CLOSE WINDOW

GT2259: dpal 'jig rten gsum po dbang du byed pa'i 'phags pa b+hug+ma sgrub thabs
Wyliee-texts produced with BDRC’s OCR application

བསམ་པར་བྱའོ།། སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཤྲཱི་ཏྲཻ་ལོཀྱ་བ་ཤཾ་ཀ་རཨཱརྱ་བྷུཧྨ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཇིག ་རྟེན་གསུམ་པོ་དབང་དུ་བྱེད་པ་འཕགས་པ་བྷུགྨ་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལོ།། སངས་རྒྱས་བྱང་ཆུབ་སྡིག་པ་དང་བྲལ་བ།། བདེ་གཤེགས་སྲས་དང་རྒྱལ་བའི་ཡེ་བ་ཉིད་དང་།། ་འགྲོ་མགོན་འཇིག་རྟེན་མནན་རྣམས་ཕྱག་འཚལ་ནས། ངོ་མཚར་ཅན་གྱི་སྒྲུབ་ཐབས་བཤད་པར་བྱ།། སྙིང་གར་ཨ་ཡིག་ལས་སྐྱེས་ཟླ་བ་ཆུ་སྐྱེས་ཟླ་བ་ཡིད་ཀྱིས་མུན་འཇོམས་པ་ཡི་ཧྲཱིཿཡིག་འོད་ཟེར་དྲ་བའི་ཚོགས་འཕྲོ་ཆུ་སྐྱེས་དམར་པོ་སྐྱ་རེང ་མདོག་ལྟ་བུ།། རྣམ་ཐར་གསུམ་པོ་ཡང་དག་བསམ་ཞིང་མཁས་པས་གཟུགས་ནི་དྲི་མེད་ཞལ་སོགས་བསང་།། ཁྲོ་ལས་རྒྱལ་བས་དང་པོར་གནས་དང་བདག་ཉིད་བསྲུང་བའི་སྦྱོར་བ་ཉིད་བྱས་ཏེ། ཆང་དང་གུར་གུམ་བཟང་པོའི་འདི ་གུས་བྱུགས།། མེ་ཏོག་དྷི་བཟངས་རབ་བྱེད་གཅལ་དུ་བཀྲམ།། བསམ་གཏན་གནས་ནི་རབ་དགར་བདེ་བའི་སྟན།། མཐོན་པོ་ལ་ནི་རབ་ཏུ་འདུག་བྱས་ཏེ།། གུར་གུམ་ཙནྡ་དན་དམར་པོས་དེ་མདུན་དུ།། མཎྜལ་ཤིན་ཏུ་ཟླུམི་བྱས་ལེགས་པར ་བྱུགས།། མེ་ཏོག་དམར་པོ་སོ་མ་གཅལ་དུ་བཀྲམ།། རང་གི་སྔགས་བཟླས་མཆོད་ཡོན་དམ་པའི་སྣོད།། དེ་ནས་ན་མཁའ་རྒྱས་སྲས་ཀུན་བལྟས་ནས།། མཁས་པས་གཅིག་ཏུ་འགྲོ་ཀུན་སྐྲག་བཅས་གདོན་པའི་ཕྱིར།། མཆོད་པའི་ཆོ་ག་རྣམ ་མང་རང་གི་ས་བོན་བསྐྱེད།། དེ་རྣམས་བློ་གྲོས་ལྡན་པས་མཉམ་བཞག་ཡིད་ཀྱི་བྱ།། དེ་ནས་དེ་རྣམས་ཀྱི་མདུན་དུ་པུས་མོ་ས་ལ་གཙུགས་ཤིང་བཏུང་ནས་འདུག་སྟེ། ཐལ་མོ་སྦྱར་བ་ནས་བདག་ཉིད་ལྷག་པར་གྲོལ་བའི་ཕྱིར་སྡིག་པ་བཤ ་པ་ལ་སོགས་པ་བྱ་སྟེ། སྐྲག་ལས་སྡིག་པ་མ་ལུས་བཤགས་བགྱིད་ཅིང་།། མ་ལུས་སྡིག་པ་དགའ་བར་མི་བགྱི་།། དགེ་བ་ཀུན་ལ་རྗེ་སུ་ཡི་རང་ཞིང་།། བྱང་ཆུབ་མཆོག་ཏུ་བདག་གིསོ་ཡོངསུ་བསྔོ།། དཔུང་གཉེན་དཀོན་མཆོག་གསུམ་ལ་བདག ་སྐབས་མཆི།། སངས་རྒྱས་རྣམས་ལ་བདག་གི་ལུས་འདི་དབུལ།། འགྲོ་ལ་ཕན་བགྱིད་བྱང་ཆུབ་སྙིང་པོ་གཟུང་།། སངས་རྒྱས་ཕུན་ཚེགས་གནས་ལ་ཡང་དག་བསྟེན།། འགྲོ་བ་མཐའ་དག་སྡུག་བསྔལ་གྱིས་མནར་ཡང་དག་བལྟ།། སྔགས་པས་དེ་ལ ་རྗེ་ཆེན་འོད་ཟེར་བསྒོམ་བྱ་སྟེ།། བདག་དང་འགྲོ་བ་མ་ལུས་གཉིས་མེད་སྟོང་པར་བསྒོམོ།། ཀུནྡ་ལ་བཱན་པར་ཡང་ནི་རབ་ཏུ་བལྟ་བར་བྱ།། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཨཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཱཾ། ཞེས་པ་འདིས་བྱིན ་གྱིས་བརླབ་པར་བྱའོ།། དེ་ནས་མདུན་དུ་འོད་ཟེར་དྲ་བ་འཕྲོ་བ་ཡི།། པ་ལ་ཤའི་མེ་ཏོག་ལྟ་བུའི་ཧྲཱིཿཡིག་བསམ།། དེས་བྱུང་ཟླ་བ་གང་བའི་གཟུགས་བལྟས་ལ།། ཧྲཱིཿཡིག་འོད་ཟེར་དྲ་བའི་འོད་ཀྱི་དབུས།། དེ་སྟེང་ཧྲཱིཿཡིག་ལས་བྱུང་ཉི་མ་སྟེ།། འོད་ཀྱིས་ཕྱོ ་རྣམས་ཀུན་དུ་སྣང་བྱེད་ཅིང་།། དབུས་གནས་ཧྲིཿཡིག་ལས་བྱུང་འོད་ཟེར་འབར།། མུན་པ་མཐའ་དག་འཇོམས་བྱེད་ཡང་དག་བསམ།། དེ་སྟེང་རང་གི་ས་བོན་ལས་སྐྱེས་པའི།། འདམ་སྐྱེས་རྣམ་རྒྱས་ཉི་མའི་ཁ་དོག་བཞིན།། ཡི་གེ་ཧྲཱིཿཡིས་རབ་མཛེས ་དབུས་མའི་ཆ།། མཁས་པས་ཡིད་ཀྱི་མུན་འཇོམས་རྣམ་པར་བསམ་བྱས་ལ།། དེ་ནས་རང་གི་ས་བོན་མ་ལུས་པ་ལས་ནི།། ཐུབ་དབང་སྤྲོ་དང་དེ་ལས་བསྡུ་བྱས་ནས།། ས་བོན་གྱིས་མཚན་ཉི་ཟླའི་ཐིག་ལེས་བསྐྱེད ་འགྲོ་བའི་མངོན་དུ་བདག་ཉིད་བལྟ་བར་བྱ།། པདྨ་དང་ནི་ཟླ་བའི་སྟེ་ང་ན་རོལ་ཞིང་མཉམ་པའི་ཞབས་ཀྱིས་ཡང་དག་བཞུགས།། འཁྲུལ་པར་བ་བཅོམ་པདྨ་རྒྱས་པའི་ཞལ་མངའ་གློག་དང་བྱུ་རུ་ལྟ་བུར་གསལ།། སྤྱན་གཉིས་ཡངས་པ་ཨུཏྤལ ་སྔོན་པོ་འདྲ་ཞིང་སྨིན་འཁྱུགས་མཛེས་པས་བརྒྱན་གྱུར་པ།། རལ་པ་མཛེས་ཤིང་མི་ཏིག་ཆུན་པོས་རྣམ་བརྒྱན་ལྷ་ཡི་གོས་ཀྱིས་རབ་མཛེས་པ།། འོད་ཟེར་དམར་པོ་འཕྲོ་བའི་ས་བོན་ལས་སྐྱེས་རྒྱལ་བ་ཕུནི་ཚོགས་སེམས་ཅན་དོན།། ཕྱག ་ནི་གཡོན་པ་པདྨ་དམར་པོ་རྣམ་པར་རྒྱས་པ་རྣམ་པར་བསྣམས་གྱུར་པ།། མཁས་ཤིང་ཕྱག་གཡས་ནས་ནི་རྣམ་པ་ཀུན་གྱི་མཆོག་ནི་རབ་ཏུ་བརྩོམ་པར་མཛད།། རིན་ཆེན་རྒྱན་གྱིས་རབ་མཛེས་ཡི་དྲ་རབ་དང་པའི་འཇིག་རྟེན་དབང་ཕྱུག ་འོད་རབ་གསལ།། དེ་ནས་སྙིང་གར་ཆུ་སྐྱེས་ཟླ་བ་ལ།། ཧྲཱིཿཡི་ག་འོད་ཀྱིས་ཡོངས་བསྐོར་ཉེ་བོར་བསམ།། སྙིང་མགྲི་ནུ་སྤྱི་བོར་ཟླ་བའི་སྟེང་རྣམས་སུ།། ཧཱུཾ་ཨཿཱ~ཾ་ཡིག་འོད་འབོར་མྱུར་དུ་བལྟ།། དེ་ནས་ཕྱོགས་མིན་པདྨ་ཡང་དག་བལྟ།། བནྡུའི ་ཁ་དོག་ཕྱོགས་བཞིར་རབ་ཏུ་རྒྱས།། དེ་སྟོང་བསིལ་ཟེར་བྱེད་པ་ཡོངས་རྫོགས་པ།། གུར་གུམ་ལྟ་བུར་རབ་གསལ་བསྒོམ་པར་བྱ།། དེ་ལ་རང་སྙིང་སྔགས་ཀྱི་འོད་ཟེར་ནི།། ཞལ་ནས་ངེས་མཐོན་ཟླ་བ་བཞི་ཡི་བདག། གང་ལ་དེ་ཞུགས་དེ་རྣམ ་སྟེང་དུ་ནི།། མུན་པའི་ཚེགས་འཇོམས་ཉི་མ་དེ་བཞིན་དུ།། མེ་སོགས་མཚམས་གྱུར་ཉི་མ་གནས་པ་ལ།། ས་བོན་ཤིན་ཏུ་དཀར་ནག་དམར་དང་སེར།། ལཱཾ་མཱཾ་དྭེ་ནས་པཱཾ་དང་ཏྲཾ་བཞི་ལས།། ཟླ་བ་ཉི་མ་ཡང་དག་སྦྱོར་བར་བསམ།། ་དེ་ནས་ཟླ་བའི་ས་བོན་ལས་སྐྱེས་བལྟ།། ཇི་ལྟར་རང་གི་བསྟན་ནི་གཞིར་གྱུར་པ།། ལྷ་མོ་སྣ་ཚོགས་རྒྱན་དང་ན་བཟའ་མཆོག། རིན་ཆེན་ཐོར་ཚུགས་རབ་བཅིངས་རྒྱན་གྱིས་མཛེས།། མེ་རུ་པདྨ་ཟླ་ལ་སྤྱན་དྲངས་ཏེ། ཀུན་ད་ཟླ་འོ་ཡི་འོད་ཕྱུག ་གཉིས་མ།། བདེན་བྲལ་པདྨ་མཱ་མ་ཀཱི།། བརྩེ་ལྡན་ནུབ་བཅས་ཨིནྡྲ་ནཱི་ལཱའི་མདོག། རླུང་གི་པདྨ་ཟླ་ལཱ་གོས་དཀར་མོ།། ཆུ་སྐྱེས་དམར་པོ་ཉི་མ་དང་མཚུངས་བདེ།། དབང་ལྡན་པདྨ་ཟླ་ལ་སྒྲོལ་མ་སྟེ།། གསེར་མདོག་ཤིན་ཏུ་ཞི་བ་བསྒོ ་པར་བྱ།། དེ་རྣམས་པུས་མོ་ས་ལ་གཙུགས་ཤིང་རུང་ཞིང་ཡངས་པའི་སྤྱན།། ནུ་མ་ཟུང་དག་མིཐོ་ཞིང་འཁྲེགས་ལ་རྐང་པའི་དབུས་ཆ་ཕྲ།། གུས་པ་དང་བཅས་རོལ་པའི་སྐུ་སྨིད་རྒྱས་ཤིང་ཡན་ལག་མཆོག། སྐྲ་ཡི་འོད་ཟར་འཁྱིལ ་ཤིང་འཛུམ་ལྡན་ཐལ་མོ་རབ་ཏུ་སྦྱོར།། དེ་ནས་སྙིང་གྲའི་སྔགས་ཀྱི་འོད་ཟེར་ཕྲེང་བ་ཡིས།། གདན་དྲངས་མདུན་གྱི་བར་སྣང་ལ་ནི་བཞུགས་པར་བསམ།། དཔལ་ལྡན་ཡེ་ཤོས་འཁོར་ལོའི་ཆོ་ག་བཞིན་དུ་ནི།། རང་གི་འཁོར་ལོས་གདན ་དྲངས་གཞུག་པ་ལ་སོགས་བྱས།། དེ་ནས་རང་གི་བདག་ཉིད་རྗེས་འཇུག་པུ་པ་ཡིས།། དབང་བསྐུར་ཡེ་ཤེས་ཆུ་ཡིས་མངོན་པར་གང་བར་བལྟ།། རྒྱལ་བའི་དབང་བསྐུར་ཆུ་ལས་རབ་ཏུ་སྐྱེས་གྱུར་པའི།། ཀུན་གྱི་སྤྱི་བོར་ངག་གི་དབང ་ཕྱུག་ལེགས་པར་བསམ།། དེ་ནས་རང་སྙིང་ས་བོན་འོད་ཟེར་ལས་སྐྱེས་པའི།། ལྷ་མོའི་ཚེགས་དང་ལྷ་རྣམས་ཀྱིས་ནི་གང་འགྱུར་ཏེ།། དཔག་ཏུ་མེད་པའི་མཆོད་པ་སྣ་ཚོགས་འཕྲོ་བ་ཡིས།། རང་གི ་འཁོར་ལོ་ཡང་ནི་ཡོངསུ་མཆོད་པར་བསྒོམ།། དེ་ནས་སྙིང་གར་ཟླ་བ་དམར་པོ་ཡོངས་རྫོགས་ལ།། འོད་ཟེར་དམར་པོའི་ཆ་ཤས་ཚོགས་ཀྱིས་ཡོངསུ་བསྐོར།། ཤིན་ཏུ་དམར་བའི་ཨོཾ་ཧཱུཾ་ཡི་གེ་དབུསུ་གནས།། བདག་གིས་ས ་བོན་ལས་ནི་རབ་ཏུ་འབར་བར་བལྟ།། རྣམ་པར་འཕྲོ་བའི་འོད་ཟེར་རྗེས་འཇུག་ཁ་དོག་ཚེགས།། རྒྱུ་སྐྱེགས་དམར་པོ་བཞིན་དུ་འཇིག་རྟེན་སྣང་བར་བྱེད།། རྫོགས་པའི་སངས་རྒྱས་རྣམ་པར་དག་པའི་བྱང་ཆུབ་བཟུང་།། སྔགས་པས ་དེ་ལ་དེ་བཞིན་སོ་སོར་བསྡུ་བ་དང་།། ཡང་དག་སྤྲོ་དང་བསྡུ་བའི་ཆོ་ག་ཡང་ཡང་དུ།། རྣམ་པར་སྐྱོ་བ་མེད་པའི་ཡིད་ཀྱིས་དེ་བཞིན་བྱ།། དེ་དག་གིས་ནི་ངལ་པ་ཆེར་གང་གིས་ཚེ།། དེ་ཆེ་ཞལ་འཁོར་ལོ་དང་ལྡན་སྔགས་བཟླས་བྱ།། ཉོ་མ་སོ་སོའི ་ཐུན་མཚམས་ལ།། བསྒོམ་པ་ལ་འབང་སྔགས་བཟླས་བྱ།། གལ་ཏེ་སྐབས་ནི་ཡོད་གྱུར་ན།། ཇི་སྲིད་མངོན་སུམ་མི་སྟོང་པར།། ཐུན་མཚམས་སོ་སོ་ཆོ་ག་བཞིན།། རྣམ་ངག་ཡིད་གསུམ་སྔགས་བྱིན་བརླབས།། སྔགས་པས་མངོན ་པར་བཟླས་པ་བྱ།། འབྱུང་པོ་ཀུན་ལ་གཏོར་མ་སྦྱིན།། དེ་ནས་ལྡང་བར་འདོད་པ་ན།། ཚོགས་བཅད་གཅིག་པའི་སྨོན་ལམ་གདབ།། ཡང་ན་དཔལ་ལྡན་ཀླུ་སྒྲུབ་ཞབས།། ལ་སོགས་ཀྱིས་མཛད་མངོན་འཕགས་ཀྱིས།། བདག་གི ་བསོད་ནམས་འདི་ཡིས་ནི།། འགྲོ་ཀུན་རྟག་ཏུ་དྲི་མེད་པའི།། དཔལ་ལྡན་ཁམས་གསུམ་དབང་བྱེད་གནས།། དེ་བཞིན་མྱུར་དུ་ཐོབ་པར་ཤོག། ཨོཾ་ཨཱ་ཧཱུཾ། ཞེས་བརྗོད་སྙིང་གར།། ལྷ་མོ་བཞི་བསྡུ་ས་བོན་ལ།། ལངས་ནས་བྱ་བ་ཐམས ་ཅད་བྱ།། སྣ་ཚོགས་པ་ཡིད་དོན་རྣམས་དང་།། དེ་བཞིན་ཐུན་མཚམས་བཞིའི་དུས་རྣམས་ཏེ། འོན་ཀྱང་ཁྱད་པར་ཅུང་ཟད་འདི་ཡོད་དེ།། བློ་ཡིས་ཡེ་ཤེས་སེམས་དཔའ་གཤེགས་ནས་ནི།། རང་གི་འཁོར་ལོར་མ་ལུས་བསྡུ་བྱ་སྟེ།། ་ཐུན་མཚམས་ལྷག་མ་ངོན་དམ་སེམས་ཉིད་ནི།། ཡང་ངག་མངོན་དུ་བྱས་ནས་སྔགས་པས་ཉལ།། སྔ་མིའི་དུ་སུ་སྨོན་ལམ་ནུས་པ་ཡི།། རབ་ཏུ་སད་ནས་དེ་བཞིན་ལངས་པར་བྱ།། བདག་གིས་ཀུན་ཏུ་འཇིག་རྟེན་མགོན་པོ་བསྒོམ།། ་དེ་ཡིས་འཇིགས་པ་ཆེ་རྣམས་རབ་ཏུ་ཞི།། རི་དྭགས་དབང་པོ་ཆུ་དང་ཐོག་སྲིན་པོ།། སྦྲུལ་དང་མེ་དང་དགྲ་དང་འཚོང་པི་རྣམས།། གང་གིས་རང་ལུས་འཇིག་རྟེན་དབང་ཕྱུག་རྟ།། དཽ་ལས་ཉེར་འཕྲོས་ནང་དང་བགེགས་ལ་སོགས།། དབུལ ་དང་སྐལ་ངན་མི་བདག་གིས་འཛིན་དང་།། དུས་མིན་དུ་སུ་འཆི་བར་འགྱུར་བ་དང་།། གང་གིས་ཐོག་མེད་སྲིད་པའི་ནང་ཞུགས་ནས།། ལུས་དང་ངག་དང་ཡིད་ཀྱི་སྡིག་པ་རྣམས།། མི་ཤེས་དབང་གིས་བྱས་པ་དེ་རྣམས་ནི།། གང་གི་འཛག ་རྟེན་མགོན་དྲན་ཉམས་ཤིང་ཞི།། གང་གིས་རྟག་ཏུ་གུས་པས་བསྒོམ་བྱེད་ན།། ངག་གི་རང་བཞིན་ཀུན་ཤེས་སྐྱེ་བོའི་དབང་།། སྔོནན་མཐོང་བའི་སྒྱུ་རྩལ་ཚོགས་རྣམས་དང་།། ཆུང་ངུ་ལ་སོགས་ཡོན་ཏན་བརྒྱད་རྣམས་ཐོབ།། གང་གིས ་འཇིག་རྟེན་དབང་བྱེད་བསྒོམ་བྱེད་ན།། ཟླ་བ་དྲུག་གིས་རིག་པ་འཛིན་པར་འགྱུར།། དེ་ཡིས་ཟས་སྒོམ་སྟན་ནས་པདྨའི་ས།། རྫས་ལ་སོགས་པ་མཆོག་རྣམས་ངེས་འབྱུང་འགྱུར།། གང་གིས་སྔགས་ནི ་ཡང་དག་བཟླས་བྱས་ནས།། ཉེས་པ་དང་བཅས་ཐམས་ཅད་སྤང་བར་འགྱུར།། ཡོན་ཏན་ཐམས་ཅད་ཡང་དག་སྐྱེ་ཞིང་སྟེ།། དེ་ཕྱིར་དལ་མེད་སེམས་ཀྱིས་སྔགས་བཟླས་བྱ།། དཔལ་ལྡན་ཁམས་གསུམ་དབང་བྱེད་འཇིག་རྟེན་དབང་ཕྱུག ་གི་ནི་ཡོན་ཏན་གསོལ་བྱེད་པའི།། བདག་གིས་སྒྲུབ་ཐབས་ཟླ་བའི་འོད་ཟེར་བགྱིས་པའི་གང་ཞིག་བསོད་ནམས་སྟོབས་ཀྱིས་ནི།། དེ་ཡིས་འགྲོ་བ་མ་ལུས་སྙིང་རྗེའི་གཞན་དབང་ཡིད་ཀྱི་མུན་པ་འཇོམས་གྱུར་པའི།། འགྲོ་བ་ཐམས་ཅད ་དབང་དུ་བྱེད་པའི་གོ་འཕང་ཐོབ་ཅིང་རྟག་ཏུ་ཞི་གྱུར་ཅིག། འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཕགས་པ་བུཧྨའི་སྒྲུབ་ཐབས་རྫོགས་སོ།། ། སློབ་དཔོན་དཔལ་ལྡན་ཤཱུནྟ་ཏཱ་ས་མཱ་དྷི་བཛྲ་བཱ་དཱས ་མཛད་པའོ།། ། རྒྱ་གར་སྐད་དུ། ཤཱི་ལོ་ཀ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྔ་ཕྱག་འཚལ་ལོ།། གང་གིས ་