CLOSE WINDOW

GT2256: pad+ma'i phyag gi gzungs
Wyliee-texts produced with BDRC’s OCR application

ཀྲ་མཨཱརྱཱ་ལོ་ཀླེ་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྱུ་མུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐུབས། འཕགས་པ་སྨནྟ་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ་སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས་ན་མཁར་ར་ཡིག་ལས་གྱུར་པའི་ཉི་མཱ། དེའི་སྟེང་དུ་ཧཱུཾ་ཡིག་ལྔས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེ་ཡོངསུ་གྱུར་པ་ལས་རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་བསྒོམ་པར་བྱའོ།། དེའི་དབུས ་སུ་མི་བཟང་པའི་དུར་ཁྲོད།། ཡང་དེའི་དབུསུ་པདྨ་དམར་པོ་འདབ་མ་བརྒྱད་པའོ།། ཡང་དེའི་དབུས་སུ་ཧཱུཾ་ཡིག་སྔོན་པོ་ལས་བྱུང་བའི་བཅོམ་ལྡན་འདིས་འཕགས་པ་སྤྱན་རས་གཟིགས་དབ་ཕྱུག་སྒྲ་མདོག་ནག་པོ་ཉི་མའི་དཀྱིལ་འཁོར་ལ ་གཡོན་བརྐྱང་གིས་བཞུགས་པ། ཞལ་ལྔ་པ། སྦྱིན་གསུམ་པ། ཕྱག་བཅུ་གཉིས་པའོ།། དཀར་པོ་དང་དམར་པ་ནི་གཡས་ཀྱི་ཞལ་གཉིས་སོ།། དེ་བཞིན་དུ་སེར་པོ་དང་། ལྗང་གུ་དག་ནི་གཡོན་གྱི་ཞལ་གཉིས་སོ།། གཡས་ཀྱི་ཕྱག་རྣམས་ཀྱི་ཕྱག ་ཌཱ་མ་རུ་དང་། ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། ཞག་སོ་དང་། རྡོ་རྗེ་དང་། མདའ་བསྣམས་པ། གཡོན་གྱི་ཕྱག་རྣམས་ཀྱིས་སྡིགས་མཛུབ་དང་། ཐོད་པ་དང་། པདྨ་དམར་པོ་དང་། ནོར་བུ་དང་། འཁོར་ལོ་དང་། གཞུ་རྣམས་བསྣམས་པ། ཞལ་ཐམས་ཅད ་མེཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་དང་ལྡན་པ། མགོ་བོ་རློན་པའི་ཕྲེང་བས་སྐུ་ལ་བརྒྱན་པ། གཅེར་བུ་ཡན་ལག་ཐམས་ཅད་མཛེས་པའི་བདག་ཉིད་དུ་སྐད་ཅིག་གིས་བརྟགས་ལ། སྙིང་གར་ཟླ་བའི་དབུས་སུ་ཧྲིཿཡིག་ལ་བསྐོར་བའི་ཨོཾ་ཨཱ ་ཧཱུཾ། ཨི་ཏི་མུ་ནི་པ་ར་བཛྲེ་ཧཱི་ཧཱུཾ་ཛཿཞེས་པའི་སྔགས་ཀྱིས་ཕྲེང་བའི་རྣམ་པར་བཟླས་པར་བྱའོ།། འབུམ་བཟླས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ།། སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དཔ ་ཕྱུག་གི་སྒྲུབ་ཐབས་སོ།། ། ན་མཿཨཱརྱ་བ་ལོ་ཀོ་ཏེ་ཤྭ་རཱ་ཡ་བོ་དྷི་སདྲ་ཡ། མ་ཧཱ་སཏྲ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨཽ་ཙི་ལ་ཙ་ལ། ཙཽ་ལ་ཙ་ལི། ཙུ་ལུ་ཙུ་ལུ། ཧཱུ་ལུ་ཧཱུ་ལུ། མུ་ལུ་མུ་ལུ། ཧཱུཾ་ཧཱུཾ ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། པདྨ་ཧཱ་དེ་སྭཱ་ཧཱ། ཉི་མ་རེ་རེ་ཞིང་ལན་ལྔར་ཐུན་མཚམས་གསུམ་དུ་བཟླས་པར་བྱའོ།། བོང་བུ་ཡིན་ཡང་གཞུང་སུམ་བརྒྱ་འཛིན་པར་འགྱུར་རོ།། པདྨའི་ཕྱག་གི་གཟུངས་སོ།། ན་མཿཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་རཱ་ལ་བོ་དྷ ་སཱདྡྷི་ཡ། མ་ཧཱ་སཱཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། ཏདྷྱ་ཐཱ། ཨཱ~ཾ་དྷཱ་ར་ཎི་དྷཱ་རཱ་དྷ་རརེ་བྷུ་ཏྟེ་སྭཱ་ཧཱ། ཟླ་བ་གཟས་བཟུང་བའི་དུས་སཾ་ཡང་ན་ཉི་མ་གཟས་བཟུང་བའི་ཆེ་བའི་རྣམ་པ་ལྔས་ཁྲུས་བྱས་ཏེ། བརྒྱ་རྩ་བརྒྱད་བཟླས་ནས་སྲན་མ། འཁར་བཅུག་ནས་ཛ ་སྲིང་མ་གྲོལ་གྱི་བར་དུ་དེ་སྲིད་ཏུ་བཟླས་པར་བྱའོ།། འཇིག་རྟེན་མགོན་པོའི་བྲིས་སྐུ་མདུན་དུ་བྱས་ནས་མར་གྱོ་མུར་མེ་རབ་ཏུ་སྦར་ཏེ། ཙན་དན་དང་ལ་ལྷུང་བའི་ལྕི་བས་མཎྜལ་བྱས་ནས་སྤྱོད་ལམ་གཙང་མ་དང་བཅས་པས་སྒྲུབ་པ་པོས་བྱང ་ཕྱོགས་ཀྱི་སྒོར་གནས་ནས་རང་གི་ཟླ་བ་དང་ཉི་མོ་བལྟ་བར་མི་བྱའོ།། སྔོན་དུ་བསྙེན་པོ་ཁྲི་བཟླསོ་ནས།། ཚངས་པར་སྤྱོད་པས་བསྒྲུབ་པར་བྱ།། མ་ཐོས་པའི་བསྟན་བཅོས་ཀྱང་།། རིག་ཅིང་ལོངས་སྤྱོད་ནུས་པར་འགྱུར།། ཐོས་པ་རྣམས་ནི་མི ་