CLOSE WINDOW

GT2280: sems can thams cad dbang du byad pa'i ting nge 'dzin
Wyliee-texts produced with BDRC’s OCR application

སརྦ་སཏྭཱ་ན་ཧོཿཞེས་སོ།། ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག་རྫོགས་སོ།། ། རྒྱ་གར་སྐད་དུ། སརྦ་སཏྭ་པ་ཤཱི་ཀཱ་ར་ཎ་ས་མཱ་དྷི། ་བོད་སྐད་དུ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཏིང་འཛིན། འཇམ་དཔལ་མགོན་པོ་ལྔ་ཕྱག་འཚལོ།། སྟོང་པ་ཉིད་སྒོམ་པ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧོ་ཡིག་ལས་བདག་ཉིད་བསྐྱེད་དེ། ་ཚོགས་པ་ཆེན་པོའི་གཟུགས་དཀར་དམར་སྒྲོག་པའི་ཉམས་འབར་ཕ་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་བཞི་པ། ཕྱག་བརྒྱད་པའོ།། དང་པོའི་ཞལ་དཀར་དམར་བ། གཡས་གུར་ཀུམ་ལྟར་དམ་བ། རྒྱབ ་པདྨ་རཱ་ག་ལྟར་དམར་བ། གཡོན་དམར་སེར་རོ།། རྩ་བའི་ཕྱག་གཉིས་ཀྱིས་གཞུ་དང་མདའ་བསྣམས་པ། ཡང་ཕྱི་མ་དག་གོས་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། དེ་བཞིན་དུ་ཕྱི་མ་དག་གིས་ཤེས་ཀྱི་ཕ་རོལ ་ཏུ་ཕྱིན་པའི་པོ་ཏཱཾ་དང་རལ་གྲི་བསྣམས་པ། ཡང་དེ་བཞིན་དུ་ཕྱི་མ་དག་གིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་བསྒོམ་པོར་བྱའོ།། ཅོད་པན་ལས་འོད་ཟེར་བྱུང་སྟེ། སྟེང་དུ་སྟོང་ནས་སྣང་བར་བྱོས་ཏེ་མཆོག་གི་དམར་པོ་ཆེན ་བོའི་སྐུར་བལྟའོ།། ཇི་ལྟར་ཤར་དིང་ལྷོ་དང་ནུབ་དང་བྱང་དང་འོག་གི་ཕྱོགས་རྣམསུ་གནས་པ་རྣམས་ལ་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའི་འོད་ཟེར་གྱི་རྐང་པ་རྣམས་ཀྱིས་གང་ནས་རྗེ་སུ་ཆགས་པས ་རང་གི་དབང་དུ་གནས་པར་ཡིད་ཀྱིས་བསྡམ་ནས་དེ་ནས་སྔགས་བཟླས་པར་བྱའོ།། ཨོཾ་མ་ཧཱ་རཱ་ག་ཡ་ས་རྦ་སཏྭཱ་ན་ཧོཿདེ་ནས་སེམས་ཅན་ཐམས་ཅད་ངེས་པར་དབང་དུ་འགྱུར་རོ་ཞེས་པའི་ངེས་པ་ཤིན་ཏུ་བསྒོམས ་པས་ཆགས་པ་ཆེན་པོའི་གཟུགས་ཀྱི་སྐུའི་མཆོག་འཇམ་པའི་རྡོ་རྗེའོ།། སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཚེ་ཏི་ངེ་འཛིན་རྫོགས་སོ།། ། རྒྱུ་གར་སྐད་དུ། དྷརྨ་དྷ་ཏུ་བཱ་གི་ཤྭ་ར ་སཱ་དྷ་ནཾ། བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་བསྒོམས་ནས། ཆུའི་དཀྱིལ་འཁོར་ལ་པདྨ་དཀར་པོ་འདབ་མ ་བརྒྱུད་པའི་ཟླ་འབྲུ་ལ་འཆི་བ་འཇོམས་པ་ཆོས་ཐམས་ཅད་ལྷག་པར་གྲོལ་བ་ཞེས་པའོ།། ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོ་ཡོངསུ་གྱུར་པ་ལས་ཞལ་གཅིག་ཕྱག་གཉིས་པ་མདོག་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་གི་སྟེང་དུ ་ཕྱུགཽ་ཏི་འཛིན་གྱི་ཕྱག་རྒྱ་ཅན། གཞོན་ནུ་ཐམས་ཅད་ཀྱིས་བརྒྱན་པ། ཟུང་ཕུང་ལྷ་དང་ལྡན་པའི་རྗེ་བཙུན་འཇམ་དཔལ་གྱི་སྐུར་བདག་ཉིད་སྐད་ཅིག་གིས་བསྐྱེད་ནས། རང་གི་སྙིང་གར་ཟླ་བ་དང་པདྨའི་སྟོང་ཁཾ་ཡིག་ལས ་སྨྱོས་པའི་དུང་། དེའི་དབུས་སུ་ཨོཾ་བཛྲ་ཛི་ཧེ་རཾ་ཞེས་པས་རྡོ་རྗེའི་ལྕེའོ།། ལྕེའི་སྟེང་པོ་དུ་རིན་པོ་ཆེ་དང་པདྨ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་བསམ་པར་བྱའོ།། རང་གི་རྐན་གྱི་ཕྱོགས་སུ་ཁ་ཐུར་དུ་བསྟན་པ་བདུད་རྩི ་