| Wylie | e-texts produced with BDRC’s OCR application |
དབུ་རྒྱུན་ཅན། དེ་བཞིན་དུ་དམ་ཚིག་སེམས་དཔའ་བསྐྱེད་ནས། སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་མདུན་དུ་གདན་དྲངས་ཏེ་བལྟས་ནས། ས་མ་ཡ་སྟྭཾ། དྲྀ་ཤྱ་ཧཾཿས་མ་ཡ ་སྟྭཾ། སཱ་མ་ཡ་ཧོ། ས་མ་ཡི་སྟྭཾ། ཨ་ཧཾ། ཞེས་པས་དམ་ཚིག་བསྐུལ་བར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿཞེས་པའི་ཡི་གེ་བཞིས་དགུག་གཞུག་ལ་སོགས་པ་བྱའོ།། སྔགས་ནི་འདི་བཞིན་དུ། བ་ར་ཎ་སཾ་དཾ་ཧཱ་ར་ཛཱ། ངག་གི་རྒྱལ ་པོའི་སྒྲུབ་ཐབས་རྫོགས་སྷོ།། རྒྱ་གར་སྐད་དུ། མཉྫུ་གྷོ་ཥཱ་སྱཱ་དྷ་ནཾ། བོད་སྐད་དུ། འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་པའི་དབྱངས་ལ ་ཕྱག་འཚལ་ལོ།། སྔོན་དུ་གསུངས་པའི་ཆོ་གས་འདིར་དང་པོ་སྙིང་གར་ཟླ་བའི་དབུ་སུ་ས་བོན་དྲུག་པའི་ལྔ་པི་ལྔའི་དབྱངས་ཀྱིས་ཡོངསུ་གང་བ་སྟོང་པ་ཉིད་གཉིས་ལྷས་མནན་པའོ།། དེའི་ས་བོན་གྱི་འོད་ཟེར་ལས ་སྐྱེས་པའི་བླ་མཱ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས། མཆོད་ཅིང་མངོན་པར་ཕྱགེ་འཚལ་ནས། སྔགས་འདི་ཡིས་ཏེ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱརྨྨ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གྷནྡྷ ་ནཱཾ། ཨོཾ་བཛྲེ་ནཻ་བེ་ཏི་ཧཱུཾ་ཞེས་བརྗོད་ནས། དོ་ནས་དཀོན་མཆོག་གསུམ་ལ་སྐྱེབསུ་འགྲོ་བ་ལ་སོགས་པ་བརྗོད་ནས་སྨོན་ལམ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་ཏྲ~ཾ ་སྭ་བྷཱ་བ་ཨཱཏྨ་ཀྲོ་ཧཽ། ཞེས་སོ།། དེ་ནས་ས་བོན་ལ་ཁམས་གསུམ་མ་ལུས་པ་སྒྱུ་མའི་དཔེའི་རྣམ་པར་བསམས་ཏེ། བལྟས་ཤིང་རེག་ནས་ཐམས་ཅད་སྒྱུ་མ་ཇི་ལྟ་བ་བཞིན་དུའོ།། དམིགས་པ་མེད་པས་འགྲོ་བ་གནས་པ ་ཐམས་ཅད་དགྲོལ་བར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷེ་ཧཾ། སྟོ་ན་དུ་གསུངས་པའི་ས་བོན་ལས་འཁྲུངས་པའི་དཔལྔ་ལྡན་འཇམ་པའི་རྡོ་རྗེ་ཟུར་ཕུད་ལྔས་དབུ་ལ་བརྒྱན་པ། གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན ་གུར་ཀུམ་གྱི་མདོག་ལྟར་དམར་པ། ཕྱག་གཡོན་ནྡ་ཨུཏྤ་ལ་བསྣམས་པ། གཡས་པ་ནུ་རལ་བའི་སྟབས་ཀྱིས་གནས་པ་སེང་གེའི་གདན་ལ་བཞུགས་པའི་བདགེ་ཉིད་གཞོན་ནུའོ་སྐུ་བསམ་པར་བྱའོ།། ཕྱག་རྒྱ་ནཱི་འདི་ཡིན་ཏེ། ་ཕྱག་གཉིས་ཐལ་མོ་སྦྱར་ནས་མཛུབ་མོ་དགྲ་དང་མིང་མིད་དག་གི་སེན་མོས་ཨུཏྤ་ལ་ཁ་འབྱེད་པའི་ཚུལ་གྱིས་གནས་པའོ།། སྙིང་ག། མཛོད་སྤུ། མགྲིན་པའི་སྟེང་རྣམསུ་བཟུང་བར་བྱས་ནས་བཟླས་པར་བྱའོ།། ཨཱཾ་ཝཱ་གཱི་ཤྩ་རི ་མུཿའཕགས་པ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་མ་ཏ་བཱ་དཱི་རཱ་ཛ་སཱ་དྷ་ནི། བད་སྐད་དུ། དཔལ་ལྡན་འཕགས་པ་དག་གི་རྒྱ་ལ་པོ ་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། ཡེ་ཤེས་རང་བཞིན་མགོན་ཕྱག་འཚལ།། བྱ་བའི་རྒྱུད་ཀྱི་རྗེས་འབྲངས་ནས།། དངོས་གྲུབ་ཐམས་ཅད་རབ་སྟེར་བ།། དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད་ནས།། དང ་