CLOSE WINDOW

GT2279: chos kyi dbyings ngag gi dbang phyug gi sgrub thabs kyi dbang du bya ba'i cho ga
Wyliee-texts produced with BDRC’s OCR application

རྐྱེ་གརོ་སྐད་དུ། དྷེརྨཱ་དྷ་ཏུ་བཱ་གཱི་ཤྭ་ར་སཱ་དྷ་ན་བ་དེ་བྱ་བི་དྷི། བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག། འཕགས་པ་འཇམ་དཔལ་ཕྱག་འཚལ་ལོ།། སྔོན་དུ་གསུངས་པའི་ཆོ་གས ་འདོདིར་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་པདྨ་དང་ཟླ་བ་ལ་གནས་པའི་ཧཾ་ཡིག་དམར་པོ་ཡོངས་སུ་གྱུར་པོ་ལས་ཕྱག་བརྒྱད་པ། ཞལ་བཞི་པ། རྩ་བའི་ཞལ་དཀར་དམར། གཡས་ཀྱི་གུར་གུམ་ལྟར་དམར་བ། རྒྱབ་ཀྱི་པདྨ་རཱ་ག ་ལྟར་དམར་བ། གཡོན་གྱི་དམར་སེར་རོ།། རྩ་བའི་ཕྱག་གཉིས་ཀྱིས་གཞུ་དང་། མདུའ་བསྣམས་པ། ཕྱི་མྱ་དག་གིས་ཞུགས་པ་དང་། ལྕགས་ཀྱུ་བསྣམས་པ། ཡང་ཕྱི་མ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པི་ཏི་དང ་རལ་གྲི་བསྣམས་པ། དེ་བཞིན་དུ་ཕྱི་མ་དག་གིས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ།། ཚིགས་པ་ཆེན་པོས་སྐྲག་པའི་ཉམས་འབར་བཾ། སྣ་ཚོགས་པདྨ་དང་ཟླ་བ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ལྷའི་གོས་དང་རྒྱན ་དང་འོད་དཔག་ཏུ་མེད་པ་དང་རལ་པོའི་ཅོད་པན་གྱིས་བརྒྱན་པ། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་སེམས་ཅན་རྣམས་བཀུག་ནས་རང་དབང་བའི་གནས་ལ་བཀོད་དེ་སྔགས་བཟླས་པར་བྱའོ།། ཨོཾ་མ་ཧཱ་རཱ་ག་བཛྲ་རཱ་ག་ཡ ་སརྦ་སཏྭཱ་ན་ཧོཿཞེས་སོ།། ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག་རྫོགས་སོ།། ། རྒྱ་གར་སྐད་དུ། སརྦ་སཏྭ་པ་ཤཱི་ཀཱ་ར་ཎ་ས་མཱ་དྷི། ་