| Wylie | e-texts produced with BDRC’s OCR application |
དུ་རང་གི་ལྷ་རྣམས་མཆོད་པའི་བོསམ་པས་ཇི་ལྟར་བདེ་བར་ལོངས་སྤྱད་པར་བྱའོ།། འཛོམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲིབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། དྷརྨྨ་དྷཱ་ཏུ་བཱ་གཱི་ཤྭ་ར་སཱ་དྷཱ་ནཱཾ། ་བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་སྒྲུབ་ཐབས། འཕགས་པ་ལ་རྔམ་དཔལ་ལ་ཕྱག་འཚལོ།། དེ་ཁོ་ན་ཉིད་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་བསྒོམས་པའི་རྗེ་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཨ་ཡིག་དཀར་པོའི་ས ་བོན་ལས་དཔལ་ལྡན་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་ཡན་ལག་ཐམས་ཅད་དཀར་པོ་ཞལ་བཞི་པ། ཕྱག་བརྒྱད་པ། སངས་རྒྱས་ལྷ་དང་རིན་པོ་ཆེའི་ཅོད་པན་གྱིས་དབུ་བརྒྱན་པ། ལྷའི་རྒྱན་དང་གོས་དང་སྒེག་པ་ལ་སོགས ་པའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱི་འཁོར་ལོའི་ཕྱག་རྒྱས་མཚན་པ། རལ་གྲི་དང་། མངའ་དང་། རྡོ་རྗེ་ནི་གཡས་ཀྱི་ཕྱག་གསུམ་ནའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏཱི་དང་། གཞུ་དང་། དྲིལ་བུ་ནི་གཡོན ་གྱི་ཕྱག་གསུམ་ནའོ།། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ལྡན་པར་བདག་ཉིད་བསྐྱེད་ནས། སྙིང་གོར་ཟླ་བ་ལ་ཧཱུཾ་སྔོན་པོ་ལས་སྐྱེས་པའི་ས་བོན་དང་བཅས་པའི་རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ།། སྨིན་མཚམས་སུ་ཏཱཾ་ཡིག་སེར་པོ་ལས་ས་བོན་དང ་བཅས་པའི་རིན་པོ་ཆེ་ནི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ནོ།། མགྲིན་པར་ཧྲཱིཿཡིག་དམར་པོ་ལས་སྐྱེས་པའི་ས་བོན་དང་བཅས་པའི་པདྨ་ནི་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་ནོ།། སྤྱི་བོར་ཨཱཿཡིག་ལྗང་གུ་ལས་སྐྱེས་པའི་ས་བོན་དང་བཅས་པའི ་སྣ་ཚོགས་རྡོ་རྗེ་ནི་ལས་ཀྱི་ཕྱག་རྒྱའི་རང་བཞིན་ནོ།། འདིར་ཕྱག་རྒྱ་བཞི་དང་ལྡན་པ་བདག་ཉིད་བསྒོམ་པར་བྱའོ།། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བྷུན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་པ་ཙ་སརྦ་དྷརྨཱ་གཽ་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་པའི ་སྡིགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་རྡོ་རྗེའི་ཁུ་ཚུར་བཅིངས་ལ་གུང་མཱཾ་གཉིས་ཀྱི་ཚིགས་གསུམ་པོ་ནི་རལ་གྲིའི་རྣམ་པོར་གཟུང་ནས་མཛུབ་མོ་གཉིས་མཐེབ་ཆེན་ལངས་པའི་སྟེང་བཀུག་ནས་བཟུང་བ་ནི་དམ་ཚིག་གི ་ཕྱག་རྒྱའོ།། དེ་ནས་རང་གི་ལྕེ་ལ་ཟླ་བ་ལ་གནས་པའི་ཧྲིཿཡིག་དམར་པོའི་ས་བོན་གྱིས་བྱིན་གྱིས་བརླབ་པར་བསམ་མོ།། ཁྲོ་བོའི་ངག་གིས་སྔགས་བཟླས་པར་བྱའོ།། དེ་ལ་འདིའི་བཟླས་པའི་སྔགས་ཀྱི་ཨོཾ་བཛྲ་ཏཀྵྞ་དུཿཁ་ཙྪེ་ད་པྲཛྙཱ ་ཛྙཱན་མཱུརྟ་ཡེ་ཛྙཱ་ན་ཀཱ་ཡ་བཱ་གི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏྭེ་ན་མཿམཚན་བརྒྱ་རྩ་བརྒྱད་པ་དང་། མཚན་ཡང་དགྲ་པར་བརྗོད་པ་དུས་གསུམ་དུ་བཀྲུག་པར་བྱའོ།། ཞེས་པ་ནི་ཆོས་ཀྱི་དབྱིངས་ངག་གི་སྒྲུབ་ཐབས་རྫོག་སོ།། ་