CLOSE WINDOW

GT2271: ngag gi rgyal po'i sgrub thabs
Wyliee-texts produced with BDRC’s OCR application

བའི་གཏེར་དག་གི་རྒྱལ་པོའི་སྒྲུབ་ཐབས་དང་ལྡན་པཎྜི་ཏའི་ཕྲག་བྱེད་འཛཱིས་པཱ་མ་རྗིན།། རྒྱ་གར་སྐད་དུ། བཱ་གཱ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལྔ་ཕྱག་འཚ་ལོ།། གཞོན་ནུའི་རྣམ ་པར་མཛད་པ་ཡིས།། འཇིག་རྟེན་རྗེ་སུ་འཛིན་མཛད་པ།། དེ་བཞིན་ཉིད་ཀྱི་ལམ་སྟོན་པའི།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། འཇམ་དཔལ་གྱི་རྟག་པ་ལས་གསུངས་པའི་ཆོ་གས་ངག་གི་རྒྱལ་པོའི་སྒྲུབ་ཐབས་བཤད ་པར་བྱའོ།། དང་པོར་རེ་ཞིག་ཟུར་བཞི་སྒོ་བཞི་པ།། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཅིང་བླ་བྲེས་ཀྱིས་མཛེས་པར་བྱས་པ། མུ་ཏིག་གི་རང་བཞིན་གྱིས་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པའི་གཞལ་ཡས་ཁང ་རྣམ་པར་བསམས་ནས། དེ་ལ་དབུསུ་དར་གྱི་གདན་ལ། དེའི་སྟེང་དུ་ཉེ་བར་འདུག་སྟེ། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སེམས་ཅན་དང་སེམས་ཅན་གྱི་རྒྱུད་ཀྱིས་གཟུང་བ་ཇི་སྙེད་པ་དེ་རྣམ ་ཐམས་ཅད་འཇམ་དཔལ་གྱི་ཡེ་ཤེས་ལ་རབ་ཏུ་དགོད་པར་བྱའོ་ཞེས་སོ།། གང་ཡང་སྐད་ཅིག་གིས་མི་རྟག་པ་དང་། བདག་མེད་པ་དང་། སེམས་ཅན་གྱི་སྡུག་བསྔལ་རྣམས་རྨི་ལམ་མིག་འཕྲུལ་ལྟ་བུ་དང་། གཟུགས་བརྙན་ཙམ ་སྟེ། གདོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་དག་པ། ངོ་བོ་ཉིད་མེད་པ་ལས་སྐྱེས་ཤིང་སྐྱེ་བ་མེད་པ་ཡང་དག་པའི་མཐའི་དེ་བཞིན་དུ་གྱུར་པ་ཆོས་ཐམས་ཅད་སྟོང་པའོ་ཞེས་སྟོང་པ་ཉིད་དུ་ལྷག་པར་གསུངས་ཏེ། སེམས ་ཙྪན་འདི་རྣམས་སྲེད་པའི་དབང་གིས་མ་རིག་པས་ལྗོངས་ཤིང་ལས་ཀྱི་རྣམ་པར་སྨོན་པ་མི་མཐོང་ལ། དེ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ལས་ཀྱི་བྱེ་བ་ལ་ཞུགས་ནས་བདུག་གིས་ཆོས་བསྟན་པར་བྱའོ་ཞེས ་སྙིང་རྗེའི་ཕྱིར་ཡང་ལྷག་པའི་ཚིག་གོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདུས་པ་ལ་སོགས་པར་གསུངས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་བྱང་ཆུབ་ཀྱི་སེམས་ཤེས་པར་བྱ་སྟེ། འདིར་བྱང་ཆུབ་ཀྱི་སེམས་བསྐྱེད ་པར་བྱ་བ་ལས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་གསུང་སོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡིད་ཀྱིས་དེ་བཞིན་དུ་མཆོད་པར་བྱའོ།། དེ་ནས་རང་གི་སྙིང་གར་ཧཱུ~ཾ་ཡིག་ཁ་དོག་དམ ་ཉི་མ་བྱེ་བ་འབུམ་བརྒྱ་སྐྱོང་གི་འོད་འབར་བའི་བདག་ཉིད་ཡེ་ཤེས་ཀྱི་སྐུར་བལྟ་བར་བྱ་སྟེ། དེ་ཡིས་དེ་བཞིན་དུ་ཉི་མའི་དཀྱིལ་འཁོར་བསྒོམས་ནས་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གུར་ཀུམ་གྱི་མདོག་ལྟ་བུ་དེ་ལ་ཡི་གེའི ་མཆོག་དཔག་ཏུ་མེད་པའི་བསོད་ནམས་བྱེ་བ་བརྒྱ་སྟོང་ངེས་པར་མཾ་གྱི་ཡི་གེ་ཁ་དོག་ལྔ་དང་ཡང་དག་པར་ལྡན་པ་ན་མཁའི་ཕྱོགས་ཀྱི་མཐར་ཐུག་པར་བལྟའོ།། དེ་ནས་ཡེ་ཤེས་སྤྲོ་བས་ཡང་དག་པར་བསྐུལ་ཏེ། བཅོམ ་ལྡན་འདས་འཛུམ་དཔལ་གསེར་གཙོ་མའི་མདོག་ལྟ་བུ། གཞོན་ནུ་ཟུར་ཕུད་ལྔ་པ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ཡང་དག་པར་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བརྒྱན་པའི་ཨུཏྤ་ལ་སྔོན་པོ་བསྣམས་པ། སེངྒེའི ་སྙིང་ན་རོལ་པའི་སྟོབས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་ཅིང་འོད་ཟེར་རྒྱ་མཚོའི་རླབས་ཀྱིས་ཁམས་གསུམ་ཀུན་ནས་འགེངས་པར་མཛད་པ། རྟག་ཏུ་ཚིགསུ་བཅད་པ་དང་རྐྱང་བ་དཔྱག་ཏུ ་མེད་པ་ལེགས་པར་སྦྱོར་ཞིང་གསུང་བའི་སྒྲས་ཆོས་སྟོན་པར་མཛད་པའོ།། སྤྲོ་བ་བསྡུ་བ་སྔོན་དུ་འགྲོ་བས་དགུག་གཞུག་ནས། ཨོཾ་མནྟ་བཛྲ་ཧཱུཾ་ཞེས་པའི་སྔགས་འདིས་བརྟན་པར་བྱས་ནས་འཇམ་པའི་རྡོ་རྗེའི ་ང་རྒྱལ་བསྒོམ་པར་བྱའོ།། དེ་ནས་བསྒོམས་པས་ངལ་ནི་སྔགས་བཟླས་པར་བྱའོ།། ཨོཾ་མིཉྫུ་བཛྲ་ཧཱུཾ། བཅོམ་ལྡན་འདས་ཀྱི་ཆོ་ག་འདིས་མཁས་པས་སྤྱོད་ལམ་གཙང་མ་ཕུན་སུམ་ཚོགས་པས་འབུམ་ཕྲག་བདུན ་བཟླས་པར་བྱའོ།། ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཇམ་དཔལ ་