CLOSE WINDOW

GT2263: 'phags pa 'jam dpal gyis sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་བྷཱི་སཱ་དྷ་ནཽ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱིས་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞེན་ནུར་གྱུར་པ་ལ་ཕྱུག་འཚོ་ལྷོ།། དང་པོར་རེ་ཞིག་ཞལ་བཀྲུ་བ་ལ་སོགས་པ་བྱས་ནས། ་སྟོན་འཇམ་ཞིང་བདེ་བ་ལ་ཉི་བར་འདུག་སྟེ། རང་གི་སྙིང་གར་པཾ་ཡིག་ལས་སྐྱེས་པའི་པདྨའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཾ་ཡིག་གི་འོད་ཟེར་གྱིས་འོག་མིན་གྱི་གནས་སུ་ཞུགས་དེ ་གངདན་དྲངས་ནས། ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་འཇམ་དཔལ་གཞོན་ནུར་གྱུར་པ་མདུན་དུ་བསྒོམ་པར་བྱའོ།། དེ་ནས་ཕྱིའི་མཆེད་པ་མེ་ཏོག་དང་སྤོས་ལ་སོགས་པ་ཕུལ་ནས་མངོན་པར་ཕྱག་འཚལ་ཏེ། ་ཡང་ཕྱི་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། དགེ་བ་བསྔོ་བ་དང་། གསུམ་ལ་སྒྲུབ་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསོལ་བ་གདབ་པ་དང་། བདག་ཉིད་ངེས་པར་དབུལ ་པ་རྣམས་བྱས་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། ཡང་དངོས་པོ་མཐའ་དགེ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་ནས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་ནས ་སླར་ཡང་སྨོན་ལམ་རྗེ་སུ་དྲན་ནས། གཟུགས་བརྙན་ཙམ་དུ་རྣམ་པར་བལྟས་ནས་པདྨ་དང་ཟླ་བའི་སྟེང་དུ་མཾ་ཡིག་གི་ས་བོན་གྱི་འོད་ཟེར་གྱིས་རབ་ཏུ་བཅུག་ནས་བདག་ཉིད་འཇམ་དཔལ་གྱི་སྐུར་བསྒོམ་པར་བྱའོ།། སྐུ་མདོག ་སེར་པོ་བཤད་པའི་ཕྱག་རྒྱ་འཛིན་པ་རིན་པོ་ཆེའི་རྒྱན་དང་། རིན་པོ་ཆེའི་ཅོད་པནྡ་ཙན། གཡོན་ན་ཨུད་པ་ལ་བསྣམས་པ། སེང་གེའི་གདན་ལ་བཞུགས་ཤིང་སྤྱི་བོར་མི་བསྐྱོད་པ་བཞུགས་པ། ཟླ་བའི་གདོན་ལ་ཟླ་བའི ་འོད་ཟེར་ལྟ་བུའི་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་གཡས་ཕྱོགསུ་སུཾ་ཡིག་གིས་ས་བོན་ལས་བྱུང་བའི་ནོར་བཟངས་གཞོན་ནུ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་གྱིས་མཛེས་ཤིང་། རིན་པོ་ཆེའི་ཅོད་པན་ཅན། ཆོས་ཐམས ་ཅད་ཀྱི་པོ་ཏི་ཅིག་མཚན་ན་བཟུང་ནས་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་བཞུགས་པའོ།། གཡོན་ཕྱོགས་ལོགས་ན་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཧཱུཾ་ཡིག་གི་ས་བོན་ལས་བྱུང་བ་ཞལ་འཇིགས་ཤིང ་ཕྱག་ན་ཐོ་བ་བསྣམས་པ། སྐྲ་དམར་སེར་གྱེན་དུ་བརྗེས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པའོ།། དེ་ནས་གཡས་དང་གཡོན་ཕྱོགས་ལོ་གསུ་ཟླ་བའི་འོད་དང་ཉི་མའོ་འོད་དག་གོ།། ཤིར་ལ་སོགས་པའི་ཕྱོགས་ཀྱི་ཆ་ལ་རྣམ་པར ་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམསོ།། མེ་ལ་སོགས་པའི་མཚན་རྣམསུ་སྤྱན་མ་དང་། མཱ་མཱ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱང་ངོ་ཞེས་སོ།། དེ་ནས་ཡེ་ཤེས ་སེམས་དཔའ་བཅུག་སྟེ། མིག་ལ་སོགས་པའི་བྱིན་བརླབས་དང་། ལུས་དང་། ངག་ཡིད་བྱིན་གྱིས་བརླབས་ཤིང་དབང་བསྐུར་ནས། མཆོད་པ་དང་བསྟོད་པ་བྱས་ཏེ། སྤྱི་བོར་མི་བསྐྱོད་པས་རྒྱས་གདབ་པོ། ཕྱི་ནས་བསམ ་གཏན་དང་ལྡན་པས་སྔགས་བཟླས་པར་བྱའོ།། དེ་ལ་སྔོགས་ནི་འདིའི།། ཨོཾ་དྷརྨ་དྷཱ་ཏུ་བཱ་གཱི་ཤཱ་རི་མུཿསྭཱ་ཧཱ། ཞེས་སོ།། འཇམ་དཔལ་སེདྡྷེ་སྒྲའི་སྒྲུབ་ཐབས་རྫོགས་སོ།། ་