| Wylie | e-texts produced with BDRC’s OCR application |
བོལྟ་བར་བྱའོ།། རྫི་བཙུན་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག་རྫོགས་སོ།། ། རྒྱ་གར་སྐད་དུ། སཏྱོ་ནུ་བྷ་བཱ་ར་བ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ན་འཕྲལ་དུ་ཉམ་སུ་མྱོང ་བའི་སྒྲུབ་ཐབས།། འཕགས་པ་འཇམ་དཔལྔ་ལ་ཕྱག་འཚལ་ལོ།། བློ་ངན་མུན་པའི་དུག་འཇོམས་ཤིང་།། སྐྱེ་བོའི་ཤེས་རབ་དོན་སྟེར་བ།། འཕྲུལ་དུ་ཉམས་མྱོང་འཇམ་དཔལ་གྱི།། སྒྲུབ ་ཐབས་ལེགས་པར་བཤད་པར་བྱ།། དང་པོར་རེ་ཞིག་རྣལ་འབྱོར་པས་ཡིད་དང་འཐུན་པའི་ས་ཕྱོགས་འགའ་ཞིག་དུ་དབྱངས་ཡིག་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་སྟེང་དུ་དྷཱིཿཡི་གེ་ས་བོན་ལས་བྱུང་བའི་འོད ་ཟེར་ལྕགས་ཀྱུའི་རྣམ་པས། ཨ་རོ་པ་ཙ་ན་ལ་སོགས་པ་གདན་དྲངས་ནས་མཆོད་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ།། དེ་ནས་སེམས་ཀྱི་རྣམ་པ་ཡོངསུ་གྱུར་པ་ལས་ཀུ་མུ་དའི་གཉེན་གྱི་སྟེང་དུ ་དྷཱིཿཡིག་སྔོན་པོར་གྱུར་པ་ལས་རལ་གྲི་རྣོན་པོ་ལྟ་བར་བྱའོ།། དེའི་རྩེ་མོ་ལ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པཱ་ལས་ཆུ་སྐྱེས་དེའི་སྟེང་དུ་རལ་གྲིའི་ས་བོན་ནོ།། དེ་རྣམས་ཐམས་ཅད་ཡོངསུ་གྱུར་པ་ལས་རལ་གྲི་དང་། ་པོ་ཏི་བསྣམས་པ། རལ་པའི་ཐོར་ཚུགས་ལྔ་དང་ལྡན་པ། ན་བཟའ་དམར་པོ་ཟུང་དང་ལྡན་པ། སྒེག་པའི་ཚུལ་འཛིན་པ་ཞལ་རྒྱས་ཤིང་འཛུམ་པ། རི་བོང་འཛིན་པའི་འོད་དང་མཚུངས་ཤིང་མཛེས་པ་སྣ་ཚོགས་ཆུ ་སྨྱོས་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འཕྲལ་དུ་ཉམསུ་མྱོང་བའི་ཨ་ར་པ་ཙ་ནའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ།། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་མ་རེག་པར་འཁོར ་ལོ་རྩི་བས་བརྒྱུད་པ། དེའི་སྟེང་དུ་དབྱངས་ཡིག་དང་པོ་ལས་བྱུང་བའི་སོར་ཅིག་ཙམ་གྱི་མ་རེག་ཟླ་བའི་དཀྱིལ་འཁོར་དེ་ལ་ཟླ་བ་ལ་གནས་པའི་ས་བོན་ལྔས་སྐྱེས་པའི་རལ་གྲི་དེའི་རྩེ་མོ་ལ་སྟོན་དུ་གསུངས་པའི ་རལ་གྲིའི་ས་བོན་གྱིས་རྣམ་པར་བརྒྱན་པའོ།། རལ་གྲི་ལ་སོགས་པ་ལས་ཡང་དེ་བཞིན་དུ་འཇམ་དཔལ་དབྱངས་བསྒོམ་པར་བྱའོ།། དེའི་མདུན་དུ་ཡང་ར་ཡིག་བསྒོམས་ལ། རལ་གྲི་དང་དབྱངས་དྲང་པོ་ལས་སྐྱེས ་པའི་ཟླ་བ་ལ་གནས་པའི་ར་ཡིག་བསྒོམས་ལ་རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དྲ་བ་ཅན་གཞོན་ནུ་བཅོམ་ལྡན་འདས་ཀྱི་གཟུགས་ལྟ་བུ་བལྟ་བར་བྱའོ།། དེ་བཞིན་དུ་རྒྱབ་ཏུ་ལྔ་པའི་དང་པོའི་ཡོ་གེ ་ལས་ཟླ་འོད་དོ།། དེ་བཞིན་དུ་གཡ་སུ་ཙ་ཡིག་ལས་སྐྲ་ཅན་མ་མ་ནུ་མ་རྒྱས་པས་རྣམ་པར་བརྒྱུན་པ་མགོན་པོའི་གཟུགས་སོ།། དེ་བཞིན་དུ་གཡོན་དུ་ཉེ་བའི་སྐུ་གཙོན་མྱ་ནཱ་ཡིག་ལས་སོ།། དེ་རྣམས་ཐམས་ཅད་ཀྱི ་སྙིང་གར་ཟླ་བ་ལ་རང་གི་ས་བོནྡ་དཀར་པོ་བསམ་པར་བྱའོ།། དེ་ནས་འདྲེན་པའི་ཐུགས་ཀཱའིརི་ས་བོན་ལས་འཐོན་ཏེ་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་བཀུག་ནས་འཁོར་ལོ་མྱུར་དུ་འཁོར་ཞིང་ཟླ་བ་ལ་གནས་པའི ་ལྕི་བཞི་པོ་རྣམས་དང་བཅས་པའི་བདག་ཉིད་བརྟན་ཞིང་མ་ལུས་པའི་དགེ་རང་བཞིན་སྤྲོ་བ་དང་བསྡུ་བ་བསྒོམ་པར་བྱའོ།། བསྒོམ་པས་ངལ་ན་སྔགས་བཟླས་པར་བྱའོ།། དེ་ལ་སྔགས་ཀྱི་རྒྱལ་པོ་འདིའོ།། ་ཨ་ར་པ་ཙ་ན་དྷཱིཿཞེས་སོ།། འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱིས།། སྒྲུབ་ཐབས་ལས་བྱུང་བསོད་ནམས་ཚོགས།། གང་བྱས་དེ་ཡིས་འཇིག་རྟེན་རྣམས།། རྟག་ཏུ་འཇམ་དཔལ་མཚུངས་པར ་ཤོག། འཕྲལ་དུ་ཉམསུ་མྱོང་བའི་ཨ་ར་བ་ཙའི་སྒྲུབ་ཐབས་རྫོགས་སོ།། ། སོ་བོན་ལྔས་སྤྲོས་འོད་ཟེར་ལས།། སྤྲོ་བས་མགོན་པོའི་འོད་ཟེར་གྱིས།། ཡེ་ཤེས་སེམས་དཔའ་གདན་དྲངས་ནས།། ས་བོན ་གག་གཞུག་ལ་སོགས་བྱ།། ངལ་ན་ཡེ་ཤེས་སེམས་དཔའ་སོགས།། ས་བོན་སྤྲོ་དང་བསྡུ་བྱས་ནས།། རྟག་ཏུ་དྷིཿཡིག་བརྟན་བྱས་ལ།། འགྲོ་དང་འོང་བའི་རིམ་པ་ལས།། རལ་གྲི་ཟླ་བ་མཆོག་གི་ས་བོན་ཟླ་བའི་དཀྱིལ་འཁོར་སྟེང་གནས ་པ།། རིམ་གྱུར་པ་ཡོངསུ་གྱུར་པ་ལས་ནི་ཉེས་བྱས་ལྟུང་བ་རྣམ་པར་དག། དེ་ཡི་རྗེསུ་བློ་གྲོས་དང་བཅས་འཇམ་པའི་དབྱངས་ལ་སོགས་པ་ཡི།། སྐུར་གྱུར་གཡོ་བའི་འཁོར་ལོས་བློ་གྲོས་ངན་ལས་གྲོལ་བ་རབ་ཏུ་སྟེར་།། ཟླ་ལ་ས་བོན་རལ ་གྲི་དང་།། དེ་ཚང་ཟླ་བའི་ས་བོན་འོད།། འོད་ཟེར་སྤྲོ་དང་བསྡུ་བྱས་ནས།། ལྷ་རྣམས་ལྔ་ནི་བསྒོམ་པར་བྱ།། ། རྒྱ་གར་སྐད་དུ། བཻཛྙཱ་ན་ད་གཱ་སཱ་དྷ་ནཾ། བོད་སྐད་དུ། ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། འཕགས ་