| Wylie | e-texts produced with BDRC’s OCR application |
བོན་གྱི་ཡི་གེ་ལྔ་པོ་དབུས་སུ་བྱས་ནས་དམ་ཚིག་སེམས་དཔའི་ས་བོན་གྱི་མཐར་སྔགས་སོ།། གང་གི་ཚེ་ལྗང་བར་འདོད་པ་དེའི་ཚེ་རང་གི་སྔགས་བླ་མའི་མན་ངག་གིས་བཟླས་པར་བྱའོ།། ་དེའི་རྗེ་སུ་ཡི་གེ་བརྒྱ་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ།། ཨེ་བཛྲ་སཏྭ་ས་མ་ཡེ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རེཀྵོ་མེ་བྷ་བ། སརྦ་སདྡྷི་མེ་པྲ ་ཡཙྪ་སྭརྦེ་ཀརྨ་སུ་ཙོ་མེ་ཙིཏྟཾ་ཤྲཱི་ཡཱ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷོ་ག་བཱནྡ་སརྦ་ཏེ་ཐཱ་གེ་ཏ་བཛྲཱ་མཱ་མེ་མུཉྫི་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་པའི་ཡི་གེ་བརྒྱ་པ་བཀླགས་ནས་སྤྲོ་བ་དང་བསྟྲ་བི་ལ་སོགས་པ་བྱས་ནས། ་དམི་ཚིག་སེམས་དཔའི་ང་རྒྱལ་གྱིས་ཙོ་བོདར་གནས་པར་བྱའོ།། ཏིང་འཛིན་དང་ལྡན་པའི་རྣལ་འབྱོར་པས་ཡང་དག་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ནས། དུས་རང་པོ་མི་ཐོགས་པར་བླ་ན་མེད་པའི ་བྱང་ཆུབ་ཐོབ་པར་འགྱུརརོ་ཞེས་སོ།། ཚིག་ལྕུག་གསལ་པོ་འདི་ཡིས་ནི།། དཀར་པོའི་སྒྲུབ་ཐབས་ཡང་དགྲ་བྲིས།། པདྨའི་འབྱུང་གནས་བསོད་ནམས་གང་།། དེ་ཡིས་སྲིད་ལས་གྲོལ་བར་ཤོག། ཚིག་ལྷུག་པའི་ཨ་ར ་པ་ཙ་ནའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་བྷཊྚཱ་ར་ཀ་བྷཱ་བ་ནོ་པ་དེ་ཤཿབོད་སྐད་དུ། རྗེ་བཙུན་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག། འཕགས་པ ་འཇམ་དཔལ་ལ་ཕྱག་འཚལ་ལོ།། དབུས་སུ་འཛུམ་དཔལ་སྐུ་མདོག་དམར་པོ་དགོད་པར་བྱའོ།། མདུན་དུ་དྲཱ་བ་ཅན་གྱི་འོད་སྐུ་མདོག་ལྗང་གུ་ར་ཡིག་ལས་སོ།། གཡས་སུ་སྒྲ་ཅན་མུ་སྐུ་མདོག་དམར་པོ་པ་ཡིག་ལས ་སོ།། རྒྱབ་ཏུ་ཟླ་འོད་སྐུ་མངག་ཟླ་བ་ལྟ་བུ་ཙ་ཡིག་ལས་སོ།། གཡོན་དུ་ན་ཡིག་ལས་ཉེ་བའི་སྒྲ་ཅན་མ་སྐུ་མདོག་དམར་པོ་བསྒོམ་པར་བྱའོ།། ཕྱག་ན་མཆོག་སྦྱིན་དང་ཨུཏྤ་ལ་ནི་འཇམ་དཔལ་གྱིའོ།། ཕྱག་གཡོན་ན་པདྨ་བསྣམ ་ཤིང་གཡས་མཆོག་སྦྱིན་ནི་དྲ་བ་ཅན་གྱི་འོད་དོ།། ཨུཏྤ་ལ་དང་མཆོག་སྦྱིན་གྱི་ཕྱག་ནི་ཉོ་བའི་སྐྲ་ཅན་མའོ།། མཆོག་སྦྱིན་དང་པདྨའི་ཕྱག་ནི་ཟླ་འོད་དོ།། པདྨ་དམར་པོ་བསྣམས་ཤིང་མཆོག་སྦྱིན་གྱི་ཕྱག་ནི་སྐྲ་ཅན་མའོ།། ་ལྟེ་བའི་སྟེང་དུ་འཁོར་ལ་རྩིབས་བརྒྱད་འཁོར་ལོ་བཞིན་པ་མེའི་འོད་དང་མཚུངས་པའོ།། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་འཁོར་ལོ་རྩིབས་བཞི་པའོ།། འཁོར་ལོའི་བར་དུ་ཡི་གེ་གཞན་རྣམས་བསྒོམ་པར ་བྱའོ།། དེ་བཞིན་དུ་སྔགས་ཀྱི་ཡི་གེ་རྣམས་ལྷ་རྣམས་ཀྱི་གཟུགསསོ།། དེ་རྣམས་ཀྱི་ཐུགས་ཀར་ཡི་གེ་གཞན་རྣམས་དེ་བཞིནོ།། དེ་ནས་ཡི་གེ་མཐའ་དག་ཡོན་ཏན་ཀུན་གྱི་རོ་དང་ལྡན་པས་ཕྱོགས་བཅུ་ཇི་སྙེད་པ་རྣམས་ཁྱབ་པ ་བོལྟ་བར་བྱའོ།། རྫི་བཙུན་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག་རྫོགས་སོ།། ། རྒྱ་གར་སྐད་དུ། སཏྱོ་ནུ་བྷ་བཱ་ར་བ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ན་འཕྲལ་དུ་ཉམ་སུ་མྱོང ་