CLOSE WINDOW

GT2260: dpal 'jig rten mgon po'i sgrub thabs
Wyliee-texts produced with BDRC’s OCR application

མཛད་པའོ།། ། རྒྱ་གར་སྐད་དུ། ཤཱི་ལོ་ཀ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྔ་ཕྱག་འཚལ་ལོ།། གང་གིས ་མིང་ཙམ་གྱིས་ཀྱང་ནི།། དཔལ་ལྡན་བསྐལ་པ་བརྒྱར་འཇུག་པའི།། འཇིག་རྟེན་དབང་ཕྱུག་ལ་བཏུང་ནས།། སྒྲུབ་ཐབས་བསྡུས་པ་བཤ་པར་བྱ།། འདིར་དང་པོ་རེ་ཞིག་ལྷག་པར་བསྒོམ་པར་བྱེད་པའི་སྔགས་པས་སྔ་བར ་ལངས་ཏེ་ཡིད་དང་མཐུན་པའི་གནས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཡི་གེ་གསུམ་གྱི་སྔགས་ཀྱིས་གནས་དྲང་བདག་བསྲུང་བའི་སྦྱོར་བ་བྱའོ།། མདུན་དུ་ཁ་ཆེ་སྐྱེས་དང་ཙན་དན་དམར་པོས་མཎྜལ་ཟླུམ་པོ་ལ་ཉེ ་པབཔར་བྱུགས་ཏེ་སྐད་ཅིག་གོས་སྟོང་པ་ཉིད་དུ་བསྒོམས་ནས། རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་སྙིང་གི་མུན་པ་འཇོམས་པ་ཡོངསུ་སྤྲོས་ནས། ཆུ་སྐྱེས་དམར་པོ་སྐྱ་རེག་རེངས་ལྟ་བུ་ལ་འོད་ཟེར་གྱི ་ཚོགས་འཕྲོ་བའི་ཧྲཱིཿཡིག་བལྟས་ཏེ། དེ་ལས་འཕྲོས་ཏེ་ཕྱོགས་བཅུ་ཁྱབ་པར་བྱས་ནས་ཡོངསུ་འཕྲོ་བའི་ཧྲཱིཿཡིག་ལྕགས་ཀྱུས་མདུན་གྱི་ནམ་མཁའ་ལ་གདན་དྲངས་ཏེ། འཇིག་རྟེན་མཐའ་དག་གཅིག་ཏུ་གདོན་པར་འདོད་པའི ་མཁས་པས་བདེ་བར་གཤེགས་པ་སྲས་དང་བཅས་པ་དང་ཆུ་སྐྱེས་ཀྱི་ཕྱག་རྒྱ་ཅན་རྣམས་རྣམ་པར་བལྟས་ཏེ། མེ་ཏོག་ལ་སོགས་པའི་མཆོད་པས་ཡང་དག་པར་མཆོད་ནས། དེ་རྣམས་ཀྱི་མདུན་དུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། ་སྡིག་པ་བཤགས་པ་ལ་སོགས་པ་བཏང་སྙོམས་ཀྱི་བར་དུ་ཇི་སྙེད་པ་རྣམ་པར་བསྒོམས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ&ཧཱུཾ། ཞེས་པས་ལྷག་པར་གྲོལ་བར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པས ་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་སྔོ་བར་སྨོན་ལམ་གྱི་རྗེས་སུ་འཇུག་པས་སྙིང་རྗེ་ཆེན་པོ་རབ་ཏུ་སད་ནས་པཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་པའི་ཆུ་སྐྱེས་ལ་གནས་པ་དབྱངས་དང་པོ་ལས་སྐྱེས་པའི་ཟླ་བའི་འོད་ཀྱིས་དཀྱིལ ་འཁོར་ལ་བན་དུ་ཀ་སྐྱེས་པའི་མདོག་ལྟ་བུའི་ཧྲཱིཿཡིག་ལས་སྐྱེས་ཤིང་ཧྲིཿཡིག་གིས་ལྷག་པར་གནས་པའི་དབུསུ་ཉི་མའི་འོད་ཟེར་དང་མཚུངས་པའི་ཆུ་སྐྱེས་བསམ་པར་བྱའོ།། དེ་ནས་ས་བོན་གྱི ་ཡི་གེ་ལས་ངེས་པར་འཕྲོས་ཏེ། སངས་རྒྱས་ཀྱི་ཞིང་རྣམསུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གསལ་བར་མཛད་ནས། དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚིགས་དང་རོ་མཉམ་པར་གྱུར་ཏེ། དེ་ལ ་བཞིན་དུ་ཞུགས་པར་བསམ་མོ།། ས་བོན་གྱི་མཚན་མའི་པདྨ་ཡོངསུ་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ་མཉམ་པའི་ཞབས་ཀྱིས་བཞུགས་པ། གློག་དང་བྱུ་རུའི་ཁ་དོག་ལྟ་བུ། པདྨ་རྒྱས་པའི་ཞལ་མངའ་བ། ཨུཏྤ་ལ ་སྔོན་པོའི་འདབ་མ་ལྟར་ཡངས་པའི་སྤྱན་ཟུང་དང་ལྡན་པ། དབུ་སྐྲ་གནག་ཅིང་རིང་བ་ལྷོའི་གོས་དང་རྒྱན་གྱིས་རྣ་བར་བརྒྱན་པ། ཕྱག་གཡས་པ་དང་། གཡོན་པ་དག་གི་མཆོད་སྦྱིན་དང་། ཆུ་སྐྱེས་དམར་པོ་བསྣམས་པ ་ལོ་བཅུ་དྲུག་ལོན་པ་ལྟེ་བུ་འོད་ཟེར་དམར་པོ་འཕྲོ་ཞིང་ཉི་མའི་དཀྱིལ་འཁོར་དང་། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྙིང་གར་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་ནཱས། དཔྲལ་བ་དང་། མགྲིན་པོ་དང་། ནུ་མའི་བར་དུ་ཡི ་གེ་གསུམ་གྱིས་བརྒྱན་པའི་དཔལ་ལྡན་འཇིག་རྟེན་དབང་ཕྱུག་གི་སྐུར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་མེ་ལ་སོགས་པའི་མཚམ་སུ་པདྨ་ལ་གནས་པའི་ཀུ་མུ་ཏའི་གཉེན་གྱིས་སྟེང་དུ་དཀར་པོ་དང་། ནག་པོ་དང་། ་དམར་པོ་དང་། ལྗང་གུའི་ལཱཾ་མཱཾ་པཱཾ་ཏཱཾ་གྱི་ཡི་གེ་ཡོངསུ་གྱུར་པ་ལས་དེའི་སྐུ་མདོག་ཅན་ཐལ་མོ་སྦྱར་ཞིང་པུས་མོ་ས་ལ་གཙུགས་པ་ལང་ཚེ་གཞོན་ནུ་དང་ལྡན་པ། སྣ་ཚོགས་པའི་རིན་པོ་ཚ་དང་། གོས་ཀྱིས་བརྒྱན་པ་འགྱིང་ཞིང ་ཞལ་འཛུམ་པ་དང་ལྡན་པའི་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མི་དང་། སྒྲོལ་མ་རྣམས་བསྒོམ་པར་བྱའོ།། དེའི་རྗེ་སུ་རང་གི་སྙིང་གའི་ས་བོན་གྱིས་རྒྱལ་པོ་ལས་འོད་ཟེར་འཕྲོས་ཏེ། ཧྲཱིཿཡིག་འོད་ཟེར་གྱི་ལྕགས་ཀྱུས ་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན། དམ་ཚིག་སེམས་དཔའ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་གདན་དྲངས་ནས་ནཱ་མཁའི་མཐིལ་དུ་བལྟ་སྟེ། དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱས་ནས། ཨ་བྷི་ཥིཉྩ་ཏུ་མཱ ་སརྦ་ཏཱ་ཐཱ་ག་ཏ་ཞེས་བསྡུ་མངོན་པར་མཆོད་ནས། ན་མཁའི་མཐིལ་དུ་སོང་སྟེ། བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་རྣམས་ཀྱིས་ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བརྗེད་ནས་བདག་ལ་དབང་བསྐུར་བྱར ་མཛད་ཅིང་། བདག་ཉིད་ཀྱི་སྤྱི་བོར་ངག་གི་དབང་ཕྱུག་བཞུགས་པར་བསྒོམ་པར་བྱའོ།། དེ་ནས་རང་གི་ས་བོན་ལས་སྐྱེས་པའི་འོད་ཟེར་གྱི་དྲ་བས་ན་མཁའི་མཐིལ་མཐའ་དག་ཁྱབ་ཅིང་ཉེ་བར་སྤྱད་པ་གཅིག་ཏུ་རབ་ཏུ་མང་པོ་སྤྲོས ་ནས་བཞི་པོ་དགའ་ཞིང་དགའ་བའི་ཚོགས་ཀྱིས་བདག་ལ་མངོན་པར་མཆོད་ནས་པར་བསྒོམ་པར་བྱའོ།། དེ་ནས་ཡོངསུ་འཕྲོ་བའི་འོད་ཟེར་དམར་པོ་རབ་ཏུ་བརྐྱང་སྟེ། སྡིག་པའི་གོན་སུ་ལྷུང་བའི་སྲོག་ཆགས་རྣམས་བཏོན་ནས་བདེ ་པར་གཤེགས་པའི་ལམ་ལ་ངེས་པར་སྦྱར་ནས། སྨིན་ཅིང་གྲོལ་བར་བྱའོ།། རང་གི་ཆོ་གས་བསྡུས་ནས་བྱ་སྟེ། སྐད་ཅིག་གིས་བསམ་པར་བྱའོ།། ངལ་བར་གྱུར་ན་སྙིང་གའི་ས་བོན་གྱི་དབུས་བསྡུས་ནས། དཾ ་ཚིག་གི་ས་བོན་དང་རང་བཞིན་གྱི་ས་བོན་གྱི་སྔགས་ཀྱི་རྒྱལ་པོ་བཟུང་ནས་བཟླས་པར་བྱའོ།། དེའི་རྗེསུ་བདག་ཉིད་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་རྣམས་ཀྱིས་མངོན་པར་མཆོད་ནས་འབྱུང་པོ་ཐམས་ཅད་ལ་ཇི་ལྟར་འཐུན་པའི ་གཏོར་མ་དབུལ་ཞིང་སྨོན་ལམ་དང་རྗེ་སུ་ཡི་རང་བ་དང་། ཡོངསུ་བསྔོ་བ་ཡང་བྱས་ནས། ཡི་གེ་གསུམ་གྱི་སྔགས་བརྗོད་དེ། ལྷ་མོ་བཞི་སྙིང་གའི་ས་བོན་ལ་བསྡུས་ནས་ལངས་ཏེ་ཅི་བདེར་གནས་པར་བྱའོ།། གཉིས་པ་དང་། གསུ ་པའི་ཐུན་མཚམས་ངག་ལ་སྙིང་གའི་ས་བོན་དག་ལ་ལྷ་མོ་བཞི་དབུགས་ལ་ཞུགས་ནས་ཆོ་ག་སྔ་མ་བཞིན་དུ་བྱའོ།། ཐུན་མཚམས་བཞི་པ་ལ་སྔ་མ་བཞིན་དུ་བྱས་ནས། ཨོཾ་ཨཱཿབཛྲ་མུཿཞེས་པོས་ཡེ་ཤེས་སེམས་དཔའ ་གཤེགས་ཏེ་ལྷ་མོ་རང་གི་སྙིང་གའི་ས་བོན་ལ་བཅུག་ནས་ཇི་ལྟར་འདོད་པ་བཞིན་གནས་པར་བྱའོ།། ཉལ་བའི་དུསུ་དོན་དམ་པའི་སེམས་མངོན་དུ་བྱས་ནས་ཉོལ་བར་བྱའོ།། སྔགས་པས་སྔ་བར་སྨོན་ལམ་གྱི་དབང་གིས ་རབ་ཏུ་སད་ནས་ལངས་ཏེ་ཇི་ལྟ་བ་དེ་བཞིན་དུ་བྱའོ།། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། སྠི་ར་ཙཀྲ་སཱ་དྷ་ནཾ། བད་སྐད་དུ། བརྟེན་པའི་འཁོར་ལོའི་སྒྲུབ་ཐབས ་