་འོད་ཟེར་མཐོན་ཏེ། འགྲོ་བ་དྲུག་གི ་སེམས་ཅན་གྱི་འདོད་ཆགས་དང་ཞེ་སྡང་དང་གཽཏི་མུག་དོང་། ང་རྒྱལ་ལ་སོགས་པའི་ཉེས་པ་ཐམས་ཅད་བཅོམ་སྟེ། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རྣམས་མེད་པར་བྱས་ནས་འོད་ཟེར་རྣམས་སླར་ལོག་སྟེ། ས ་བོན་གྱི་ཡི་གེ་ལ་གཞུག་པར་བྱའོ།། ཡེང་ས་བོན་གྱི་ཡི་གེ་ལུས་འོད་ཟེར་རྣམས་བྱུང་སྟེ། སེམས་ཅན་གྱི་ཁམས་ཡོངསུ་སྦྱངས་ཏེ། རང་གི་འོད་ཀྱིས་སྣང་བའི་འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྐུས་ན་མཁའི ་མཐིལ་གང་ནས་འོད་ཟེར་རྣམས་སླར་ལོག་ནས་རང་གི་ས་བོན་ལ་རབ་ཏུ་གཞུག་པར་བྱའོ།། ཡང་ས་བོན་གྱི་ཡི་གེའི་འོད་ཟེར་བྱུང་ཞིང་འཕྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱིངས་དཔའ ་པོ་གཅིག་ཏུ་གྲུབ་པ་ལ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་ནས་མཁས་པས་རབ་ཏུ་དང་བར་བྱའོ།། དེ་ནས་དེ་རྣམས་ཀྱི་མདུན་དུ་སྡིག་པ་བཤགས་པ་དང་། མི་བྱེད་པའི་སྡོམ ་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། བདག་ཉིད་དབུལ་བ་དང་། ལམ་ལ་བསྟེན་པོ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས ་བྱས་ནས། ཕྱི་ནས་མཆོད་པའི་ལྷ་མོ་རྣམས་ས་བོན་གྱི་ཡི་གེ་ལ་གཞུག་པར་བྱའོ།། ཕྱི་ནས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི།། ཇི་ལྟའི་དོན་མཛད་དངོས་གྲུབ་སྩོལ།། རྗེས་འཇུག་སངས་རྒྱས་ཡུལ་གཤེགས་ཀྱང ་སླར་ཡང་འདིར་ནི་འབྱོན་པར་ཞུ།། མུཿཞེས་པས་གཤེགསུ་གསོལ་ལོ།། འདིའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་རྣལ་འབྱོར་པས་འགྲོ་བ་རྣམས་ལ་ཀུན་ནས་བགྲང་བར་བྱའོ།། གང་ལྔ་འདིར་བུམ་པ་དང་། ་སྣམ་བུ་དང་། ཤིང་རྟ་དང་། གནས་དང་། ལྷ་ཁང་དང་། རི་ལ་སོགས་པ་མི་གཡོ་བ་དང་། གཡོ་བ་རྣམས་དེ་ཐམས་ཅད་གཟུགས་བརྙན་ཙོམ་སྟེ། རྣམ་པར་རྟགས་ན་གཟུགས་བརྙན་དང་། སྒྱུ་མ་དང་། རྨི་ལམ་ལྟ་བུའོ།། ་བི་དག་ཀྱང་རང་བཞིན་མེད་པ་རྨི་ལམ་ལྟ་བུ་ཞེས་པས་སྟོང་པ་ཉིད་བསྒོམ་ཞིང་སྟོང་པ་ཉིད་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ།། ཨོཾ་སྭཾ་བྷ་བ་ཤུདྡྷཿསརྦ་དྷརྨྨཿསྭ་བྷཱ་བ་ཤུདྡྷོ&ཧཾ། ཞེས་བསམས་ནས་རང་བཞིན ་ལུས་ཀྱི་ང་རྒྱལ་སྤངས་ཏེ་ངོ་མཚར་བའི་སྤྱོད་པ་ཙམ་གྱིས་གནས་པར་བྱའོ།། ཕྱི་ནས་བསམ་པར་བྱ་སྟེ། ཅིའི་ཕྱིར་བདག་ཉིད་སྟོང་པ་ཉིད་ལ་གནས་ན་བདག་གིས་འགྲོ་བ་རྣམས་ཀྱི་དོན་བྱའོ་ཞེས་དེ་བཞིན་དུ་བསམ ་པར་བྱའོ།། དེའི་སྙིང་གར་པཾ་ཡིག་དཀར་པོའི་གཟུགས་བལྟའོ།། དེ་ཡོངས་སུ་གྱུར་པ་ལས་པདྨ་དེའི་ཟོ་འབྲུ་ལ་ཨོཾ་ཡིག་ཡོངསུ་བྱུང་བ་ལས་ཟླ་བའི་དཀྱིལ་འཁོར་ལ་ཨེ་ཡིགེ་ལ་སྩོགས་པའི་དབྱངྱས་ཡིག་བཅུ་དྲུག ་པོ་ཡཽནྟ་ཏཱན་ཉིས་འགྱུར་དུ་བྱས་པ་ནི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའོ།། དེ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེའི་སྟེང་དུ་ཨཾ་ཡིག་དཀར་པོ་བསྒོམ་པར་བྱའོ།། ཨོཾ་དཪྴ་ཛྙཱ་ནཱ་སྭ་བྷཱ་བཾ ་ཨཱཏྨ་ཀེ་ཧ~ཾ། ཞེས་བརྗོད་པར་བྱའོ།། དེ་ནས་ཀ་ཡི་ག་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་ལོ་ཡི་གེ་དྲུག་ཞུགས་ཏེ་ཡི་གེ་བཞི་བཅུ་ཡིན་ཏནི་ཉོས་འགྱུར་བྱས་པ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པའོ།། དེའི་སྟེང ་དུཟླ་བའི་དཀྱིལ་འཁོར་གཉིས་པའོ།། དེ་དག་གི་རང་བཞིན་གཅིག་ཏུ་མཉམ་པོ་ཉིད་དེ་ལས་མཉམ་པ་ཉྀད་ཀྱི་ཡེ་ཤེས་དང་ལྡན་པ་སྟེ། ས་མ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀྵོ་ཧཾ་ཞེས་བརྗོད་པར་བྱའོ།། ཟླ་བའི་དཀྱིལ་འཁོར་གྱི་སྤྱོང ་དུ་ཨོཾ་ཡིག་བསྒོམ་པར་བྱའོ།། དེ་ཡོངསུ་གྱུར་པ་ལས་རྒྱུ་དང་འབྲས་བུར་གྱུར་པའི་ཨུཏྤ་ལ་སྔོན་པོ་བསྒོམ་པར་བྱའོ།། དེའི་ཟེ་འབྲུ་ལ་ཟླ་བ་ལ་གནས་པའི་ཨཾ་ཡིག་བསྒོམ་པར་བྱའོ།། དེ་ནས་སོ་སོར་རྟོག་པའི་ཡེ་ཤེས ་དང་ལྡན་པ་སྟེ། པ་ཏྱ་བེཀྵ་ཎ་ཛྙཱ་ན་སྭ་བྷཱ་བ་ཨཏྨ་ཀོ་ཧ~ཾ། ཞེས་བརྗོད་པར་བྱའོ།། དེ་ནས་ས་བོན་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་གྱིས་འགྲོ་བ་དྲུག་གི་སེམས་ཅན་རྣམས་བཀུག་ནས་དེ་དག་དཔའ་བོ ་གཅིག་ཏུ་གྲུབ་པའི་སྐུར་བསྐྱེད་ནས། བདག་ལ་བླངས་ཏེ་ལུས་ལ་ཞུགས་ནས་འཇམ་དཔལ་གྱི་བདེ་བ་ཇི་ལྟ་བ་ལ་ལོ་ངས་སྤྱོད་པའོ།། མགྲོན་དུ་གཉེར་བ་དེ་རྣམས་འོད་ཟེར་གྱི་ས་བོན་ལ་གཞུག་པར་བྱའོ།། དེ་ལ་བྱ་བ ་གྲུབ་པའི་ཡེ་ཤེས་དང་ལྡན་པ་སྟྭཾ། ཀྲཱི་ཏྱཱ་ནུཉྫན་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀ་ཧཾ། ཞེས་བརྗོད་པར་བྱའོ།། དེ་ནས་ས་བོན་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་འཕྲོས་པས་འགྲོ་དྲུག་གི་སེམས་ཅན་རྣམས་བཀུག་ནས་ས་བོན་གྱི ་ཡི་གེ་བཞུགས་ཏེ་རོ་མཉམ་པར་གྱུར་ནས་སཾ་བློན་གྱི་མཚན་མ་རྣམས་ཕ་རོལ་ལས་འཁོར་ཏེ་དཔའ་བོ་གཅིག་ཏུ་གྲུབ་པའི་བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ཟླ་བ་འཐུང་བ་ལ་བརྟན་པ། འགྲོ་བ ་རྣམས་འོད་ཀྱིས་སྣང་བར་མཛད་པོ། ཕྱག་གཉིས་པ། ཞལ་གཅིག་པ། སྐུ་མདོག་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ལྷའི་རྒྱན་གྱིས་བརྒྱན་པ། ཟུར་ཕུད་ལྔས་དབུ་ལ་བརྒྱན་པ་འོད་ཟེར་སྣ་ཚོགས་པའི་ནང ་ན་བཞུགས་པ། ཕྱག་གཡོན་ན་ཨུཏྤ་ལ་བསྣམས་པ། གཡས་པ་མཆོག་སྦྱིན་པ། ཐུགས་ཀའི་པདྨོ་དཀར་པོ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཨ~ཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ། དེའི་ཟེ་འབྲུ་ལ་ཟླ ་གནས་པའི་ས་བོན་གྱི་ཡི་གེ་དེ་ལས་བྱུང་བའི་འོད་ཟེར་གྱིས་མཆོད་པའི་ལྷ་རྣམས་སྤྲོ་བར་བྱ་སྟེ། ཕྱག་གཉིས་པ་སྐུ་མདོག་དཀར་པོ་ལྷའི་ཆུས་ཡོངསུ་གང་བའི་བུམ་པ་ཕྱུག་ན་བསྣམས་པ། དཔལ་ལྡན་དཔའ ་གཅིག་ཏུ་གྲུབ་པ་རྒྱལ་བར་གྱུར་ཅིག། རྒྱལ་བར་གྱུར་ཅིག་ཅེས་བརྗོད་ཅིང་བཅོམ་ལྡན་འདས་ལ་ཁྲུས་གསོལ་བར་བྱེད་པའོ།། དེ་ནས་བཅོམ་ལྡན་འདས་ཀྱི་དབུ་ལ་མི་བསྐྱེད་པའོ།། ལྷ་རྣམས་ཀྱི་མཆོད་པ་ཡང ་བྱེད་པའོ།། དེ་ནས་ཆོས་ཀྱི་དབྱིངས་རྣམ་བྱར་དག་པའི་ཡེ་ཤེས་དང་ལྡན་པ་སྟེ། སུ་བི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ཞེས་བརྗོད་པར་བྱའོ།། དཱི་ལྟ་བུའི་བཅོམ་ལྡན་འདས་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པར་བྱའོ། ་བོསྒོམས་པའི་མཐར་བདྷཱུས་བཱ་བྱའོ།། ཨོཾ་བཛྲཱ་ཏཱིཀྵྞ་དུཿཁཱཏྤཱ་ད་པཱུཛྙཱ་རྡྷེ་ན་མུརྡྷ་ཡ་ཛྙཱ་ན་ཀཱ་ཡཽ་བྷྲྀ་གཱི་ཤྩཱ་རེ་ཨ་ར་བཱནྡྷ་ཡཱ་ཏི་ན་མཿའགའ་ཞིག་ཏུ་ཨོཾ་བཱཀྱཾ་དཾ་ནཾ་མཿཞེས་བཟླ་སེ་ནས་མཐར་བསྟོད་པ་དང་། མཆོད་པ་དང་། སྨོན ་ལམ་བཏབ་ནས་ལྡང་བར་བྱའོ།། ལྷ་རྣམས་ཀྱི་ང་རྒྱ་ལྔ་གྱིས་འཇིག་རྟེན་པ་ཐམས་ཅད་ཀྱི་དོན་བྱེའོ།། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུ་བཱ་པའི་ཐབས་རྫོགསོ།། །། རྒྱུ་གར་སྐད་དུ ་