| Wylie | e-texts produced with BDRC’s OCR application |
ཤོག། ཨ་ར་པ་ཙ་ནིའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གོར་སྐད་དུ། བཱ་ག་སཱ་དྷ་ནཾ། བོད་སྐད་དུ། ངག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ཉེས་པའི་དྲྀ་འཇོས ་དཔལ་ལྡན་རྡོ་རྗེ་ཆོས།། ངག་གི་དཀྱིལ་འཁོར་འོད་ཟེར་དྲ་བ་འཕྲོ།། རྫོགས་སངས་ཀུན་གྱི་གསུང་གི་རང་བཞིན་ལ།། ཕྱག་འཚལ་ནས་ནི་ངག་གི་སྒྲུབ་ཐབས་བཤད།། མཁས་པས་བརྩོན་འགྲུས་རླུང་གིས་རབ་བསྐྱོད་ནས།། ་སྔགས་ཀྱི་རང་བཞིན་རྣམ་ངག་གཟུགས་བརྗོད་ཅིང་།། འཇིག་རྟེན་ཚོགས་པ་འདི་རྣམས་སྒྱུ་མ་དང་།། སྨིག་རྒྱུ་ཆུ་ཟླའི་རྟོག་པ་བཞིན་དུ་བསྒོམ།། པཾ་ཡིག་ས་བོན་ལས་བྱུང་སྣ་ཚོགས་པད།། བསྒོམ་བྱ་རྣམ་པར་དག་པ་ཀུན་གྱི ་གཟུགས།། ཨཾ་ཡིག་ལས་སྐྱེས་འོད་ཟེར་མཐའ་ཡས།། རྣམ་དག་ཟླ་བ་ཆ་ཤས་ཀུན་རྗེག་ས་པ།། སླར་ཡང་གསང་བ་མཆོག་གྱུར་དག་པ་ཡི།། ས་བོན་ཡི་གེ་འོད་ཟེར་དྲ་བར་འགྱེད།། བནྡྷའི་མེ་ཏིག་འོད་ཟེར་དང་མཚུངས་པའི ་ངག་གི་སྤྲོས་པ་བརྐྱང་མཛད་རྒྱ་གཅིག་པོ།། ས་བོན་ལས་བྱུང་སྐྱོན་དུ་མ་གྱུར་པའི།། ཏིང་འཛིན་ཕྱག་རྒྱ་ཚིམ་མཛད་པདྨའི་ཕྱག། བརྩེ་བས་སྔོན་དགའ་རྡོ་རྗེའི་གདན་ལ་བཞུགས།། རྡོ་རྗེའི་ཚོགས་པ་དཔལ་ལྡན་ཡོངས་དག་ཆགས ་པ་སྤུའི་ཁུང་པུ་ལས་བྱུང་སངས་རྒྱས་ཀྱི།། སྤྲིན་ཚེགས་དྲ་བ་འགྲོ་ལ་ཕན་པར་མཛད།། འགྲོ་བ་རྣམས་ཀྱི་རང་བཞིན་ཐམས་ཅད་ཀྱང་།། ཤིན་ཏུ་རྣམ་དག་བློ་ཡིས་བསྒོམ་པར་བྱ།། སྙིང་གར་ཟླ་བའི་དཀྱིལ་དུ་རྡོ་རྗེ་ཡི།། འོད་ཟེར ་དྲ་བ་ས་འཇིག་རྟེན་ཀུན་གསལ་བལྟ།། མ་ན་པཾ་ཧཱུཾ་ཡིག་ལས་ནི་སྐྱེས་གྱུར་པ།། སྒྲ་ལྔའི་བདག་ཉིད་ལས་བྱུང་སངས་རྒྱས་སྤྲིན།། དེ་དབུས་རྩེ་མོ་འཕྲོ་བའི་མེ་ཡི་ཁྲོ།། སྐུ་གནས་སྲིད་པ་གསུམ་པོ་སྣང་བར་མཛད།། འབྱུང་པོའི ་རྒྱུད་ཀྱི་སྡུག་བསྔལ་མུན་ཁྱབ་རྣམས།། ཡི་གེ་ཆེན་པོས་གང་བ་རྣམ་པར་འཇོམས།། བརྗོད་པ་རབ་མཛེས་འོད་ཟེར་གྱིས་ཁྱབ་པས།། དྲི་མེད་ཉི་མ་འཆར་ཀ་དགའ་བས་ཚེགས།། ལྗགས་སྐྱེས་ལེགས་གསུངས་ཤེས་རབ ་མཆོག་གིས་སྤྱིངས།། རྡོ་རྗེ་ལས་བྱུང་སྡིག་པ་རྣམ་མཛེས།། དེ་ཡི་རྩེ་མོར་གཡོ་ཞིང་རབ་ཆགས་པའི།། འོད་ཟེར་རྒྱ་ཆེན་དེ་ཉིད་བསྣམ་པར་བྱ།། བདག་གི་བརྩོན་འགྲུས་མཐུ་ཡིས་གཞན་ཟིལ་ནོན།། ་མཆོག་གི་མཐུ་ལྡན་རྒོལ་བླ་ངེས་པར་འཇོམས།། སྐད་ཅིག་ལྷ་གོམས་སྟོབས་ལས་སྐྱེས་གྱུར་པ།། ངག་འགྲུབ་དངོས་གྲུབ་རྣམས་ནི་ཉེར་ཐོབ་འགྱུར།། ཚིགས་བཅད་རྐྱང་པས་རྟག་ཏུ་སྨྲེ་འགྱུར་ཞིང་།། རྣལ་འབྱོར ་བསྟན་བཅོས་སྣ་ཚོགས་རིག་པ་དང་།། བསྟན་བཅས་སྣ་ཚོགས་ངེས་པར་རྩོམ་འགྱུར་ཞིང་།། རང་ཉིད་འགྲོ་བའི་ཆེད་དུ་དོན་ཆེར་འགྱུར།། གཞན་གྱི་སེམས་ཀྱིས་འཇུག་པའང་འདུ་ཤེས་འགྱུར།། ཆགས་སོགས་སྡིག ་པ་རྣམས་ཀྱང་དེ་ཡིས་འཇོམས།། དེ་ལ་ཏིང་འཛིན་བརྟ་ནི་པ་ཐོབ་གྱུར་ནས།། ཤིན་ཏུ་ཕྲ་ཞིང་རྣོ་འཕྲོ་ངེས་པ་ཡིས།། སངས་རྒྱས་གོ་འཕང་ཀུན་ཐོབ་གཟུགས་འཛིན་འགྱུར།། དེ་དག་འདིར་ནི་རྣམ་པར་སྤྱད་བྱ་མིན།། ་རྣལ་འབྱོར་གྲོམས་པར་གྱུར་ན་སྐྱེས་བུ་ཡིས།། འབྱུང་དང་མ་བྱུང་བ་རྣམས་མདུན་གནས་འགྱུར།། འདོད་པས་འཁྲུགས་བཞིན་དགའ་བཞིན་ཆགས་པ་ཡིས།། སེམས་ཀྱི་རྗེས་འཇུག་སྦྱོང་བ་དང་ལྡན་འགྱུར།། འདི ་བྱིས་བདོག་གིས་དགེ་བ་ཉེར་བས་གས་གང་།། འགྲོ་རྣམས་རྒྱལ་བའི་དབ་འཛིན་གྱུར་ཅིག། རི་བོང་འཛིན་པའི་འོད་ཟེར་ཡིད་འོང་ཉེ་བ་ཡིས།། མྱ་ངན་ཟུག་རྔུ་ཡིད་འཇིགས་དང་བྲལ་ཤོག། རྒྱུན་མི་འཆད་པས་དག ་ལ་ཡིད་ཆགས་པས།། བློ་མཆོག་ལས་བརྙེད་བདེ་བའི་མན་ངག་གིས།། རང་བཞིན་འདི་ཡིས་པདྨའི་རིགས་འཇུག་ཅིང་།། དཔལ་ནི་རྗེས་འཇུག་ཏིང་འཛིན་དགའ་བས་དེས།། བདག་ཀྱང་ལེགས་པའི་སྐྱེ་བོ་སྲིད་རྩེ་འདིས།། ། ་འབར་བའི་ཕྲེང་བའི་དབུས་ཀྱི་སྐུར་གྱུར་ཅིག། བླ་མ་མཆོག་གི་རྩེ་བས་ཐོད་ཕྲེང་གི། ཆུ་འཛིན་གྱི་གང་མངོན་རོལ་དཔལ་ཚོགས་ཤོག། ངག་གི་སྒྲུབ་ཐབས་མཆོག་གྱུར་པ།། སྐྱེ་བོས་བཟང་པོ་ལོགས་སྦྱར་བ།། འདི ་ཡིས་ངག་ནི་སྒྲུ་བ་བྱས་ནས།། ངག་གི་དབང་ཕྱུག་ཐོབ་པར་ཤོག། ངག་གི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། སིདྡྷ་ཀ་པཱི་ར་སཱ་དྷ་ནཾ།། བིདྱཱ་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ ་