CLOSE WINDOW

GT2264: dpal ldan ngag gi rgyal po'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་མེ་དྷཱ་དཱི་རཱ་ཛེ་སཱ་དྷ་ནི། བོད་སྐད་དུ། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འགྲོ་བ་མ་ལུས་པ་ལ་ཡང་དག་བདེ་བའི་མཆོག་འདོད ་རང་གི་བདེ་བ་ནི།། ཆུང་ངུ་ཡང་ནི་འདོད་མིན་རང་བཞིན་ཆེན་པོ་ཡང་དག་བླ་མའི་བཀའ་ཡིས་ནི།། བློ་གྲོས་དམན་ཞིང་ཆུང་ལ་ཤེས་རབ་ཆུ་སྐྱེས་རྣམ་པར་རྒྱས་བྱེད་མཁས་པ་ཡི།། བཅོམ་ལྡན་འཇམ་པའི་དཔལ་གྱི་སྒྲུབ ་ཐབས་བདག་གིས་ཡང་དག་རབ་ཏུ་བྲི་བར་བྱ།། དད་པས་དགེ་བའི་མཱ་མ་ཡང་དག་ཉེར་སྟོན་ཅིང་།། གང་གིས་མི་དགེའི་བྱ་བ་ཡང་ནི་ཡོངས་སྤངས་ཤིང་།། དེ་བཞིན་ཡིད་ནི་དག་པས་བླ་མ་ལ་ཐོས་ནས།། བཅོམ་ལྡན་རྟག་ཏུ་བསྒོམ་པ་ལ ་སོགས་རྣམ་པར་བྱ།། དང་པོ་ཡིད་ལ་མངོན་འདོད་དྲི་མེད་དབེན་པའི་ཕྱོགས།། དྲི་བཟངས་མེ་ཏོག་ལ་སོགས་རྣམ་པ་མང་པོ་དང་།། ཆོམ་པོ་སྒྲ་དང་འཚེ་བ་ལ་སོགས་རྣམ་སྤངས་པར།། བྱ་བ་ཀུན་ཟིན་གཞན་ཡང་བད་བཱར་རབ་ཏུ ་དུག། གཡོ་བའི་སེམས་ནི་འབད་པ་ཡིས།། རྩེ་གཅིག་ཏུ་ནི་ངེས་པར་བྱ།། གཞན་དོན་བྱེད་པའི་བསམ་པ་ཡིས།། བསྒོམ་བྱ་དེ་ཡི་ཏྲཱ་སི་ནི།། བྱམས་པས་སེམས་ཅན་རྣམས་ལ་ལུས་གཅིག་ལ་སྐྱེས་མཚུངས་ཤིང་གཉེན ་གྱི་མཚན་ཉིད་ལྡན།། སྙིང་རྗེས་སྡུག་བསྔལ་ལས་ཀྱང་སྡུག་བསྔལ་རྒྱུར་གྱུར་ནས་འགྲོ་རྣམས་མངོན་པར་འདོན་པར་སྤྲོ།། དགའ་བའི་སེམས་ཀྱིས་ཁྱད་འབགས་མཚན་ཉིད་ལྡན་པའི་ཡང་དག་དགོའ་བ་མཐའ་ཡས་པ།། བཏག ་སྙོམས་ལོག་པར་མངོན་ཞེན་ཟེད་པའོ་རང་བཞིན་དང་བཅས་མཁས་བས་བསྒོམ་པར་བྱ།། དེ་ཡི་རྗེསུ་ཇི་སྲིད་ཡིད་ཀྱིས་འདོད་པར་རབ་བརྐྱང་བྱས།། དྲི་མེད་འོད་འཕྲོ་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་དཀར་པོའི་མདོག།། དེའི་སྣང ་ཤིན་ཏུ་གཞོན་ཅིང་དྲི་མེད་གསེར་གྱི་ཁ་དོག་ཅནྡ།། ཆུ་སྐྱེས་འདབ་མ་དྲི་མྱེད་འདབ་མ་བརྒྱད་པ་བསྒོམ་པར་བྱ།། ཟླ་བ་ཆུ་སྐྱེས་ངག་གི་འོད་ཟེར་རྣམ་པར་བརྐྱང་ཞིང་རྣམ་པར་གཡོ་བའི་མཆོག། ་སྟེང་དུ་འཕེན་པར་འགྱུར་འོད་ཟེར་རང་བཞིན་ཕུག་ན་གསེར་མདོག་འདྲ་བ་ཡི་མཾ་ཡིག་ལ།། སྔོན་མ་དག་གིས་གཡོགས་བཞིན་འགྲོ་བ་རྣམས་ལ་ཕན་ཕྱིར་སྔགས་པས་རིང་དུ་བསྒོམ།། ཤིན་ཏུ་མཆོག་གྱུར་འཇམ་པའི་རྡོ་རྗེ་གོ ་འཕང་མངོན་འདོད་མི་མཆོག་རྣམས་ཀྱིསོ།། ཕྱི་ནས་སྐྱེ་དང་རྒ་དང་མི་མཐུན་སློད་དང་ལྐུག་སེ་ལ་སོགས་སྡུག་བསྔལ་འཁྲུགས་རྣམས་ལ།། ཟླ་སྐྱེས་ཟུང་ལ་མེམ་གྱི་ཡི་གེ་ལས་བྱུང་འོད་ཀྱིས་འཁྲིགས་བྱ་སྟེ།། ཁམས་པ་ཨེ་ལྡ ་པབས་བདེ་བའི་མཆོག་རྣམས་ཀུན་གྱིས་སངས་རྒྱས་དངོ་མཚུངས་པ།། བང་གི་གིས་ལེགས་བྱས་འདིར་ཡང་མེད་ནི་ཡོངས་རྫོགས་བདག་ཉིད་རྣམ་པར་བལྟ་བར་བྱ།། ཕྱི་ནས་ཕྱོགས་བཅུ་རྣམས་ན་བཞུགས་པའི་བླ་མ་ད་ན་དེ ་བཞིན་གཤེགས་རྣམས་དང་།། དེ་བཞིན་དཔལ་ལྡན་བྱང་ཆུབ་སེམས་དཔའ་སྐུ་རྣམས་ཐམས་ཅད་འོད་ཀྱིས་གདན་དྷྭངས་ཏེ།། དེ་རྣམས་མདུན་བྱས་ཡིད་ཀྱི་ཤིང་རྟའི་རང་བཞིན་ལས་སྐྱེས་མཆོད་པའི་ཚི་ག་ཡིས།། སྣ་ཚོགས ་མེ་ཏོག་དྲི་བཟངས་བདུག་སྤོས་སྣ་ཚོགས་རྣམས་ཀྱིས་ཡང་དག་མཆོད་བྱས་ཏེ།། དེ་རྣམས་མདུན་དུ་དང་པོར་ཡང་ནི་སྡིག་པ་བཤགས་པ་ལ་སོགས་རྣམས་བྱས་ནས།། དེ་ནས་དེ་བཞིནི་འོད་ཟེར་རྣམས་ཀྱིས་བ་སྤུའི་ཁུང་ཞུགས ་གཅིག་ཏུ་སོན།། ཚོགས་པའི་རྣམ་པ་དེ་ཡིས་རབ་ཞུགས་སྙིང་གར་བལྟ་ཞིག་དེ་ནས་ངེས་བྱུང་བའི།། རྨོངས་པའི་རི་བོ་ཆེན་པོ་འཇོམས་མཁས་ཁྱབ་བདག་འཇམ་པའི་རྡོ་རྗེ་བསྒོམ་པར་བྱ།། དྲི་མེད་བཅུ་དྲུག་ལོ་ལོན་ལྟར ་མཛེས་སེང་གེ་སྔོན་པོའི་སྟེང་དུ་བཞུགས་མཛད་ཅིང་།། ཕྱག་གི་པདྨ་བཟུང་དག་བཤད་པའི་ཚུལ་དུ་རྣམ་འཁྲིགས་ཞབས་གཡོན་སྐྱིལ་ཀྲུང་ཕྱེད།། ཚོགས་ལ་བརྟེན་ནས་མཚུངས་མེད་ཤིན་ཏུ་མཛེས་ཤིང་ཤིན་ཏུ་རིང་མིན་ཐུང་ངུ་མིན།། རིན ་ཆེན་གསེར་དང་ནོར་བུའི་རྣམ་པ་སྣ་ཚོགས་རྒྱན་གྱིས་ཕྲེང་བས་ཀུན་ནས་བརྒྱན།། བདེན་པ་མ་ཡིན་བརྫུན་པའང་མིན་པའི་མེ་ལོང་མཐོལ་དུ་གཟུགས་བརྙན་ལྟ་བུར་གསལ་གྱུར་པ།། འགྲོ་བ་ཀུན་ལ་ཡོངསུ་སྐྱབས་སྦྱིན་སྨྲ་བའི་མ ་པོ་དཔའ་བོ་གཞོན་ནུ་བསྒོམ་པར་བྱ།། ཕྱི་ནས་བདག་ཉིད་དེ་བཞིན་སྡིག་པ་རྣམས་ནི་རྣམ་པར་བྱང་གྱུར་འཇམ་པའི་རྡོ་རྗེའི་སྐུར་གྱུར་པ།། མཁས་པས་ཇི་སྲིད་བཅོམ་ལྡན་སྐུ་དང་མཚུངས་པར་མ་གྱུར་བར་དུ་རིང་དུ་ཡོང་ནི་བསྒོམ ་པར་བྱ།། བསྒོམས་པས་ངལ་ན་སྩོགས་བཟླས་ཏེ།། ཏ་མཐའ་ར་མཐའ་ས་མཐའ་དང་།། དེ་བཞིན་གསལ་བྱེད་རིམ་པའི་ཚིགས།། ཨི་ཡིག་དང་ནི་སྣ་ལྡན་བཅས།། འདི་ཡི་ཁྱད་པར་གཞན་རྣམསྟེ་ནི།། བླ་མེ་དམ་པའི་གསུང་བཞིན ་དུ།། དྲི་མེད་རྣམ་དག་རབ་ཏུ་བཟུང་བྱེ་བློ་ལྡན་མཁས་པ་ཡི།། རབ་མཆོག་བླ་མའི་བཀའ་ཡིས་བསམ་གཏན་སྔགས་ཀྱིས་བྱ་བ་བྱ།། ཁྱད་པར་ཀུན་ནས་གསུངས་པ་མཐའ་དག་བདག་གིས་ཤེས་མི་ནུས།། གལ་ཏེ་ཡིད་ཀྱིས་ཀྱང ་ནི་འཇམ་དཔལ་ཤིན་ཏུ་ངོ་མཚར་ཞིང་།། ཡང་དག་སྒྲུབ་བྱེད་བཅོམ་ལྡན་རྟག་ཏུ་འཛིན་བྱེད་གྱུར་པ་ཡི།། དངོས་གྲུབ་བླ་མ་དམ་པའི་གསུང་ར་བཱ་ལས་བློ་གྲོས་དང་ལྡན་ཞིང་།། དེ་བཞིན་དུ་ཡང་མི ་ཤེས་མུན་པའི་ཚོགས་རྣམས་ངེས་འཇོམས་གྱུར།། ཡང་དག་བླ་མའི་བཀ་འདྲིན་གྱིས་ནི་བྷི་གྲོས་དམན་པ་བདག་གིས་འཇམ་པའི་དཔལ།། གཞན་ནུའི་རྩ་ལས་འདི་བྱས་དཔག་མེད་བསོད་ནམས་ཚོགས་ནི་གང་ཞིག ་བསགས་གྱུར་པ།། ངོ་ཡིས་འདིར་ནི་མི་དགེ་སྤངས་ཤིང་དཔལ་ལྡན་འཇམ་པའི་རྡོ་རྗེ་དཔེ་མེད་པ།། དཔལ་དང་ཡིད་བཞིན་ནོར་དང་དཔག་བསམ་ལྗོན་པ་ལྟ་བུ་འགྲོ་ཀུན་ཐོབ་གྱུར་ཅིག། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། ་པཎྜི་ཏ་དཔ་ལ་ལྡན་ཡིད་བཞིན་ནོར་བུས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་བཱ་དཱི་རཱ་ཛཱ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ ་