CLOSE WINDOW

GT2265: 'phags pa 'jam dpal ngag gi rgyal po'i sgrub thabs
Wyliee-texts produced with BDRC’s OCR application

པཎྜི་ཏ་དཔ་ལ་ལྡན་ཡིད་བཞིན་ནོར་བུས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་བཱ་དཱི་རཱ་ཛཱ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ ་དཔལ་མགོན་ལ་ཕྱག་འཚལ་ལོ།། གུར་ཀུམ་བཟང་པོ་ལྟར་དམར་གཞོན་ནུའི་སྒྲ་ལ་དཔལ་གྱི་མཚན།། རྫོགས་པའི་སངས་རྒྱས་འོད་ཀྱིས་རྨོངས་པའི་དྲ་བ་བཅོམ་པ་བཞིན།། དབང་ཕྱུག་ཡོངས་བཅིངས་ཕྱག་གིས་དམ་ཆོས ་འཆད་པའི་ཚུལ་མཛད་པ།། རོལ་པའི་སྟོབས་བཞུགས་འདོད་སྦྱིན་ངག་གི་རྒྱལ་པོ་ལ་ཕྱག་འཚལ།། སྔ་བར་ལངས་ཏེ་དང་པོར་ན།། པཾ་ལས་སྙིང་གར་སྣ་ཚོགས་པད།། ཨཾ་ལས་ཟླ་བའི་དཀྱིལ་འཁོར་སྟེ།། ཧྲཱི་ཡིག་གུར་གུམ་ལྟ་བུར ་དམར།། བལྟས་ནས་ཞལ་བསང་ལ་སོགས་བྱ།། བསམ་གཏན་ཁངྒ་པཱ་གཙང་མ་རུ།། བདེ་བའི་སྟན་ལ་ཡང་དག་གནས།། སྔགས་དང་སངས་རྒྱས་ཡོན་ཏན་གནས།། བྱམས་པས་འགྲོ་ལ་བུ་སྟག་བཞིན།། དགའ་བམ་མན་ཏན་སྣང་ལྡན ་ལྟར།། སྡུག་བསྔལ་རྒྱུར་གྱུར་སྟག་བསྔལ་ལས།། གདོན་པར་འདོད་པའི་སྙིང་རྗེ་ཡིས།། རྟག་ཏུ་ར5། འདི་བཞིན་དུ།། ཡོན་ཏན་དམ་པ་རབ་འབྱོར་འདོད།། རང་གི་དོན་ལ་མི་ལྟ་བོར།། བཏང་སྙོམས་གཞན་གྱི་དོན་བྱེད་པ།། སྔགས ་པས་བསྒོམ་བྱ་འོད་ཟེར་ཚོགས།། སྤྲོས་ནས་རྒྱལ་རྣམས་གདན་དྲངས་ཏེ།། དེ་ཡིས་ན་མཁའ་གང་བར་བལྟ།། ཡིད་ཀྱིས་རང་བཞིན་ལས་བྱུང་མཆོད།། བྱུག་པ་དྲིལ་ཕྱིས་ཁྲུས་རྣམས་དང་།། སྣ་ཚོགས་རྒྱན་གྱིས་བརྒྱན་པར་བྱ།། ་མཆོད་པའི་སྒྲོན་ཚོགས་འཕྲོ་བཱ་ཡི།། ཁམས་གསུམ་ཡང་དག་ལྷ་རུ་སྤྲོ།། སོ་སོ་སོ་སོ་གྲངས་མེད་པའི།། ལུས་ལ་སྤྲུལ་ནས་ནི་ཕྱག་བྱའོ།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། རྣམ་གསུམ་ལུས་ངག་ཡོད་དབང་གིས།། བྱས ་པའི་སྡིག་དང་བྱེད་པ་ལ།། རྗེ་སུ་ཡི་རང་དེ་རྣམས་བཤགས།། སེམས་ཅན་དོན་བྱེད་དང་བཅས་པའི།། སྡོམ་པ་ཡང་ནི་ས་ཡང་དུ་གཟུང་།། རྫོགས་པའི་སངས་རྒྱས་འཇམ་དབྱངསྟེ་སོགས།། སྦྱིན་པ་ལ་སོགས་དགེ་ལས་སྐྱེས།། ་ཡང་དག་རྫོགས་ལ་གསོལ་འདེབས་ཤིང་།། ཡུན་རིང་དམ་ཆོས་གསུང་བར་བསྐུལ།། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་།། བྱང་ཆུབ་སེམས་ཀྱི་ས་ལམ་མཆོག་བརྟེ་ནོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན~ཾ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས ་སྣ་ཚོགས་པདྨ་གནས།། ཨོཾ་ཡིག་ལས་སྐྱེས་ཟླ་སྟེང་གནས།། ཡི་གེའི་ཚོགས་འཕྲོ་བལྟ་བྱས་ནས།། འགྲོ་བ་རྣམས་ལ་འཇམ་དབྱངས་མཆོག། དགུག་གཞུག་བྱས་ནས་སྔགས་པ་ཡིས།། ངག་གི ་རྒྱལ་པོ་བསྒོམ་པར་བྱ།། གུར་ཀུམ་ལྟར་དམར་མཛེས་པའི་སྐུ།། སྒྱུ་མ་འདོད་ལྷ་ལས་རྒྱལ་བ།། ཧ་ཧ་རི་ཧ་རི་གདན་ལ་བཞུགས།། འཁྲུལ་པ་མེད་པ་རོལ་པའི་སྟབས།། ཕྱག་གཡོན་སྡོང་བུ་དང་བཅས་པའི།། ཨུཏྤལ་སྔོན་པོ ་ཡོངས་སུ་བསྣམས།། རྫོགས་པའི་སངས་རྒྱས་ཡོན་ཏན་ཚེགས།། རིན་ཆེན་རྒྱན་གྱིས་རབ་མཛེས་པ།། འོད་མ་ཆ་ནང་ཡོན་ཀྱང་ན་ག་ཕྲེང་བ་བལྟ།། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེ།། ཕྱག་རྒྱ་པདྨ་ངེས་པར་སྦྱར།། དེ་བཞིན་ཨུཏྤལ་དང ་འདྲ་བའི།། ཧྲཱི་ཡིག་འོད་ཟེར་སྣ་ཚོགས་ཀྱིས།། གཞན་གྱི་མགོན་བྱེད་གདན་དྲངས་ཏེ།། གཞལ་ཡས་ཁང་པ་དང་མཚུངས་པ།། དེ་དག་མཚུངས་ཉིད་གངྒཱན་དྲངས་ཏེ།། དམ་ཚིག་རྣམ་གསུམ་བརྟན་པར་བྱ།། དེ་ནས་ཡང་དག་རྫོགས ་སངས་རྒྱས།། དགུག་གཞུག་དབང་དུ་བྱ་བ་རྣམས།། ཨོཾ་བཛྲ་སཏྭ་ས་མ་ཡ། དྲྀ་ཤྩ་ཧོ། ས་མ་ཡ་སྟྭཾ། ས་མ་ཡོ་ཧཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཛཿཧཱུཾ་བཾ་ཧོཿོཾ་གྱི་སྐུ་བྱིན་གྱིས་བརླབ། ཨཿལས་གསུང་བྱིན་གྱིས་བརླབ། ཧཱུཾ་གིས་ཐུགས ་བྱིན་གྱིས་བརླབས་ནས། ཨུཏྤ་ལིའི་ཕྱག་རྒྱ་དང་། ཡི་གེའི་ཚོགས་ཀྱིས་ཡེ་ཤེས་བྱིན་གྱིས་བརླབས་ཏེ། འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས། རྫོགས་པའོ་སངས་རྒྱས་ཀྱི་སྒྲ་ལས་འཐོན་ཏེ་ལྷའི་རྣམ་པར་བཀུག་ནས། བུམ་པའི ་ཡེ་ཤེས་ཀྱི་ཆུ་དང་། རྡོ་རྗེ་སྤྱི་བོར་སྦྱིན་པར་བྱའོ།། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིསྐུ་མཆོད།། སངས་རྒྱས་མཆོད་པའི་དཔུང་གཉེན་གྱིས།། སླར་ཡང་སྲིད་པར་འབྱུང་བ་ཡི།། སྲིད་པ་གྲུབ་ཅིང་དག་པར་འགྱུར།། ་སླར་ཡང་བསྒོམ་བྱ་ལས་ཐོབ་པས།། ལུསོ་དང་སེམས་ནི་ཤིན་ཏུ་སྦྱང་།། དོ་ཤལ་ཕྲེང་བའི་རིམ་པ་ཡིས།། དེ་ནས་སྔགས་བཟླས་ཡང་དག་བརྩམ།། ཁམས་གསུམ་མ་ལུས་པ་ཡོན་ཏན་གྱི་རྒྱ་མཚོར་བྱས་ནས་གཞུག ་པ་ལ་སོགས་པ་བྱས་ཏེ། རྣམ་པར་བསྒོམས་ལ་ཨོཾ་ཨཱཿཧཱུཾ་ཞེས་པས་བཀུག་ནས་བཟོད་པར་གསོལ་བར་བྱའོ།། བདག་ཉིད་འཇམ་པའི་མཆོག་ཏུ་འགྱུར།། འགྲོ་རྣམས་དེ་ཡི་རང་བཞིན་བལྟ།། གང་དང་གང་སྦྱོར་ལས་རྣམས ་ལ།། སེམས་ཅན་དོན་ལ་དེ་བཞིན་དགོད།། དཀོན་མཆོག་གསུམ་ལ་རབ་དང་བའི།། སློབ་མ་རྣམས་ཀྱིས་ཤེས་བྱས་ལ།། འཇིག་རྟེན་དངོས་གྲུབ་ངེས་པ་ནི།། ངག་གི་རྒྱལ་པོའི་སྒྲུབ་ཐབས་ཡིན།། བླ་མ་དང་། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་དང་། ཡི་དམ་གྱི་ལྷ་ཐམས་ཅད་ནང་དུ་བསྒོམས་ནས། དེའི་མཎྜལ་མདོར་བསྡུས་པ་བརྩམ་པར་བྱའོ།། ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པ་ནི་ལག་པ་བཀྲུ་བ་དང་། ཞལ་བསིལ་བའི་སྔག་སྷོ།། ཨོཾ་ཧཱུཾ་སྟན་བྱིན་གྱིས་བརླབ ་པོའི་སྔགས་སོ།། ཨོཾ་སརྦ་བྷཱུ་མི་ཧཱུཾ། ས་ཡོངསུ་གཟུང་བའི་སྔགས་སོ།། ཨོཾ་སརྦ་བིགྷྣཱ་ནུང་སཱ་ར་ཡ་ཧཱུཾ་སྭཱ་ཧཱ། བའི་ལྕི་བོ་ལ་སོགས་པ་ལེན་པའི་སྔགས་སོ།། དེ་ནིས་ལེགས་པར་བྱུགས་ནས། ཨོཾ་བཛྲ་རེ་ཥི་ཧཱུ~ཾ། ཞེས་པ་ནི་རེ་ཁ་བྱིན ་གྱིས་བརླབ་པའི་སྔགསོ།། ཡང་མེ་ཏོག་མཎྜལ་ཕུལ་ནས། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏཱ་དྷི་ཏིཥྛཱནྟ་སྭཱ་ཧཱ། ཞེས་བརྗོད་ནས་ལག་བཀྲུ་བར་བྱའོ།། དེའི་རྗེ་སུ་མེ་ཏོག་གཅིག་བཟླས་ནས། ཨོཾ་མ་ཎི་དྷ་རི་བཛྲ་ཎི། ་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་རང་གི་སྤྱི་བོ་མེ་ཏོག་བཞག་ནས་བདག་ཉིད་བསྲུང་བར་བྱའོ།། ཡང་ཨོཾ་ཨཱ~ཾཿཧཱུཾ་ཞེས་པ་ནི་བདག་ཉིད་བསྲུང་བའི་སྔགས་སོ།། མཎྜལ་དེ་ལ་སྣ་ཚོགས་པདྨའི་གཟུགསུ་དམིགས་ནས། དེའི་སྟེང ་དུ་གུ་རེ་ཀུམ་ལྟེར་དམིར་བིའི་མརྗེས་ཀྱིས་ཚོ་ས་ཀྱིཚིགས་མེད་ཡུལ། ཆུ་ཛིམ་རྒྱས་རིམ་པཱ་བཞིན་དུ་བྱོན་ནས་དེ་ལ་དེ་བཞིན་དུ་རབ་ཏུ་ཞུགས་ཤིང་བཅོམ་ལྡན་འདས་བསྐྱེད་ནས། ཨཾ་མནྟ་གྷོ་ཥ་ཡ་བཛྲ་པུཥྤེ་ཧཱུཾ། ཨཾ་ཨཀྵོ་བྷྱ་བཛྲ་པུཥྤེ་ཧཱུཾ། ཨཾ ་བཛྲ་བཻ་རོ་ཙ་ན་ཡ་བཛྲ་པུཥྤེ་ཧཱུཾ། རཏྣ་སཾ་བྷཱ་བ་དང་། ཨ་མི་ཏྲ་བྷཱ་བ་དང་། ཨ་མོ་གྷ་སིདྡྷི་དང་། ལྀ་ཙ་ན?་དང་། མཱ་མ་ཀཱི་དང་། པཎྜ་རཱ་དང་། ཏཱ་རཱ་རྣམས་སྤྲིན་མ་བཞིན་དུ་མེ་ཏོག་དང་། སྤོས་དང་། མར་མེ་དང་། ཞལ་ཟས་དང་། དྲི་བཟངས་དང་། ་གོས་འཕྱང་བྱ་ལ་སོགས་པ་བྱིན་གྱིས་བརླབས་ནས་དབུལ་བར་བྱའོ།། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རུང་བ་རྣམས་བྱས་ནས་སྔགས་བཟླས་པར་བྱའོ།། དེ་ནས་གཤེགས་པ་ནི་ཨོཾ་བཛྲ་མ ་ཞེས་སོ།། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱཏྨ་ནུད་པན་ན་ཏཱཏ། ཨོཾ་ཨཱཿཧཱུཾ། ཕཊ་སྭཱ་ཧཱ། ཞེས་པ་ནི་འབྱུང་པོ་ཐམས་ཅད་ཀྱི་སྔགས་སོ།། ཨོཾ་ཧ་རཱི་ཏྱེ་མ་ཧཱ་རཀྵི་ཎེ་ཧ་རེ་ཧ་རེ། སརྦ་པཱ་པ་ནི་མིཀྵི་སརྦ་ཡིཀྵི་ཎ~ཾ་པྲ་པེ་ཤ་ནི་སྭཱ་ཧཱ། འཕྲོག་མའི་སྔགསོ།། ་ཨོཾ་ཨ་གྲ་པདྡྷི་ཤ་ནེ་བྷྱཿསྭཱཧཱུ། ཕུད་ཀྱི་ཆང་བུའི་སྔགས་སོ།། ཨོཾ་ཨུཙྪིཥྚ་བདྡྷི་ཤ་ནེ་བྷྱཿསྭཱ་ཧཱ། ལྕུག་མའི་ཆང་བུའི་སྣག་སོ།། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་སཱ་མ་ཡ་ཤྲཱི་ཡེ་ཧཱུཾ་ཧཱུཾ་ཞེས་པ་ནི་སྐུ་གཟུགས་ལ་སོགས་པ་སྐུ་ཁྲུས ་གསོལ་བའི་སྔགས་སོ།། རྡོ་རྗེ་རྣལ་འབྱོར་མས་གསུངས་པའི་འཇམ་དཔལི་ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས།། ། རྒྱ་གར་སྐད་དུ། བཱ་དཱི་རཱ་ཛཱི་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི ་