CLOSE WINDOW

GT2258: 'jig rten dbang phyug don yod zhags pa'i thabs
Wyliee-texts produced with BDRC’s OCR application

བཅས་པ།། སྲ་མ། ཥའི་ཞལ་གྱི་གཟུངས་རྫོགས་སོ།། ། རྒྱ་གར་སྐི་དུ། ཨ་མེ་གྷཾ་པཱ་ཤ་ལོ་ཀེ་ཤྭ་ར་སཱ་དྷཱ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲ་བ་ཐབས། བཅོམ་ལྡན ་འདས་དོན་ཡོད་ཞགས་པ་ལ་ཕྱག་འཚལོ།། འཇིག་རྟེན་དབང་ཕྱུག་ཞི་ཞིང་དཀར།། ཡོན་ཏན་རྒྱ་མཚོ་དོན་ཡོད་གྲུབ།། ཕྱག་འཚལ་ནས་ནི་སྒྲུབ་པའི་ཐབས།། བདག་ཉིད་རྟོགས་ཕྱིར་ཅུང་ཟད་བྲི།། དེ་ལ་དང་པོར་སྔགས་པས་ཞི་ཞིང་སྙིང་རྗེ ་གཅིག་པུའི་སེམས་ཀྱིས་སྡུག་བསྔལ་མཐའ་དག་གི་ཆུ་སྲིན་གྱི་གནསུ་ལྷུང་བའི་འགྲོ་བ་རྣམས་ལ་ངེས་པར་བལྟས་ཏེ། དེ་རྣམས་བཏོན་ནས་བདེ་བའི་གནས་ལ་དགོད་ཅིང་བདག་གིས་དོན་ཡོད་པའི་འབྲས་བུས་བསྒྲུབ་པར་བྱའོ་ཞེས་ངེས་པ ་བརྟན་པོས་རི་བྲག་ལ་སོགས་པ་ཆུ་དང་མེ་ཏོག་དང་འབྲས་བུས་བརྒྱན་པའི་ཕྱོགསསུ་སྟན་གཙང་མ་ལ་སོགས་པ་ལ་འདུག་ནས། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མྦཱ་ར། མི་རི་མཱི་རི། མུ་རུ་མུ་རུ། མཧཱ་ཀ་རུ་ཎི་ཀ་སརྦ ་བིགྷྣཱན་ཧཱུཾ་ཕཊ། ཅེས་པ་འདིས་གསང་གཏོར་བྱའོ།། ཨོཾ་ཛ་ཡ་ཛ་ཡ་སྭཱ་ཧཱུ~ཾ། ཨོཾ་ཛ་ཡ་བི་ཛ་ཡཱཾ་སྭཱ་ཧཱ། ཞེས་པས་ལུས་དང་ངག་དང་ཡིད་ཀྱི་གནས་ལ་བགེགས་བསལ་བས་བཱིར་བྱའོ།། ཨོཾ་ཨ་ཙ་ལ་བཱི་རཱ་ཡ་སྭཱ་ཧཱ། ཞེས་བརྗོད་ནས་ཙུནྡན་ལ ་སོགས་པའི་དྲི་བཟངས་ཀྱིས་མཎྜལ་བྱས་ནས། རང་གི་སྙིང་གར་ཟླ་བའི་གཟུགས་བརྙན་ལེ་ཧྲཱིཿཡིག་དཀར་པོ་བལྟ་བར་བྱའོ།། དེའི་འོད་ཟེར་གྱིས་གདན་དྲང་བར་བྱ་སྟེ། ཨོཾ་བ་ར་པྲ་དྷཱ་ཡ་སྭཱ་ཧཱ། ཞེས་པས་དཔལ་ལྡན་པོ་ཊཱ་ལ་ཀེའི་རཱི་བི་ལས ་བསྐུལ་ནས། ཨོཾ་ས་ར་ས་ར་ཧཱུ་ལུ་ཧཱུཾ་ཧཱུཾ་ལུ་བྷ་ག་ཐཱན་དྷ་ར་དྷ་ར་ས་མ་ཡ་མཱ་ནུ་སྨཱ་ར་ཧཱུཾ་ཧཱུཾ་སྭཱ་ཧཱ། ཞེས་པའི་ཚིག་འདིས་ཕྱག་ལོ་སོགས་པ་འཆང་པར་འགྱུར་བའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་ཨོཾ་ཧྲཱིཿ ་ཧཱཿཧཱུཾ་སྭཱ་ཧཱ། ཞེས་བསྡུ་མཆོད་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པ་ཡིད་ཀྱི་རིང་བཞིན་གྱི་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་པར་བྱས་ཏེ། ཨོཾ་ཌཱ་ཌ་ཧཱུཾ་ཧ་པུཥྤཾ་སྭཱ་ཧཱ། ཨོཾ་དྷཱ་ན་དྷཱ་ན། མ་ཐ་མ་ཐ་ཧ་ཧཱ་ཧཱུཾཿདྷཱུ་པཾ་སྭཱ་ཧཱ། ཨོཾ་རི་དྷིཥྛ ་ཧྲཱིཙྪཧྲཱིདྡྷི་དཱི་བཾ་སྭཧཱ། ཨེ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཧེ་ཧེ་གནྡྷ་སཱུཛྫ། ཨོཾ་བར་བར་དཱ་ཡ་ཀི་ཎི་ལླེ་ཧྲཱིན་པ་དྷི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡང་དག་པར་མཆོད་ཅིང་བྱེག་འཚ་ལ་ནས་སྡིག་པ་བཞགས་པ་ལ་སོགས་པ་བྱའོ།། དེ་ནས་བྱམས ་པ་ལ་སོགས་པ་བསྒོམས་ནས་བརྟེན་པ་དང་གཡོ་བའི་འགྲོ་བ་མཐའ་ངག་གི་གནས་ཀྱི་དོན་དང་། སྐྱེ་བ་དང་བདག་གི་ལུས་དག་རང་གི་ས་བོན་གྱི་འོད་ཟེར་གྱིས་ཁྱབ་པར་བྱས་ནས། ཨོཾ་ཤཱུ་ནྱ་དཱ་ཛྙཱ་ན་བཛྲཱ་སྭ ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པས་རང་གི་སེམས་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་བི་མ་ལ་ཨུ་དཱ་ཡ་ཧཱུཾཿམཚོའོ།། ཨོཾ་རཏྣ་ཨ་ཙ་ལ་ཧཱུཾཿབསྐྱེད་པ་སྟེ། རིན་པོ་པའི་ཧྲིཾ་སྟེང་དུའོ།། ཨོཾ་ཀ་མ་ལཱ་བཾ་སྭཱ་ཧཱ། ཞེས་པས་པདྨ་ལེགས་པར་སྦྱར་ནས། ཨོཾ ་ཨེ་མྲྀ་ཏོ་ཏ་བྷ་བ་ཡ་སྭཱ་ཧཱ། ཞེས་པ་འདིས་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་ནས། དེའི་སྙིང་པོ་ལ་ཨཱ་ལི་དང་ཀཱི་ལི་ལ་སོགས་པའི་རོཛ་བཞིན་ཟླ་བ་དང་ཉི་མ་ཡང་དག་པར་སྦྱར་བ་ལ་ཧྲཱིཿཡིག་དཀར་པོ་ཡིང་དག་པར་སྐྱེས་པའི་འདམ ་སྐྱེས་དེའི་ས་བོན་གྱིས་འོད་ཟེར་གྱི་ཚོགས་ཀྱིས་བྱིན་གྱིས་བརླབས་ནས་ཟེ་འབྲུའོ།། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་ཡེ་ཤེས་ལྔའི་རིམ་པས་བཅོམ་ལྡན་འདས་འཕགས་པོ་སྤྱན་རས་གཟིགས་དབང་ཕྱུག་དོར་ཡོད་ཞོགས་པ་སྟོན་ཀའི ་སྤྲིན་གྱིས་འོད་ཟེར་མདོག་ལྟ་བུ་དཀར་པོ་རལ་པའི་ཅོད་པན་དང་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། མཆོད་ཕྱིར་ཐོགས་དཀར་པོས་བརྒྱན་པ། ཞི་བའི་ཚུལ་ཅན་ཞི་བའི་རྒྱན་དང་ལྡན་པ། ཕྱག་བཅུ་གཉིས་པ་འོད་ཟེར་འབར་བ། དེ་ལ ་ཕྱག་གཡས་ཀྱི་དང་པོ་མཆོག་སྦྱིན་གཉིས་པ་སངས་རྒྱས་ལ་ཕྱག་འཚལ་བའི་ཚུལ་དང་། མཛོད་འདྲེན་པ། གསུམ་པ་ནོར་བུའི་ཕྲེང་བ་དཀར་པོའོ།། བཞི་པ་ན་མདའ། ལྔ་པ་ན་མེའི་དཀྱིལ་འཁོར།། དྲུག་པ་ན་རིན་པོ་ཆེ་སྣ་ཚོགས་པའི ་ཁྲི་ཤིང་ངོ་།། ཕྱག་གཡོན་གྱི་དང་པོ་ན་པདྨ་དམར་པོ། གཉིས་པ་ན་རི་རབ། གསུམ་པ་ན་དབྱུ་གུ་རྩེ་གསུམ། བཞི་པ་ན་གཞུ། ལྔ་པ་ན་གསེར་གྱི་རིལ་པ་སྤྱི་བླུགས། དྲུག་པ་ན་དོན་ཡོད་པའི་འབྲས་བུ་བཅིངས་པའི་ཞགས་པ ་བསྣམས་པ། རིན་པོ་ཆེའི་རིའི་ཕུག་ན་སྣ་ཚོགས་པའི་པདྨ་དང་ཟླ་བ་ལ་མཉམ་པའི་ཞབས་ཀྱིས་བཞུགས་པའི་བདག་གིས་ཉིད་མངོན་པར་སྤྲུལ་པའོ།། ཡང་ན་ཕྱག་བཅུ་པའོ།། དེ་ལ་ཕྱག་གཡས་པ་ན་མཆོག་སྦྱིན་དང་། རྩེ ་གསུམ་དང་། ནོར་བུའི་ཕྲེང་བ་དང་། མ་དའ་དང་། ལྕགས་ཀྱུའོ་གཡོན་ན་པདྨ་དམར་པོ་དང་། རི་རབ་དང་། གསེར་གྱི་རིལ་པ་སྤྱི་བླུགས་དང་། ཞགས་པ་དང་། གཞུ་བསྣམས་པའོ།། ཡང་ན་ཕྱག་དྲུག་པའོ།། གཡས་ན ་མཆོག་སྦྱིན་དང་། རྩེ་གསུམ་དང་། ནོར་བུའི་ཕྲེང་བའོ།། གཡོན་ན་པདྨ་དམར་པོ་དང་། ཞགས་པ་དང་། རིལ་པ་སྤྱི་བླུགས་བསྣམས་པའོ།། ཡང་ན་ཕྱག་བཞི་པ་བསྒོམ་པར་འདོད་ན་གཡས་པོ་མཆོག་སྦྱིན་དང་། ཞགས ་པའོ།། ག་ཡོན་ན་པདྨ་དང་དབྱུག་གུ་རྩེ་གསུམ་བསྣམས་པའི་བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའོ།། ཇི་ལྟར་ཕྱག་བཅུ་གཉིས་པ་བསྒོམ་པ་དེ་བཞིན་ས་ག་སཿ9། དེ་བཞིན་དུ་ཕྱག་བཞི་པའོ།། བཞི་པོ་རྣམས་ཀྱིས་འཁོར ་དང་བཅས་པའོ།། དེ་ལ་མདུན་དུ་པདྨ་དང་ཟླ་བ་ལ་ཧི་ཡིག་དམར་པོ་ལས་ལྕགས་ཀྱུ་དེ་ཡོངསུ་གྱུར་པ་ལས་དོན་ཡོད་ལྕགས་ཀྱུ་ཞེས་པ་སྐྱ་རེངས་གསར་པའི་མདོག་ལྟ་བུར་རལ་པའི་ཅོད་པན་དང་ལྡན་པ། རྒྱན་དམར་པོ་ཅན། རྒྱུ་ནག་གི ་གོས་ཀྱི་བླ་གེསུ་བྱས་པ་ཕྱག་བཞི་པ་སྟེ། གཡས་པ་དག་ན་ལྕགས་ཀྱུ་དང་རྡོ་རྗེའོ།། གཡོན་པ་དག་ན་ཞགས་པ་དང་། པདྨ་བསྐམས་པའོ།། གཡས་ཕྱོགས་ན་པདྨ་དང་ཉི་མ་ལ་བཅོད་ཀྱི་ཁ་དྲུག་ལྟ་བུའི་ཧཱུཾ ་ཡིག་ལས་སྐྱེས་ཤིང་པདྨས་མཚན་པའི་དབྱུག་པ་དམ་པོ་སྐྱེས་པའི་རྟ་མགྲིན་བསྐལ་པའི་མེ་དང་ཉི་མ་འབར་བ་ལྟ་བུའོ།། སྨ་དམར་སེར་འབ་ཤི་སྨྲས་པ། སྨིན་མ་འཁྱིག་ཅིང་ཁྲོ་གའི་ར་བསྡུས་ཤིང་ཞལ་འཇིགས་ཤིང ་ཧཱུཾ་ཞེས་སྒེག་པ་སྤྱན་གསུམ་འབར་བའི་སྒྲ་གཅན་ཧ་དང་སྒྲ་སྒྲོགས་པ་དབུ་ཡི་སྟེང་དུ་རྟ་ལྗང་གུའི་ཞལ་བྱས་པ། སྐས་སྐལ་གྱི་རྒྱན་གྱིས་བརྒྱན་པ་ཁྲུ་ལུས་པ་ཆེ་བ། ཕྱག་བཞི་དབྱིག་པས་རྒྱན་པ། གཡས་པ་དག་ན་དུ་བྱུག ་པ་འཕྱར་བ་དང་། རྡོ་རྗེ་བསྣམས་པ། གཡོན་པ་དག་ན་སྡིགས་མཛུབ་དང་། པདྨ་བསྣམས་པ། སྟག་གི་ལྤགས་པའི་མ་ཐབས་ཅན་ནོ།། རྒྱབ་ཏུ་ཆུ་སྐྱེས་ཡིས་སྔོན་པོ་དེ་ལས་རལ་གྲི། དེ་ལས་སྐྱེས་པའི་ལྷ་མོ་རལ་པ་གཅིག་མ། ་རལྔ་པ་དམར་སེར་ཅིག་ཏུ་འཁྱིལ་པ། ཁྲོ་མོའི་རྣམ་པ་ཅན། གླང་པོ་ཆེའི་ལྤགས་པའི་སྟོང་གཡོགས་ཅན། སྟག་གི་སྔགས་པའི་ཤམ་ཐབས་ཅནྟེ། སྦྲུལ་གྱི་རྒྱན་གྱི་ལ་བརྒྱན་པ། སྤྱན་གསུམ་པ། འཛམ་པ་ནཱ་དའི་དཔལ་འཛིན་ཙང་ཕྱུག ་བཞི་དང་། གཡས་པ་དག་ན་རལ་གྲི་དང་། གྲི་གུག་དང་། གཡོན་པ་ན་ཨུཏྤ་ལ་དང་། ཐོད་པ་བསྣམས་པའོ།། གཡོན་ཕྱོགས་ན་ཆུ་སྐྱེས་དང་ཟླ་བའི་སྟེང་དུ་ཊ་ཡིག་སེར་པོ་ལས་ཆུ་སྐྱེས། དེ་ཡོངསུ་གྱུར་པ་ལས་ཁྲི་གཉེར་ཅན་རལ་པའི་ཅོད ་ཐོར་ཚུགས་ཅན་གཞོན་ནུ་དར་ལ་བབ་པ་མཛེས་ཤིང་སྐུ་མདོག་སེར་མོ།། དར་དཀར་པོའི་ན་བཟའ་སྐུ་ལ་གསོལ་བ། ལྷའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་དག་ན་པདྨ་དང་། ཕྲེང་བ་བསྣམས་པ། གཡོན་པ་དག་ན་དབྱུག་གུ་དང་། རིལ ་པ་སྤྱི་བླུགས་བསྣམས་པར་བསམ་པར་བྱའོ།། དེ་ནས་སིང་གར་ཟླ་བ་དང་པདྨའི་ས་བོན་ལས་འོད་ཟེར་གྱི་དྲ་བ་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་གདན་དྲངས་ནས། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ ་བས་ཕྱག་རྒྱ་དང་སྡིགས་ཀྱིས་གཞུག་པ་དང་། བཅིངས་པས་ཡང་དག་པར་མཉེས་ཤིང་ལུས་ལ་སོགས་པ་བྱིན་གྱིས་བརླབས་ནས། འོད་དཔག་ཏུ་མེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བལྟ ་བར་བྱའོ།། དབང་བསྐུར་བ་ནི་ཞེས་པ་ལ་སོགས་པས་དེས་སྤྲོས་ནས་གོས་དཀར་མོ་ལ་སོགས་པ་རིག་མའི་ཚོགས་རྣམས་ཀྱིས་ཡལ་ག་དང་བཅས་པའི་བུམ་པ་འཛིན་པས་དབང་བསྐུར་བའི་ཚིགསུ་བཅད་པ་བརྗོད་ཅིང་དབང ་བསྐུར་བར་བསྒོམ་པར་བྱ་ཞིང་རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་བསམ་པར་བྱའོ།། བདུད་རྩིས་མཆོད་པར་ཅིང་རོ་མྱོང་བར་འགྱུར། སྙིང་གར་ཟླ་བའི་འོད་ཟེར་གྱི་སྒོ་ནས་འཐེན་ཏེ་སྣ་ཚོགས་པའི་སྐུ་གཟུགས་འཕྲོས་ནས ་འགྲོ་བ་རྣམས་ཀྱི་བསམ་པ་ཇི་ལྟོ་བའི་མངོན་པར་འདོད་པའི་འབྲས་བུ་རྫོགས་པར་བྱས་ནས་ཆོ་ག་འདིས་སྔགས་བཟླས་པར་བྱའོ།། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ནོར་བུ་བཞིན་དུ་ཁ་ནས་ཐོན་ནས་ལྟེ་བར་འཇུག་ཅིང་ཡི་གེའི་ཕྲེང་བར ་བསམ་པར་བྱའོ།། སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཤྲཱི་ཏྲཻ་ལོཀྱ་བ་ཤཾ་ཀ་རཨཱརྱ་བྷུཧྨ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཇིག ་