CLOSE WINDOW

GT2268: dpal ldan 'phags pa ngag gi rgyal po'i sgrub thabs
Wyliee-texts produced with BDRC’s OCR application

མུཿའཕགས་པ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་མ་ཏ་བཱ་དཱི་རཱ་ཛ་སཱ་དྷ་ནི། བད་སྐད་དུ། དཔལ་ལྡན་འཕགས་པ་དག་གི་རྒྱ་ལ་པོ ་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། ཡེ་ཤེས་རང་བཞིན་མགོན་ཕྱག་འཚལ།། བྱ་བའི་རྒྱུད་ཀྱི་རྗེས་འབྲངས་ནས།། དངོས་གྲུབ་ཐམས་ཅད་རབ་སྟེར་བ།། དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད་ནས།། དང ་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་གནས་ཇི་ལྟར་བདེ་བས་ཉེ་བར་འདུག་སྟང་། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སེམས་ཅན་གྱི་ཁམས་ལ་བལྟས་ནས་སྨོན་ལམ་གདབ་པར་བྱའོ།། ་སྡུག་བསྔལ་བའི་སེམས་ཅན་འདི་རྣམས་འཁོར་བར་འཁོར་ཏེ། དེ་རྣམས་ལ་བདག་གིས་འཇམ་པའི་དབྱངསུ་གྱུར་ནས། བླ་ན་མེད་པའི་གོ་འཕང་མཆོག་ལ་རབ་ཏུ་དགོད་པར་བྱའོ།། ཞེསོ།། དེ་ནས་བྲིས་སྐུ་ལ་སོགས་པ ་བ་ཀྲམ་ནས་བཅོམ་ལྡན་འདས་འཇམ་པའི་དབྱངས་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ཏེ། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ་ནས་སྡིགས་པ ་པ་དང་། སླན་ཆད་མི་བགྱིད་ཅིང་སྡོམ་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རུང་བ་དང་། བདག་ཉིད་དབུལ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་ཚིགསུ་བཅད་པ་འདི་གཉིས་ཀྱིས་བྱ ་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེ་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུངས།། བྱང་ཆུབ་སེམས་མཆོག་བདག་གིས་བསྐྱེད།། སེམས ་ཅན་ཐམས་ཅད་འགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད།། འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག། དེ་ནས་ལམ་ལ་བསྟེན་པོར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་པའི་དོན་ཁོང་དུ་ཆུད་པར ་བྱས་ནས། ལན་གསུམ་བརྗོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཅིང་ཆོས་ཐམས་ཅད་བདག་མེད་པར་མོས་པར་བྱའོ།། ཁམས་གསུམ་པོ་ནི་སྟོང་པ་ཉིད་དང་། མཚན་ཉིད་མེད་པར་གཟུང་བ་དང་། འཛིན་པ་དང་བྲལ ་པོར་བལྟས་ནས། རང་གི་སྙིང་གར་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མུཿཡིག་གསེར་གཙོ་མའི་ཁ་དོག་ལྟ་བུ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏུ་བཀྱེ་ཞིང་སྣང་བར་མཛད ་ནས་ཇི་ལྟར་བསྐལ་པ་དང་ལྡན་པའི་སེམས་ཅན་གྱི་དྲོན་མཛད་དེ། དེ་བཞིན་གི་ཤཱཾགས་པ་ཐམས་ཅད་བསྐུལ་ནས་དེའི་འོད་དེས་ས་བོན་ལ་རབ་ཏུ་ཞུགས་ཏེ། དེར་ཐམས་ཅད་ཡོངསུ་གྱུར་པ་ལས་བདག་ཉིད་འཇིམ་པའི་དབྱུང ་ཀྱི་སྐུར་བསྒོམ་པར་བྱའོ།། གེ་སེར་ཞུན་མ་ལྟ་བུ་ཞལ་གཅིག་ཕྲག་གཉིས་པ། སེང་གེའི་སྟེང་ན་པདྨ་དང་ཟླ་བའི་གདོན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཟུང་ཕུད་གསུམ་པའི་རིན་པོ་ཆེའི་དབུ་རྒྱན་ཅན། ཟླ་བའི་དཀྱིལ་འཁོར་གྱི ་འོད་ལྟ་བུ་གཞོན་ནུའི་རྣམ་པ་ཅན་གྱི་གཟུགས་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པའི་ཉམས་དང་ལྡན་པ། ཅུང་ཞིག་འཛུམ་པ། ཕྱག་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཕྱག་གཡས་པ ་ན་མ་རེག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པའི་ཨུཏྤ་ལ་བསྣམས་པ། ཞབས་གཡོན་པའི་ངར་གདོང་ལ་བརྟེན་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་མི་བཟད་པའོ་ཞལ་མཆེ་བ་གཙིགས་པ། སྒྲ ་དམར་སེར་འཁྱིལྔ་པ། ཀུན་ནས་དམར་བའི་སྤྱན་ཟླུམ་པ། ཕྱག་གཡས་པས་བཅོམ་ལྡན་འདས་ཀྱི་རྗེ་ངར་ལ་རེག་པ་གཡོན་པ་དབྱུག་པ་བསྣམས་པའོ།། དེ་བཞིན་དུ་བསྒོམས་ནས། སྐུ་དང་། ་གཱསུང་དང་། ཐུགས་རྣམས་ལ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཨཱཿཧཱུཾ། ཞེས་པའི་ཡི་གེ་དཀར་པོ་དང་། དམར་པོ་དང་། ནག་པོའི་མདོག་ཅན་རྣམས་རིམ་བཞིན་དུ་བཀོད་ལ། དེ་ནས་ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལཱ་མུཿ ་ཡིག་བསམ་པར་བྱའོ།། དེ་ནས་མཆོད་བྱ་དང་། མཆོད་བྱེད་དབྱེར་མེད་པར་དམིགས་ནས། ལྷ་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་མཆོད་པ་དང་། བསྟོད་པ་བདག་ཉིད་བྱེད་པར་བལྟས་ནས། སྤྲོ་བ་དང་བསྡུ་བ་ཇི་སྲིད་སྐྱོ ་བར་མ་གྱུར་པ་དེ་སྲོད་དུ་བསྒོམ་པར་བྱའོ།། དེ་ལྟར་རྟ་ག་ཏུ་སྒོམ་པར་བྱེད་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་འགྲུབ་པར་འགྱུར་ཏེ། ཚེ་འདི་ཉིད་ལ་བརྩེ་བ་ཆེན་པོ་མགོན་པོ་འཇམ་པའི་དབྱངས་ཐོབ་པར་འགྱུར།། བསྒོམ ་ངལ་ན་རང་གི་སྙིང་གེར་ཟླ་བའི་དཀྱིལ་འཁོར་ལ་སྔགས་བཀོད་ནས། མ་ཚོགས་པའི་ཡིད་ཀྱི་བཟླས་པར་བྱའོ།། དེ་ནིས་བཟླས་པའི་སྔགས་ནི་འདིའོ།། ཨོཾ་དྷརྨཱ་དྷ་ཏྲཱ་བྷཱ་གེ་ཤྭ་ར་མུཿདེ་ལྟར་བཟླས་པ་བྱས་ནས་ཀྱང་མི་ངལ་ན ་བསྒོམ་པར་བྱའོ།། གལ་ཏེ་ལྡང་བར་འདོད་ན་སླར་ཡང་དེ་བཞིན་དུ་ཡང་དག་པར་མཆོད་པ་དང་། ལེགས་པར་བསྟོད་པ་དང་། དགེ་བ་ཡོངསུ་བསྔོ་བ་དང་། ཚོགསུ་བཅད་པ་འདས་བཟོད་པར་གསོལ་བར་བྱ་སྟེ། བདག ་ནི་མི་ཤེས་བློ་རྨོངས་པས།། ཉེས་པ་ཇི་སྙེད་བགྱིས་པ་གང་།། གང་ཕྱིར་ལུས་སྲོག་སྐྱོ་བ་པ་ཡི།། མགོན་པོ་ཁྱེད་ལ་བཟོད་པར་གསོལ།། འགྲོ་བ་རྣམས་ལ་ཕན་པའི་ཕྱིར།། སྨོན་ལམ་གདབ་པར་བྱ་སྟེ།། བདག་གིས་དགེ་བ ་འདི་ཡིས་ནི།། སངས་རྒྱས་ཉིད་ནི་ཐོབ་ནས་ཀྱང་།། སྲིད་པའི་རྒྱ་མཚོ་ཟབ་མཽ་ལས།། འགྲོ་བ་མ་ལུས་འདོན་པར་ཤོག། དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པས་འགྲོ་བོ་ཐམས་ཅད་འཇམ་པའི་དབྱངས་ཀྱི་རང་བཞིན་དུ་བལྟས ་ནས། རང་གི་ལྷའི་ང་རྒྱལ་དང་ལྡན་པས་ཇི་ལྟར་བདེ་བར་གནས་པར་བྱའོ།། དེ་ལྟར་ཐུན་མཚམས་བཞི་འམ། ཐུན་གསུམ་དུ་འདི་བཞིན་དུ་བྱའོ།། བདག་གསྒྲུབ་ཐབས་འདི་བྱས་པས།། འབྲས་བུ་གང་ཐོབ་དོ་ཡིས་ནི།། སྲིད་པ་གསུམ་གྱི ་འཇིག་རྟེན་འདི།། མ་ལུས་འཇམ་པའི་དབྱངས་གྱུར་ཤོག། འཕགས་པ་འཇམ་དཔལ་ངག་གི་རྒྱུ་ལྔ་པོའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐང་དུ། བཱ་དཱི་རཱ་ཛཱ་སཱ་དྷ་ན། བོད་སྐད་དུ། ངག་གིས་རྒྱལ་པོའི ་